མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

རྒྱལ་ཡོངས་སྲིད་གྲོས་ཀྱིས་པེ་ཅིན་ནས་མཛའ་གཙང་གི་སྲིད་ཚོང་འབྲེལ་བ་གསར་བ་གསར་སྐྲུན་བྱས་ཏེ་དམངས་གཉེར་དཔལ་འབྱོར་བརྟན་འཇགས་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཞེས་པའི་ཆེད་དོན་བཞུགས་མོལ་ཚོགས་འདུ་བསྡུས།

ཡོང་ཁུངས།:ཞིན་ཧྭ་གསར་འགྱུར་དྲ་བ།  སྤེལ་དུས།:2017-08-22  རྩོམ་པ་པོ།:ཞིན་ཧྭ་གསར་འགྱུར་དྲ་བ།  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:

ཟླ་བདུན་པའི་ཚེས་བཅོ་བརྒྱད་ཉིན།རྒྱལ་ཡོངས་སྲིད་གྲོས་ཀྱིས་པེ་ཅིན་ནས་མཛའ་གཙང་གི་སྲིད་ཚོང་འབྲེལ་བ་གསར་བ་གསར་སྐྲུན་བྱས་ཏེ།དམངས་གཉེར་དཔལ་འབྱོར་བརྟན་འཇགས་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཞེས་པའི་ཆེད་དོན་བཞུགས་མོལ་ཚོགས་འདུ་བསྡུས།རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་བཞུགས་མོལ་ཚོགས་འདུར་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད།རྒྱལ་སྲིད་ཨུ་ཡོན་ཝང་ཡུང་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད།

ཚོགས་ཐོག་ཏུ་ཨུ་ཡོན་དང་ཆེད་མཁས་པ། ཁེ་ལས་པའི་འཐུས་མི།ས་གནས་ཀྱི་འཐུས་མི་སོ་གཅིག་གིས་གཏམ་བཤད། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཀྲང་ཡུང་དང་བཟོ་ཚོང་ཆ་འཕྲིན་པུའུ་ཡི་སྤྱིའི་བཟོ་བཀོད་པ་ཀྲང་ཧྥུན་གཉིས་ཀྱིས་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་བྱས།

ཚོགས་ཐོག་ཏུ་ཨུ་ཡོན་རྣམས་ཀྱིས་དམངས་གཉེར་ཁེ་ལས་ལ་འདྲ་མཉམ་སྒོས་ཆོག་མཆན་འགོད་པའི་གནད་དོན་ཐག་གཅོད་བཟང་བོ་བྱས་ཏེ།ཐོན་དབང་སྲུང་སྐྱོབ་ལ་ཤུགས་སྣོན་པ་དང་སྲིད་འཛིན་གྱིས་ཞིབ་བཤེར་ཆོག་མཆན་འགོད་པ་ཇེ་ཉུང་དུ་གཏོང་དགོས་ལ།ཁེ་ལས་ཀྱི་ཁུར་བོ་ཇེ་ཡང་དུ་གཏོང་དགོས་པར་མ་ཟད་གྲོན་དངུལ་གང་འདོད་དུ་བསྡུ་བའི་གནད་དོན་ཐག་གཅོད་དགོས།མངོན་གསལ་སྒོས་མུ་མཐུད་དུ་རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་དར་སྤེལ་བྱས་ནས་གླེང་ཕྱོགས་ཁོར་ཡུག་བཟང་བོ་གསར་སྐྲུན་བྱེད་དགོས་པའི་གྲོས་གཞི་བཏོན།

ཝང་ཡུང་གིས་ཨུ་ཡོན་རྣམས་ཀྱི་གཏམ་བཤད་ལ་ནན་ཏན་སྒོས་ཉན་རྗེས་བཤད་རྒྱུར།རྒྱལ་ཡོངས་སྲིད་གྲོས་ཀྱིས་ཐེངས་འདིའི་ཆེད་དོན་བཞུགས་མོལ་ཚོགས་འདུ་བསྡུས་པ་དེས་རིམ་པ་སོ་སོའི་སྲིད་གཞུང་གིས་ཧུར་ཐག་སྒོས་རྣམ་པ་གསར་བའི་སྲིད་ཚོང་འབྲེལ་བ་གསར་སྐྲུན་བྱེད་པ་དང་དམངས་གཉེར་དཔལ་འབྱོར་བརྟན་འཇགས་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་འདོན་ངེས་ཡིན་ཟེར།

གོང་མ།:རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་པཱ་ཐེར་གྱིས་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལས་ཁུངས་ཀྱི་མཉམ་འབྲེལ་རྟོག་ཞིབ་ཚན་ཆུང་ཁྲིད་དེ་མཚོ་སྔོན་ལ་རྟོག་ཞིབ་བྱས།

ཞོལ་མ།:ཀྲེ་ཅང་ཞིང་ཆེན་གྱི་རྒྱ་གྲམ་དམར་པོ་ཚོགས་པས་རང་ཁུལ་གྱི་སྤྱི་ཕན་རྣམ་གྲངས་ལ་རོགས་སྐྱོར་ཞལ་འདེབས་སྒོར་འབུམ་གཉིས་ཕུལ།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235