མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

ཝང་ཅིན་ཀྲད་ཀྱིས་དུས་ཆེན་གཉིས་སྐབས་ཀྱི་བདེ་འཇགས་ཁག་ཐེག་དང་བརྟན་འཇགས་སྲུང་སྐྱོང་བྱ་བར་ཞིབ་བཤེར་ལྟ་སྐུལ་བྱས།

ཡོང་ཁུངས།:ཚྭ་འདམ་བོད་ཡིག་དྲ་བ།  སྤེལ་དུས།:2017-10-09  རྩོམ་པ་པོ།:དགེ་འདུན་འཚོ།  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:

   མཚོ་ནུབ་གསར་འགྱུར་དྲ་བ་ལྟར་ན།   ཟླ9པའི་ཚེས30ཉིན།  རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་གཉིསསླེབས་ལ་ཉེ་དུས།ཁུལ་ཨུའི་ཧྲུའུ་ཅི་ཝུན་གོ་ཏུང་གིས་མངག་བཅོལ་ལྟར།ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་སྲིད་ཁྲིམས་ཨུའི་ཧྲུའུ་ཅི་ཝང་ཅི་ཀྲད་དང་།ཁུལ་གཙོ་གཞོན་པ་ཡང་ཡིའུ་ཀྲིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ཏེ་ཁུལ་སྤྱི་བདེ་ཅུའུ་དང་དྲག་ཆས་ཉེན་རྟོག་མཚོ་ནུབ་ཁུལ་ཡན་ལག་རུ་ཁག   ཁུལ་སྤྱི་བདེ་མེ་གསོད་ཡན་ལག་རུ་ཁག  གཏེར་ལེན་ཁ་གྲོང་ཁྱེར་སྤྱི་བདེ་ཅུའུ་སོགས་སུ་ཕྱིན་ཏེདུས་ཆེན་གཉིསདང་ཚོགས་ཆེན་བཅུ་དགུ་བའི་སྐབས་ཀྱི་བདེ་འཇགས་ཁག་ཐེག་དང་བརྟན་འཇགས་སྲུང་སྐྱོང་བྱ་བར་ཞིབ་བཤེར་ལྟ་སྐུལ་བྱས་ཤིང་།དུས་ཆེན་གྱི་སྐབས་སུ་བྱ་བའི་ལས་གནས་བརྟན་སྲུང་བྱེད་པའི་སྤྱི་བདེ་ལས་བྱེད་ཉེན་རྟོག་པ་དང་།  དྲག་ཆས་ཉེན་རྟོག་དཔོན་དམག་དང་བཀོད་འདོམས་པ་སོགས་ལ་བདེ་འདྲི་དང་འཚམས་འདྲི་གནང་བ་མ་ཟད།  ཁོ་ཚོར་དུས་ཆེན་གྱི་སྨོན་འདུན་ཞུས་པ་དང་བྱམས་བརྩེའི་འཚམས་འདྲི་གནང་།ཁོ་ཚོའི་ངལ་བ་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཞུས་ཤིང་།  དུས་ཆེན་གཉིསདང་ཚོགས་ཆེན་བཅུ་དགུ་བའི་སྐབས་ཀྱི་བདེ་འཇགས་ཁག་ཐེག་དང་བརྟན་འཇགས་སྲུང་སྐྱོང་བྱ་བ་ལེགས་པོ་བསྒྲུབ་པར་ཡང་བླང་བྱ་བཏོན།  

   ས་ཆ་གང་དུ་སླེབས་ཀྱང་།ཝང་ཅིན་ཀྲད་ཀྱིས་ཚང་མ་རེ་རེ་བཞིན་ལག་འཇུས་གནང་སྟེ་མཛའ་བརྩེའི་ངང་ནས་གླེང་མོལ་བྱས་པ་མ་ཟད།   སྤྱི་བདེ་ལས་བྱེད་ཉེན་རྟོག་པ་དང་དྲག་ཆས་ཉེན་རྟོག་དཔོན་དམག་གི་བྱ་བ་དང་འཚོ་བ།  སྦྱོང་བརྡར་བཅས་ཀྱི་གནས་ཚུལ་རྒྱུས་ལོན་བྱས།  ཁོས་བསྟན་དོན།  རྒྱ་ཆེའི་སྤྱི་བདེ་ལས་བྱེད་ཉེན་རྟོག་པ་དང་དྲག་ཆས་ཉེན་རྟོག་དཔོན་དམག་གིས་རང་རྟོགས་ཀྱིས་བཅོས་བསྒྱུར་དང་འཕེལ་རྒྱས།  བརྟན་འཇགས་གསུམ་གྱི་སྤྱི་ཡོངས་ལ་བརྩི་སྲུང་དང་སྲུང་སྐྱོང་བྱ་དགོས་ཤིང་།  ཧུར་བརྩོན་གྱིས་ས་གནས་འཛུགས་སྐྲུན་དུ་གཞུག་པ་དང་རྒྱབ་སྐྱོར་བྱ་དགོས།  ཐོལ་བྱུང་དོན་རྐྱེན་ཐག་གཅོད་དང་ཉེན་སྐྱོབ་གནོད་སེལ།  དབུལ་སྐྱོར་དཀའ་སེལ་རོགས་སྐྱོར།མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་ཐོན་ཁུལ་བསྐྲུན་པ་སོགས་ཀྱི་ཕྱོགས་སུ་གཟེངས་ཐོན་གྱི་བྱ་བ་མང་པོ་བསྒྲུབས་པ་དང་།  རྒྱལ་ཁབ་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་སྲུང་བྱས་པས།  བདེ་སྡོད་ལས་བརྩོན་གྱི་ཁོར་ཡུག་གསར་སྐྲུན་བྱས་ཡོད།  སྤྱི་བདེ་ལས་བྱེད་ཉེན་རྟོག་པ་དང་དྲག་ཆས་ཉེན་རྟོག་དཔོན་དམག་གིས་ཐོག་མཐའ་བར་གསུམ་དུ་འགྱུར་མེད་ཀྱི་ཆབ་སྲིད་ལངས་ཕྱོགས་རྒྱུན་སྲུང་བྱས་ཏེ་མ་མཐུད་དུ་དཀའ་སྤྱད་འབད་བརྩོན་དང་དཀའ་ངལ་ལ་མི་སྐྲག་པའི་སྙིང་སྟོབས་དར་སྤེལ་བྱ་དགོས་ལ།ལས་གནས་བརྟན་སྲུང་དང་དོགས་ཟོན་ཆེན་པོ་བྱེད་པ།མུ་མཐུད་དུ་འབད་བརྩོན་བྱས་ཏེ་དངོས་གནས་ཚོགས་ཆེན་བཅུ་དགུ་བ་སྐབས་ཀྱི་བརྟན་འཇགས་སྲུང་སྐྱོང་གི་ལས་འགན་དང་དུ་ལེན་དགོས།  ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ།  ཁུལ་ཨུ་བཅས་ཀྱི་བཀོད་སྒྲིག་བླང་བྱ་ལྟར།སྔར་ལས་ལྷག་པའི་སྒོ་ནས་སྔོན་ཇུས་སྣ་ཚོགས་འཐུས་ཚང་དུ་གཏོང་བ་དང་།  བྱེད་ཐབས་ནན་མོ་དང་བྱ་སྤྱོད་དངོས་ཀྱིས་བདེ་སྲུང་ཐད་ཀྱི་བྱ་བ་སྣ་ཚོགས་དམ་འཛིན་བྱས་ཏེ།ཚོགས་ཆེན་བཅུ་དགུ་བའི་སྔ་གཞུག་གི་ཁུལ་ཡོངས་ཀྱི་འཆམ་མཐུན་བརྟན་འཇགས་ལ་འགན་ལེན་ཏན་ཏིག་བྱེད་དགོས།

རྒྱ་ཆེའི་སྤྱི་བདེ་ལས་བྱེད་ཉེན་རྟོག་པ་དང་དྲག་ཆས་ཉེན་རྟོག་དཔོན་དམག་གིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཐུགས་ཁུར་དང་རྒྱབ་སྐྱོར་ལ་ཐུགས་རྗེ་ཞུས་པ་དང་།ཚང་མས་མཉམ་གཅིག་ཏུ་མུ་མཐུད་དུ་སྲོལ་རྒྱུན་གྱི་སྤྱོད་ཚུལ་བཟང་བོ་དར་སྤེལ་དང་།  སྟོབས་ཤུགས་གང་ཡོད་འདོན་པ་དང་དོན་དངོས་ཀྱིས་དམ་འཛིན་བྱས་ཏེ།ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་འགྱུར་མེད་ཀྱི་སྤྱོད་ཚུལ་གྱིས་བདེ་སྲུང་བྱ་བ་ལེགས་པོར་བསྒྲུབ་པ་དང་།  བློ་ཐག་རྦད་ཆོད་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་བའི་བདེ་འཇགས་སྲུང་སྐྱོང་གི་དམག་འཐབ་དྲག་པོ་འདི་རྒྱལ་བ་དང་ཁུལ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆེད་དུ་བདེ་འཇགས་བརྟན་བརླིང་གི་ཁོར་ཡུག་ཅིག་བསྐྲུན་དགོས་ཞེས་བཤད།    

གོང་མ།:ན་རིང་ཆུ་བོའི་ཆུ་བེད་བཟོ་སྐྲུན་གསར་གཏོད་ཞིབ་འཇུག་སྙན་ཞུར་རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་ཆོག་ལན་ཐོབ།

ཞོལ་མ།:ཝང་གོ་ཧྲིན་གྱིས་མང་ཚོགས་ཚོགས་པའི་བཅོས་སྒྱུར་བྱ་བའི་ཐད་རེ་བ་བཏོན་པ་དང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་མང་ཚོགས་ཚོགས་པའི་བཅོས་སྒྱུར་བྱ་བའི་བཞུགས་མོལ་ཚོགས་འདུ་ཟི་ལིང་ནས་ཚོགས།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235