མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

དབྱིན་ཧའེ་མིང་གིས་ཁུལ་ཐད་གཏོགས་ཀྱི་གསར་འགྱུར་ལས་ཁུངས་ནས་བརྟག་ཞིབ་བྱེད་པའི་སྐབས་སུ་ནན་གྱིས་བསྟན་དོན།གཡུར་དུ་ཟ་བའི་གྲུབ་འབྲས་ཀྱིས་ཏང་གི་སྐབས་བཅུ་དགུ་བའི་ཚོགས་ཆེན་རྒྱལ་ཁའི་ངང་ནས་བསྡུ་བར་བསུ་མ་བྱ་དགོས་ཟེར།

ཡོང་ཁུངས།:  སྤེལ་དུས།:2017-10-20  རྩོམ་པ་པོ།:  རྩོམ་སྒྲིག་པ།:བྱང་མོ།    ཀློགས་གྲངས།:

  ཟླ་བཅུ་བའི་ཚེ་དགུ་ཉིན། མཚོ་ནུབ་ཁུལ་ཨུའི་རྒྱུན་ཨུ་དང་དྲིལ་སྒྲོག་པུའུ་པུའུ་ཀྲང་དབྱི་ཧའེ་མིང་གིས་ཁུལ་ཐད་གཏོགས་གསར་འགྱུར་ལས་ཁུངས་སུ་བརྟག་ཞིབ་མཛད། ཁོ་མོའི་ནན་གྱིས་བསྟན་དོན།  ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་གསར་འགྱུར་ལས་ཁུངས་དང་གསར་འགྱུར་གྱི་བྱ་བ་སྒྲུབ་མཁན་ཡོངས་ཀྱིས་སྔར་ལས་ཆབ་སྲིད་ཀྱི་ལངས་གནས་མཐོ་རུ་བཏང་ནས། སྤྲོ་སེམས་འཁོལ་བ་དང་གཡུར་དུ་ཟ་བའི་གྲུབ་འབྲས་ཀྱི་ཏང་གི་སྐབས་བཅུ་དགུ་བའི་ཚོགས་ཆེན་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱ་དགོས་ཟེར།

  ཞིབ་བཤེར་ཁྲོད་དུ། དབྱིན་ཧའེ་མིང་སྔ་གཞུག་དུ་མཚོ་ནུབ་རྒྱང་སྒྲོག་བརྙན་འཕྲིན་ཁང་དང་ཚྭ་འདམ་ཉིན་རེ་ཚགས་པར་ཁང་། མཚོ་ནུབ་གསར་འགྱུར་དྲ་བ།  ཁུལ་དྲ་རྒྱ་ཆ་འཕྲིན་གཞུང་ལས་ཁང་དུ་ཕྱིན་ནས་ལས་ཁོངས་སོ་སོའི་སྐབས་བཅུ་དགུ་བའི་ཚོགས་ཆེན་བསུ་བའི་བྱ་བ་ཁག་སྤེལ་བའི་གནས་ཚུལ་ལ་ཞིབ་ཕྲའི་རྒྱུས་ལོན་བྱས།

མཚོ་ནུབ་རྒྱང་སྒྲོག་བརྙན་འཕྲིན་ཁང་ནས་དབྱིན་ཧའེ་མིང་གིས་རྒྱང་སྒྲོག་བརྙན་འཕྲིན་གྱི་བརྙན་གཏོང་ཚོད་འཛིན་ལྟེ་གནས་དང་ལེ་ཚན་སྒྲིག་བཟོ་འཕྲུལ་ཆས་ཁང་། གཅིག་བསྡུས་ཀྱི་འཁྲབ་གཏོང་ཁང་།ལས་རེས་ཁང་སོགས་སྡེ་ཁག་གཙོ་བོ་ལ་ཞིབ་བཤེར་བྱས་ཤིང་། ལས་བྱེད་པ་རྣམས་ལ་བདེ་འདྲི་དང་ལས་བྱེད་པ་དང་མཉམ་དུ་གྲོས་མོལ་བྱས། རྒྱང་སྒྲོག་བརྙན་འཕྲིན་བདེ་འཇགས་ཀྱིས་གཏོང་བའི་བྱ་བ་དང་རྒྱང་སྒྲོག་བརྙན་འཕྲིན་གྱི་བཟློ་ལམ་ཁག་དང་ཟློས་ཕྱོད་ཀྱི་ལེ་ཚན་འཛུགས་པ་དང་འགུལ་སྤྱོད།ཐད་གཏོང་གནས་ཚུལ་སོགས་དང་།  དེ་མིན་སྐབས་བཅུ་དགུ་བའི་ཚོགས་ཆེན་བསུ་མའི་གསར་འགྱུར་དྲིལ་སྒྲོག་སྤེལ་གཏོང་གི་བྱ་བ་བཀོད་སྒྲིག ཚྭ་འདམ་ཉིན་རེ་ཚགས་པར་ཁང་གི་པར་ཁང་དང་རྩོམ་སྒྲིག་པུའུ། དབྱིན་ཧའེ་མིང་གིས་ཚགས་པར་པར་སྐྲུན་སྒྲིག་ཆས་དང་རྩོམ་སྒྲིག་སྒྲིག་ཆས་ཀྱི་འགུལ་སྤྱོད་གནས་ཚུལ་ལ་ཞིབ་ཕྲའི་ངང་ནས་རྒྱུས་ལོན་བྱས། ལག་རྩལ་མི་སྣ་དང་རྩོམ་སྒྲིག་མི་སྣར་མཉམ་དུ་གྲོས་མོལ་བྱས་ཏེ། ནམ་ཡིན་ཡང་ཚགས་པར་སྤུས་ལེགས་ཀྱིས་པར་སྐྲུན་བཟང་བོ་བྱ་རྒྱུ་ཁག་ཐེག་བྱ་དགོས་ཞེས་བླང་བྱ་བཏོན།  

 ཞིབ་བཤེར་ཁྲོད་དུ། དབྱིན་ཧའེ་མིང་གིས་ལས་ཁུངས་སོ་སོའི་ཏང་གི་སྐབས་བཅོ་དགུ་བའི་ཚོགས་ཆེན་གྱི་གསར་འགྱུར་དྲིལ་སྒྲོག་སྤེལ་གཏོང་ཐད་ནས་བྱ་བ་སྒྲུབ་པར་ཁས་ལེན་གང་ལེགས་བྱས་པ་དང་། དེ་མ་ཟད་བྱ་བ་ཡོངས་རྗོགས་ཏང་གི་སྐབས་བཅུ་དགུ་བའི་ཚོགས་ཆེན་སྟེང་དུ་འདུས་དགོས་ཟེར།  མྱུར་དུ་འགུལ་སྤྱོད་བྱས་ནས།  སྙིང་སྟོབས་རྒྱས་ཤིང་། རང་འགུལ་གྱིས་སྒྲུབ་པ།  ནུས་ཤུགས་ཡོད་རྒུ་བཏོན་ཏེ།  སྔར་ལས་བྱ་བ་ལ་སྤྲོ་སེམས་ཁེངས་ཤིང་།  སྔར་ལས་ཏན་ཏིག་གིས་བྱ་བའི་སྤྱོད་ཚུལ་གྱིས་ཏང་གི་སྐབས་བཅུ་དགུ་བའི་ཚོགས་ཆེན་ལ་བསུ་མ་དང་ཏང་གི་སྐབས་བཅུ་དགུ་བའི་ཚོགས་ཆེན་ལ་སློབ་སྦྱོང་དང་དྲིལ་སྒྲོགལག་བསྟར་བཅས་ཀྱིས་བྱ་བ་སོ་སོ་ཁྲོད་དུ་ཞུགས་ཏེ།  གཡུར་དུ་ཟ་བའི་གྲུབ་འབྲས་ཀྱིས་ཏང་གི་སྐབས་བཅུ་དགུ་བའི་ཚོགས་ཆེན་བདེ་ལེགས་ངང་བསྡུ་བར་བསུ་མ་བྱ་དགོས་ཟེར།

གོང་མ།:ཚོགས་ཆེན་བཅུ་དགུ་པའི་བོད་ལྗོངས་ཀྱི་འཐུས་མིས་རང་རང་གི་མྱོང་ཚོར་གླེང་བཞིན་པ།

ཞོལ་མ།:མཚོ་ཤར་གྲོང་ཁྱེར་གྱི་ཏང་སྲིད་འཐུས་མིའི་ཚོགས་པ་ན་གོར་མོ་གྲོང་ཁྱེར་ལ་རྟོག་ཞིབ་ཏུ་ཕེབས་པ།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235