མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
མགོ་ཁྲིད་དྲ་ངོས།
 

མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གི་མགོ་ཁྲིད་ངོ་སྤྲོད་མདོར་བསྡུས།

ཡོང་ཁུངས།:མཚོ་ནུབ་སྲིད་གཞུང་དྲ་བ།  སྤེལ་དུས།:2015-09-14  རྩོམ་པ་པོ།:པད་མ་རིག་འཛིན།  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:

ཁུལ་དཔོན། ནའོ་བའེ་ཞིན།  སོག་རིགས། 2006.02--2010.11ལོའི་བར་དུ་མཚོ་ནུབ་ཁུལ་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གྱི་འགན་བཞེས།  2013ལོའི་ཟླ་12ནས་ད་སྔའི་བར་དུ་མཚོ་ནུབ་མཚོ་ནུབ་ཁུལ་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་ནམ་ཚྭ་འདམ་འཁོར་རྒྱུག་དཔལ་འབྱོར་ཚོད་ལྟའི་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྱི་འགན་བཞེས་ཏེ་ཁུལ་མི་དམངས་སྲིད་གཞུང་གི་བྱ་བ་ཡོངས་དང་། ཞིབ་དཔྱོད་དང་རྩིས་ཞིབ་ཀྱི་འགན་ཁུར་ཡོད་པ་རེད།  

ཁུལ་དཔོན་གཞོན་པ།   ཝང་ལིན་ཧའོ།    རྒྱ་རིགས།   2015ལོའི་ཟླ8པར་མཚོ་ནུབ་ཁུལ་ཏང་ཨུའི་རྒྱུན་ཨུའམ་ཁུལ་མི་དམངས་སྲིད་གཞུང་གི་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་དང་ཁུལ་དཔོན་གཞོན་པ།  ཚྭ་འདམ་འཁོར་རྒྱུག་དཔལ་འབྱོར་ཚོད་ལྟའི་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པའི་འགན་བཞེས་ཏེ་གཙོ་བོར་ཁུལ་མི་དམངས་སྲིད་གཞུང་གི་རྒྱུན་ལས་བྱ་བ་དང་ནོར་སྲིད།  དཔྱ་ཁྲལ།   དངུལ་རྩ།  རྒྱལ་སའི་ཐོན་ཁུངས། སྲིད་དོན་སྤྱི་སྒྲོག་བཅས་ཀྱི་བྱ་བའི་འགན་ཁུར་ཞོར་ཁུལ་དཔོན་གྱི་ཞིབ་དཔྱོད་དང་རྩིས་ཞིབ་བྱ་བར་རོགས་འདེགས་མཛད་ཀྱིན་ཡོད།  

ཁུལ་དཔོན་གཞོན་པ།   ཝང་ཅིན་ཀྲའེ།    ཧའེ་རིགས།  2011ལོའི་ཟླ10བ་ནས་ད་སྔའི་བར་དུ་མཚོ་ནུབ་ཁུལ་ཏང་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པའི་འགན་བཞེས་ཏེ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་།  རིག་གནས་ལུས་རྩལ།  རྒྱང་སྒྲོག་བརྙན་འཕྲིན། ལྗོངས་རྒྱུའི་འཕེལ་རྒྱས་བཅས་ཀྱི་བྱ་བར་འགན་ཁུར་ཡོད་པ་རེད།  

ཁུལ་དཔོན་གཞོན་པ།  ཁྲིན་ཝེ། རྒྱ་རིགས།  2013ལོའི་ཟླ7པ་ནས་ད་སྔའི་བར་དུ་ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པའི་འགན་བཞེས་ཏེ༼མཚོ་སྔོན་རོགས་སྐྱོར༽ཚན་རྩལ་དཔལ་འབྱོར་མཐུན་སྦྱོར་དང་ཁ་གཏད་རོགས་སྐྱོར་སོགས་ཕྱོགས་ཀྱི་བྱ་བར་འགན་ཁུར་ཡོད།  

ཁུལ་དཔོན་གཞོན་པ།  མིན་ཧའེ།  སོག་རིགས།   2011ལོའི་ཟླ10བ་ནས་ད་སྔའི་བར་དུ་མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པའི་འགན་བཞེས་ཏེ་མཁར་གྲོང་གཅིག་གྱུར་འཆར་འགོད་དང་ཆུ་བེད།  ཞིང་ཕྱུགས།  ཚོང་དོན།  སྐྱེ་ཁམས་ནགས་ལས། དབུལ་སྐྱོར་གསར་སྤེལ་སོགས་ཕྱོགས་ཀྱི་བྱ་བར་འགན་ཁུར་ཡོད།  

ཁུལ་དཔོན་གཞོན་པ།  ཀླུ་ཁོ་རྒྱལ།  བོད་རིགས།  2011ལོའི་ཟླ10བ་ནས་བཟུང་ད་སྔའི་བར་དུ་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པའི་འགན་བཞེས་ཏེ་སློབ་གསོའི་འཕེལ་རྒྱས་དང་མི་རིགས་ཆོས་ལུགས།  འཕྲོད་བསྟེན་དང་འཆར་སྐྱེས།  ཟས་རིགས་སྨན་རྫས་ལྟ་རྟོག  མི་རིགས་སྐད་ཡིག་ལས་དོན་སོགས་ཕྱོགས་ལ་འགན་ཁུར་ཡོད།  

ཁུལ་དཔོན་གཞོན་པ།  ཏེན་ཀྲོང་པའོ།  རྒྱ་རིགས། 2013ལོའི་ཟླ9བ་ནས་ད་སྔའི་བར་དུ་མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་དང་རྒྱལ་དབང་རྒྱུ་དངོས་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྱི་འགན་བཞེས་ཏེ།  འཕེལ་རྒྱས་བཅོས་བསྒྱུར་དང་བཟོ་ལས་དཔལ་འབྱོར།  རྒྱལ་དབང་རྒྱུ་དངོས་ལྟ་རྟོག  ཁེ་ལས་བཅོས་བསྒྱུར།  བསྡོམས་རྩིས་བརྟག་དཔྱད།  བདེ་འཇགས་ལྟ་རྟོག  ཁེ་འདྲེན་མ་འགུག  འབྲུ་རིགས། ཚྭ་རིགས་ལས་དོན་སོགས་ཕྱོགས་ཀྱི་བྱ་བར་འགན་ཁུར་ཡོད།  

ཁུལ་དཔོན་གཞོན་པ།    དབྱང་ཧུང་བའོ།  རྒྱ་རིགས། 2014ལོའི་ཟླ5བ་ནས་བཟུང་ད་སྔའི་བར་དུ་མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་དང་ཁུལ་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ།  ཁུལ་སྣ་འཛོམས་བཅོས་སྐྱོང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ།  ཁུལ་སྤྱི་བདེ་ཅུའི་ཏང་ཨུའི་ཧྲུའུ་ཅིའམ་ཅུའུ་ཀྲང་། ལྟ་རྟོག་དཔོན།  ཁུལ་སྤྱི་ཚོགས་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་བཅས་ཀྱི་འགན་བཞེས་ཏེ་སྤྱི་བདེ་དང་དམངས་སྲིད།  ཁྲིམས་འཛིན་བཅས་ཕྱོགས་ཀྱི་བྱ་བར་འགན་ཁུར་ཡོད།

ཁུལ་དཔོན་གཞོན་པ།  ལང་ཡན་གའོ།   2014ལོའི་ཟླ7པ་ནས་ད་སྔའི་བར་དུ་མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པའི་འགན་བཞེས་ཏེ།  རྒྱལ་སའི་ཐོན་ཁུངས་དང་ཁོར་ཡུག་སྲུང་སྐྱོང་།  སྡོད་ཁང་དང་མཁར་ཤང་འཛུགས་སྐྲུན།  འགྲིམ་འགྲུལ་སྐྱེལ་འདྲེན་བཅས་ཕྱོགས་ཀྱི་བྱ་བར་འགན་ཁུར་ཡོད།  

ཁུལ་དཔོན་གཞོན་པ།  ཝང་ཀྲི་ཆང་།   རྒྱ་རིགས།  2015ལོའི་ཟླ་བརྒྱད་པར་མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གི་མཚོ་སྔོན་རོགས་སྐྱོར་ཁུལ་དཔོན་གཞོན་པའི་འགན་བཞེས་ཡོད།  ད་སྔ་ལས་བགོས་མེད།  

ཁུལ་དཔོན་ལག་རོགས་པ།   ཧྲི་ཙོ་ཐིན།   ཕོ།    རྒྱ་རིགས།     2010ལོར་མཚོ་ནུབ་ཁུལ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དུ་རོགས་སྐྱོར་མཛད་དུ་ཡོང་བ་ཡིན།  ཁུལ་གཙོར་རོགས་འདེགས་སྒོས་ཁུལ་ཡོངས་ཀྱི་ལས་གཞི་གཙོ་བོ་རྒྱལ་ཁབ་དང་ཞིང་ཆེན་དུ་ཆོག་མཆན་ལེན་པར་ཞུ་སྤྲོད་བྱེད་པ་དང་མ་དངུལ་བརྩོན་ལེན་དོན་འཁྱོལ་བྱེད་པར་རོགས་སྒྲུབ་བྱེད་པའི་འགན་ཁུར་ཡོད།  

དྲུང་ཡིག་ཆེན་མོ།   ཅའོ་ཧྲིན་ཀྲང་།   རྒྱ་རིགས། 2011ལོའི་ཟླ11པ་ནས་ད་སྔའི་བར་དུ་མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་དང་གཞུང་སྒྲུབ་ཁང་གི་ཏང་ཙུའི་ཧྲུའུ་ཅིའམ་ཀྲུང་རིན་གྱི་འགན་བཞེས་ཏེ་ཁུལ་སྲིད་གཞུང་གི་ནམ་རྒྱུན་གྱི་བྱ་བ་ཐག་གཅོད་དང་གཞུང་སྒྲུབ་ཁང་གི་བྱ་བར་འགོ་ཁྲིད་མཛད་ཀྱིན་ཡོད།  

                                                       པད་མ་རིག་འཛིན་གྱིས་བསྒྱུར།

གོང་མ།:མཚོ་ནུབ་ཁུལ་ཏང་ཨུའི་མགོ་ཁྲིད་ངོ་སྤྲོད་མདོར་བསྡུས།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235