མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་མ།  |  སོག་ཡིག་པར་མ།
 
གསར་འགྱུར་མེ་ལོང་།
 

ཝང་གོ་ཧྲིན་གྱིས་མང་ཚོགས་ཚོགས་པའི་བཅོས་སྒྱུར་བྱ་བའི་ཐད་རེ་བ་བཏོན་པ་དང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་མང་ཚོགས་ཚོགས་པའི་བཅོས་སྒྱུར་བྱ་བའི་བཞུགས་མོལ་ཚོགས་འདུ་ཟི་ལིང་ནས་ཚོགས།

ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན།  སྤེལ་དུས།:2017-09-27  རྩོམ་པ་པོ།:མཚོ་སྔོན་བོད་སྐད་རླུང་འཕྲིན།  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:

   ཉེ་ལམ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་གྱིས་མང་ཚོགས་ཚོགས་པའི་བཅོས་སྒྱུར་བྱ་བའི་ཐད་རེ་བ་བཏོན།

ཝང་གོ་ཧྲིན་གྱིས་བསྟན་དོན། མང་ཚོགས་ཚོགས་པའི་བྱ་བ་ནི་ཏང་གི་བྱ་བ་གལ་ཆེན་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཟླ་བརྒྱད་པའི་ཚེས་ཉེར་གཉིས་ཉིན་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་བ་དེས། ང་ཚོས་མང་ཚོགས་ཚོགས་པའི་བྱ་བ་བཟང་བོར་བསྒྲུབ་པ་དང་མང་ཚོགས་ཚོགས་པའི་བཅོས་སྒྱུར་ལག་བསྟར་བྱེད་པར་བསྲུང་བྱ་གལ་ཆེན་འདོན་སྤྲོད་བྱས། རིམ་པ་སོ་སོའི་ཏང་ཨུ་ཡིས་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་ཆབ་སྲིད་ཀྱི་ལངས་ཕྱོགས་ཇེ་བརྟན་དུ་བཏང་ནས་མང་ཚོགས་ཚོགས་པའི་བཅོས་སྒྱུར་ཟབ་སྤེལ་བྱེད་པར་ནུས་པ་ཆེན་པོ་འདོན་དགོས། མང་ཚོགས་ཚོགས་པ་སོ་སོའི་རྩ་འཛུགས་ཀྱིས་ཆབ་སྲིད་རང་བཞིན་གྱི་སྲོག་ཤིང་དང་བླ་སྲོག་དང་སྔོན་ཐོན་རང་བཞིན་གྱི་རེ་བ། མང་ཚོགས་རང་བཞིན་གྱི་གཞི་རྩའི་ཁྱད་ཆོས་གསལ་བོར་ཤེས་པར་བྱེད་པ་དང་། དུས་དང་རྣམ་པ་ཀུན་ཏུ་བཅོས་སྒྱུར་གྱི་ཡང་དག་པའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་དགོས་ལ། བྱ་བའི་ཟུང་འབྲེལ་བྱེད་ས་དང་གཞི་འཛིན་ས་འཚོལ་ཞིབ་བཟང་བོ་བྱས་ནས། བཅོས་སྒྱུར་གྱི་གྲུབ་འབྲས་དེ་ཏན་ཏན་ཏིག་ཏིག་བཞི་དངོས་འབེབས་བྱེད་པའི་རེ་བའི་སྟེང་དུ་མཚོན་པར་བྱེད་དགོས། འབྲེལ་ཡོད་མགོ་ཁྲིད་བློ་མཐུན་གྱིས་ནན་ཏན་སྒོས་འགན་འཁྲི་དངོས་འབེབས་བྱེད་པ་དང་གཅིག་གྱུར་སྒོས་མཐུན་སྦྱོར་བྱེད་པ། རིགས་བགར་ནས་མཛུབ་སྟོན་བྱེད་པ། ཞིབ་བཤེར་དང་ལྟ་སྐུལ་ནན་མོ་བྱས་ནས། བཅོས་སྒྱུར་ཟབ་སྤེལ་བྱས་ནས་གྲུབ་འབྲས་ཐོབ་པ་འགན་སྲུང་བྱེད་དགོས་པར་མ་ཟད་རང་ཞིང་ཏང་གི་མང་ཚོགས་ཚོགས་པའི་བྱ་བའི་ཐད་ལ་རྣམ་པ་གསར་བ་གསར་སྐྲུན་བྱེད་དགོས་ཟེར།

ཟླ་དགུ་བའི་ཚེས་བཅུ་བདུན་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་མང་ཚོགས་ཚོགས་པའི་བཅོས་སྒྱུར་བྱ་བའི་བཞུགས་མོལ་ཚོགས་འདུ་ཟི་ལིང་ནས་ཚོགས། ཚོགས་ཐོག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མང་ཚོགས་ཚོགས་པའི་བྱ་བ་དང་མང་ཚོགས་ཚོགས་པའི་བཅོས་སྒྱུར་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཀྲུང་དབྱང་གི་མང་ཚོགས་ཚོགས་པའི་བཅོས་སྒྱུར་བྱ་བའི་བཞུགས་མོལ་ཚོགས་འདུའི་དགོངས་དོན། བློ་མཐུན་ལིག་ཡུན་ཧྲན་གྱི་གཏམ་བཤད་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་གྱིས་མང་ཚོགས་ཚོགས་པའི་བྱ་བའི་ཐད་བཏོན་པའི་རེ་བ་ལྟར། ཞིང་ཆེན་ཡོངས་ཀྱི་མང་ཚོགས་ཚོགས་པའི་བཅོས་སྒྱུར་བྱ་བར་ཞིབ་འཇུག་དང་བརྗེ་རེས་བྱས།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིག་ཉིན་ཚོགས་འདུར་ཞུགས་ནས་གཏམ་བཤད་པ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཀྲང་ཀྲང་ཞི་མེན་དང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་དྲུང་ཡིག་ཆེན་མོ་ཡུས་ཚོན་ལི། ཧྲིན་ཀྲང་གཞོན་པ་ཀའོ་ཧྭ་བཅས་ཚོགས་འདུར་ཞུགས་ཤིང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་མ་ཅི་ཞོ་ཡིས་ཚོགས་འདུར་མགོ་འཛིན་བྱས། ལིག་ཉིན་གྱིས་ནན་གྱིས་བསྟན་དོན། མཚོ་སྔོན་གྱི་དོན་དངོས་དང་ཟུང་འབྲེལ་དམ་པོ་བྱས་ཏེ། མང་ཚོགས་ཚོགས་པའི་བཅོས་སྒྱུར་ཚོད་ལྟ་དམ་འཛིན་བྱེད་པ་དང་ནུས་ལྡན་བྱེད་ཐབས་ལག་བསྟར་བྱེད་དགོས་ལ། དྲ་ཐོག་གི་མང་ཚོགས་ཚོགས་པའི་འཛུགས་སྐྲུན་ལ་ཤུགས་སྣོན་ཞིང་མང་ཚོགས་ཚོགས་པའི་བཅོས་སྒྱུར་ལས་འགན་སྣ་ཚོགས་ལག་བསྟར་བྱེད་པ་དང་། ཏང་གིས་མང་ཚོགས་ལ་འབྲེལ་འདྲིས་དང་ཞབས་ཕྱི་བསྒྲུབ་པའི་གཡུལ་ས་ཇེ་བརྟན་དུ་གཏོང་དགོས་པར་མ་ཟད་ཚད་ཆེས་ཆེ་བའི་སྒོ་ནས་རྒྱ་ཆེའི་མང་ཚོགས་ལ་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱེད་དུ་འཇུག་དགོས། ཏང་གིས་མང་ཚོགས་ཚོགས་པའི་བྱ་བར་མགོ་ཁྲིད་པར་ཤུགས་བསྣན་ཏེ་འགན་འཁྲིའི་དངོས་འབེབས་བྱ་བ་དམ་འཛིན་བྱེད་པ་དང་རིགས་བགར་ནས་མཛུབ་སྟོན་བྱེད་པར་ཤུགས་སྣོན་ཞིང་མཉམ་ཤུགས་གཅིག་སྡུད་བྱེད་པ་དང་ལྟ་སྐུལ་དོ་དམ་བྱ་བར་ཤུགས་སྣོན་ཞིང་མང་ཚོགས་ཚོགས་པའི་བཅོས་སྒྱུར་ཟབ་སྤེལ་བྱས་ཏེ། གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ནས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་རྒྱལ་ཁའི་ངང་འཚོགས་པར་བསུ་མ་བྱེད་དགོས་ཟེར།

ཚོགས་ཐོག་ཏུ་ལས་ཁུངས་བཅུ་ཡིས་ཡར་ཞུའི་གཏམ་བཤད་སྤེལ།  །

གོང་མ།:ཝང་ཅིན་ཀྲད་ཀྱིས་དུས་ཆེན་གཉིས་སྐབས་ཀྱི་བདེ་འཇགས་ཁག་ཐེག་དང་བརྟན་འཇགས་སྲུང་སྐྱོང་བྱ་བར་ཞིབ་བཤེར་ལྟ་སྐུལ་བྱས།

ཞོལ་མ།:ཞིང་ཆེན་ཡོངས་ཀྱི་ཞིབ་གཤེར་སྡེ་ཁག་གིས་རྨ་འབྲི་རྫ་གསུམ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་ཞབས་ཕྱི་དང་ཁག་ཐེག་བྱེད་པའི་ཆེད་དམིགས་ལས་འགུལ་སྤེལ།

分享到: 更多
copyright@2007 www.haixi.gov.cn All Rights Reserved
པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
ICP 05001235