མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་པཱ་ཐེར་གྱིས་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལས་ཁུངས་ཀྱི་མཉམ་འབྲེལ་རྟོག་ཞིབ་ཚན་ཆུང་ཁྲིད་དེ་མཚོ་སྔོན་ལ་རྟོག་ཞིབ་བྱས།

ཡོང་ཁུངས།:མཚོ་སྔོན་གསར་འགྱུར་དྲ་བ།  སྤེལ་དུས།:2017-08-22  རྩོམ་པ་པོ།:མཚོ་སྔོན་གསར་འགྱུར་དྲ་བ།  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:

    ཟླ་བདུན་པའི་ཚེས་བཅུ་གཉིས་ཉིན་ནས་ཚེས་བཅོ་བརྒྱད་ཉིན་བར།རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་པཱ་ཐེར་གྱིས་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལས་ཁུངས་ཀྱི་མཉམ་འབྲེལ་རྟོག་ཞིབ་ཚན་ཆུང་ཁྲིད་དེ་མཚོ་སྔོན་དུ་ཡོང་ནས།ཀྲུང་དབྱང་མི་རིགས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་བྱེད་པ་དང་།རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལམ་ལུགས་ཀྱི་འབྲེལ་འདྲིས་དང་མཐུན་སྦྱོར་ནུས་པ་སྔར་ལས་འདོན་སྤེལ་བཟང་བོ་བྱེད་པ།ཨུ་ཡོན་ལས་ཁུངས་དང་ས་གནས་མི་རིགས་བྱ་བའི་སྡེ་ཁག་བར་གྱི་བརྗེ་རེས་འབྲེལ་འདྲིས་སྟེགས་བུ་བཙུགས་ཏེ།མི་རིགས་ས་ཁུལ་ལ་དོན་དངོས་བསྒྲུབ་པ་དང་དཀའ་གནད་ཐག་གཅོད་པའི་ཐད་ནས་རྟོག་ཞིབ་བྱས།རྟོག་ཞིབ་ཚན་ཆུང་དེ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་དང་དམངས་སྲིད་པུའུ།རྒྱལ་ཁོངས་ཐོན་ཁུངས་པུའུ། རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེ་ཨུ་ཡོན་ལྷན་ཁང་།རྒྱལ་ཁབ་གནས་སྐོར་ཅུའུ་སོགས་ཨུ་ཡོན་ལས་ཁུངས་ཀྱི་འབྲེལ་ཡོད་འགན་ཁུར་བློ་མཐུན་གྱིས་གྲུབ་པ་དང་།ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་དུ་སྡོད་པའི་སྒྲིག་ཁྲིམས་ཞིབ་བཤེར་ཚན་ཆུང་གི་ཚན་གཙོ་ཀྲིག་ཞའོ་དབྱིན་རྟོག་ཞིབ་ལ་ཞུགས།

མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ།ཧྲིན་ཀྲང་ཝང་ཅན་ཅུན་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན།འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མགོན་པོ་བཀྲ་ཤིས།ཧྲིན་ཀྲང་གཞོན་པ་ཡཱང་ཧྥིན་ཁྲུན་བཅས་ཀྱིས་མཉམ་དུ་རྟོག་ཞིབ་བྱས།

རྟོག་ཞིབ་བྱེད་སྐབས། རྟོག་ཞིབ་ཚན་ཆུང་སྔ་གཞུག་ཏུ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧི་ནན་སོག་རིགས་རང་སྐྱོང་རྫོང་དང་ཐུན་རིན་རྫོང་།མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧེ་ཡན་རྫོང་།མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་བཅས་ཀྱི་ཞིང་སྡེ་དང་ཁེ་ལས།སྨན་ཁང་། དབུལ་སྐྱོར་ར་བའི་ཁུལ་དུ་སོང་ནས།ཞིང་ཕྱུགས་ལས་ཐོན་ལས་འཕེལ་རྒྱས་དང་ཁྱད་ཆོས་གྲོང་སྡེ་འཛུགས་སྐྲུན།མི་རིགས་རིག་གནས་ལས་དོན་དང་དམངས་ཚིས་ཞབས་ཞུའི་སྒེའུ་ཁུང་བཅས་ལ་རྟོག་ཞིབ་བྱས་པ་མ་ཟད།གྲངས་ཉུང་མི་རིགས་ཀྱི་མང་ཚོགས་ལ་འཚམས་འདྲི་བྱས་པ་དང་།གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་དང་གླེང་མོལ་བྱས་ཏེ།ཡུལ་དངོས་ནས་མི་རིགས་ས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གནས་ཚུལ་དང་དེའི་ཐད་གནས་པའི་གནད་དོན་དང་དཀའ་ངལ་ལ་རྒྱུས་ལོན་བྱས།བཞུགས་མོལ་ཚོགས་འདུ་བསྡུས་ནས་ཕྱོགས་སོ་སོའི་བསམ་འཆར་དང་གྲོས་གཞི་ལ་ཉན་པ་མ་ཟད།གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་འཕེལ་རྒྱས་སུ་གཏོང་བའི་ཐད་ཀྱི་ཐག་གཅོད་དགོས་པའི་གནད་དོན་ཐད་ནས་ས་གནས་ཀྱི་སྡེ་ཁག་སོ་སོའི་བར་བསམ་བློ་བརྗེ་རེས་དང་བྱ་བ་སྦྲེལ་མཐུད་བཟང་བོ་བྱས་པ་དང་།མཚོ་སྔོན་གྱི་མི་རིགས་ས་ཁུལ་གྱིས་མགྱོགས་མྱུར་སྒོས་འབྱོར་འབྲིང་སྤྱི་ཚོགས་ཡོངས་འགྲུབ་བྱེད་པར་སྐུལ་འདེད་གཏོང་བའི་བསམ་འཆར་བཏོན།

པཱ་ཐེར་གྱིས་མཚོ་སྔོན་ཞིང་ཆེན་གྱི་མི་རིགས་བྱ་བར་ཁས་ལེན་གང་ལེགས་བྱས།ཁོས་བསྟན་དོན། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མི་རིགས་བྱ་བར་ཧ་ཅང་མཐོང་ཆེན་བྱེད་པ་དང་།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏན་ཏན་ཏིག་ཏིག་བཞིའི་རེ་བ་གལ་ཆེན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ།མི་གྲངས་ཀྱི་ཞིང་ཆེན་ཆུང་བ་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཞིང་ཆེན་ཆེན་པོ་རུ་བསྒྱུར་བའི་འཐབ་ཇུས་བཀོད་སྒྲིག་བཏོན་ནས།ཏང་ཨུས་གསར་འཛུགས་བྱ་བའི་འགན་གཅིག་ལྕོགས་ཀྱིས་ཁུར་བ་དང་།དངོས་པོ་དང་བསམ་པའི་སྟོབས་ཤུགས་གཉིས་ཀ་སྤྱད་དེ་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ།སྐྱེ་ཁམས་དཔལ་ཡོན་གྱིས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པ།ནོར་སྲིད་ཆུང་བས་དམངས་ཚིས་ཆེན་པོ་བསྒྲུབ་པར་རྒྱུན་འཁྱོངས་བྱེད་པ།མི་རིགས་ས་ཁུལ་གྱི་དཔལ་འབྱོར་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་གཏོང་དགོས་པ་དང་།མི་རིགས་སོ་སོའི་མང་ཚོགས་ཀྱི་ཐོབ་ཚོར་མཐོར་འདེགས་བྱེད་པ་སོགས་ཀྱི་བྱེད་ཐབས་ཐད་ནས་དཔེ་མཚོན་རང་བཞིན་དང་འཐུས་ཚབ་རང་བཞིན་ལྡན་པས།སྤྱི་བསྡོམས་དང་ཁྱབ་གདལ་དུ་གཏོང་འོས་ཟེར།ཁོས་ད་དུང་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་སྔར་བཞིན་དུ་མཚོ་སྔོན་ཞིང་ཆེན་གྱི་འཕེལ་རྒྱས་དང་དམངས་ཚིས་ལེགས་བསྒྱུར་ཐད་རྒྱབ་སྐྱོར་བྱས་ནས།མཐུན་སྒྲིལ་གཏན་འཇགས་ལ་སྲུང་སྐྱོབ་བྱེད་རྒྱུའི་ཚུལ་བསྟན།

གོང་མ།:མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་ཐེམ་ཆེན་རྩྭ་ཐང་དུ་བཞད།

ཞོལ་མ།:རྒྱལ་ཡོངས་སྲིད་གྲོས་ཀྱིས་པེ་ཅིན་ནས་མཛའ་གཙང་གི་སྲིད་ཚོང་འབྲེལ་བ་གསར་བ་གསར་སྐྲུན་བྱས་ཏེ་དམངས་གཉེར་དཔལ་འབྱོར་བརྟན་འཇགས་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཞེས་པའི་ཆེད་དོན་བཞུགས་མོལ་ཚོགས་འདུ་བསྡུས།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235