མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

ན་རིང་ཆུ་བོའི་ཆུ་བེད་བཟོ་སྐྲུན་གསར་གཏོད་ཞིབ་འཇུག་སྙན་ཞུར་རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་ཆོག་ལན་ཐོབ།

ཡོང་ཁུངས།:མཚོ་ནུབ་གསར་འགྱུར་དྲ་བ།  སྤེལ་དུས།:2017-10-10  རྩོམ་པ་པོ།:མཚོ་ནུབ་གསར་འགྱུར་དྲ་བ།  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:

རྒྱལ་སྟོན་དུས་ཆེན་སྔོན་དུ་རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་ན་རིང་ཆུ་བོའི་ཆུ་བེད་བཟོ་སྐྲུན་གསར་གཏོད་ཞིབ་འཇུག་སྙན་ཞུར་ཆོག་འཐུས་རང་བཞིན་གྱི་ཞིབ་འཇུག་སྙན་ཞུར་མཆན་འགོད་གནང་།དེས་རང་ཞིང་གི་ཆུ་གྲོན་དང་ཆུ་འདོན་གྱི་ཆུ་བེད་བཟོ་སྐྲུན་གལ་ཆེན་ཞིག་རྒྱལ་ཁབ་ཀྱི་རྣམ་གྲངས་སུ་ཚུད་དེ་ལག་བསྟར་ཐོབ་པ་མཚོན་ཞིང་། བཟོ་སྐྲུན་གཙོ་བོ་སྔ་མོ་ནས་འཛུགས་སྐྲུན་བྱེད་པར་རྨང་གཞི་བརྟན་པོ་བཏིངས།

ན་རིང་ཆུ་བོའི་ཆུ་བེད་བཟོ་སྐྲུན་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་ཁེལ་བྱས་པའི་ཆུ་གྲོན་དང་ཆུ་འདོན་གྱི་ཆུ་བེད་བཟོ་སྐྲུན་གལ་ཆེན172གྲས་ཀྱི་གཅིག་ཡིན། བཟོ་སྐྲུན་དེ་ནི་ན་རིང་ཆུ་བོའི་འབབ་ཡུལ་གྱི་ལུང་མདོ་སུ་ཡོད། (2)དབྱིབས་ཅན་གྱི་བཟོ་སྐྲུན་དུ་གཏོགས་པ་དང་རིམ་པཡིན།བཟོ་སྐྲུན་དུ་བཏང་བའི་སྤྱིའི་མ་དངུལ་སྒོར་ཁྲག་ཁྲིག་གཉིས་དང་ཐེར་ཆེན་གཉིས།ཐེར་འབུམ་དྲུག་དུང་ཕྱུར་དྲུག་ཡིན། བཟོ་སྐྲུན་དུས་ཡུན་ནི་བསྡོམས་པས་ཟླ54ཡིན།  ཆུ་མཛོད་ཀྱི་སྤྱིའི་ཤོང་ཚད་ནི་སྨི་གྲུ་བཞི་ལྷམ་པ་དུང་ཕྱུར5.88ཡིན་ལ།རགས་ཀྱི་ཆེས་མཐོ་ཚད་ལ་སྨི78ཡོད།  ཕན་ལྡན་ཆུ་མཛོད་ཀྱི་ཤོང་ཚད་ལ་སྨི་གྲུ་བཞི་ལྷམ་པ་དུང་ཕྱུར0.83ཡོད།ཆུ་ལོག་འགོག་པའི་ཆུ་མཛོད་ཀྱི་ཤོང་ཚད་ལ་སྨི་གྲུ་བཞི་ལྷམ་པ་དུང་ཕྱུར2.53ཡོད།བཟོ་སྐྲུན་གྱི་ཆུ་འདོན་བཀོད་སྒྲིག་གཞི་ཁྱོན་ནི་སྨི་གྲུ་བཞི་ལྷམ་པ་དུང་ཕྱུར2.64ཡོད།ཁོངས་སྡུད་འཕྲུལ་ཆས་ཀྱི་ཤོང་ཚད་ཀྲའོ་ཝ24ཡིན།ལོ་དུ་མའི་ཆ་སྙོམས་ཀྱི་གློག་འདོན་ཚད་ནི་སྟོང་ཝ་ཁྲི8064ཡིན།  

བཟོ་སྐྲུན་འདིའི་ལས་འགན་གཙོ་བོ་ནི་ཆུ་འདོན་དང་ཆུ་ལོག་སྔོན་འགོག་ཡིན་པའི་ཞོར་དུ་གློག་འདོན་སོགས་ཕྱོགས་བསྡུས་བེད་སྤྱོད་བྱེད་བཞིན་ཡོད།བཟོ་སྐྲུན་འགྲུབ་རྗེས་ན་གོར་མོའི་བཟོ་ལས་གླིང་དང་མཚོ་བོད་བཟོ་ལས་གླིང་།མང་ནེ་དང་ལིན་ཧུའུ་བཟོ་ལས་གླིང་བཅས་སུ་ཆུ་འདོན་རྒྱུ་ཡིན།ཆུ་བོའི་སྨད་རྒྱུད་ཀྱི་གཏེར་ཁའི་ཐོན་ཁུངས་གསར་འབྱེད་གནས་གཞི་གཙོ་བོ་དང་རྒྱལ་ཁབ་ཀྱི་རྨང་གཞི་སྒྲིག་ཆས་གཙོ་བོའི་ཆུ་ལོག་སྔོན་འགོག་བདེ་འཇགས་སོགས་ཕྱོགས་སུ་ཁག་ཐེག་བྱེད་པར་ནུས་པ་གལ་ཆེན་འདོན་བཞིན་ཡོད།

གོང་མ།:ཚོགས་ཆེན་བཅུ་དགུ་པ་སྤྲོ་བས་བསུ་བ་དང་ལག་རྡང་སྦྲེལ་ནས་འབྱོར་འབྲིང་གི་ཕྱོགས་སུ་བསྐྱོད་པ།

ཞོལ་མ།:ཝང་ཅིན་ཀྲད་ཀྱིས་དུས་ཆེན་གཉིས་སྐབས་ཀྱི་བདེ་འཇགས་ཁག་ཐེག་དང་བརྟན་འཇགས་སྲུང་སྐྱོང་བྱ་བར་ཞིབ་བཤེར་ལྟ་སྐུལ་བྱས།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235