མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

མཚོ་སྔོན་མཚོ་ནུབ་ཁུལ་ཏང་ཨུའི་ཧྲུའུ་ཅིའམ་ཚོགས་ཆེན་བཅུ་དགུ་བའི་འཐུས་མི་ཝུན་གོ་ཏུང་གིས་བསྟན་དོན།ཚྭ་འདམ་འཁོར་རྒྱུག་དཔལ་འབྱོར་ཁུལ་གྱི་འཛུགས་སྐྲུན་མགྱོགས་སུ་གཏོང་དགོས།

ཡོང་ཁུངས།:ཚྭ་འདམ་དྲ་བ།  སྤེལ་དུས།:2017-10-23  རྩོམ་པ་པོ།:དགེ་འདུན་འཚོ།  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:

མཚོ་ནུབ་གསར་འགྱུར་དྲ་བ་ལྟར་ན། ཏང་གི་ཚོགས་ཆེན་བཅུ་དགུ་བའི་སྙན་ཞུས་བཏོན་པའི་ལྗང་མདོག་ཐཱན་དམའི་འཁོར་རྒྱུག་འཕེལ་རྒྱས་ཀྱི་དཔལ་འབྱོར་མ་ལག་འཐུས་ཚང་གཏོང་དགོས་པ་དེས་འཁོར་རྒྱུག་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བར་སྔར་ལས་ལྷག་པའི་བླང་བྱ་བཏོན།  འདིས་ང་ཚོའི་ཚྭ་འདམ་འཁོར་རྒྱུག་དཔལ་འབྱོར་འཕེལ་རྒྱས་ལ་གཞིས་འཛིན་ས་མཁོ་སྤྲོད་བྱས་པ་མ་ཟད།  ད་དུང་ཁ་ཕྱོགས་གསལ་བོ་བསྟན།ཞེས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐུས་མིའམ་མཚོ་སྔོན་མཚོ་ནུབ་ཁུལ་ཏང་ཨུའི་ཧྲུའུ་ཅི་ཝུན་གོ་ཏུང་གིས་གསར་འགོད་པར་འདི་ལྟར་གསུངས།

ཚྭ་འདམ་འཁོར་རྒྱུག་དཔལ་འབྱོར་ཚོད་ལྟ་ཁུལ་རྒྱལ་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཚོད་ལྟ་ཁུལ་དུ་བསྒྱུར་བར་སྐུལ་འདེད་གཏོང་བ་དང་།  ལོ་ལྔ་ནས་ལོ་བཅུའི་དུས་ཚོད་སྤྱད་དེ་རྒྱལ་ཁབ་ཀྱི་འཁོར་རྒྱུག་དཔལ་འབྱོར་འཕེལ་རྒྱས་ཚོད་ལྟ་ཁུལ་འཛུགས་པར་བརྩོན་ལེན་བྱ་རྒྱུ་ནི་ང་ཚོས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྐྱེ་ཁམས་དཔལ་ཡོན་སྒྲིག་སྲོལ་བཅོས་སྒྱུར་གྱི་འཐབ་ཇུས་མགྱོགས་སུ་གཏོང་བ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་བྱེད་པའི་བྱེད་ཐབས་གལ་ཆེན་ཡིན་ལ།  ང་ཚོས་ཁུལ་ཡོངས་ཀྱི་ཐོན་ལས་ཆུ་ཚད་གོང་སྤེལ་དང་དཔལ་འབྱོར་གྲུབ་ཚུལ་ལེགས་སྒྲིག  འཕེལ་རྒྱས་ཀྱི་ཐབས་ལམ་གསར་བསྒྱུར་བྱེད་པའི་ལྡོག་མེད་ཀྱི་འགྲོ་ལམ་ཡིན། ཞེས་འཐུས་མི་ཝུན་གོ་ཏུང་གིས་གསུངས་པ་དང་། ཁོང་གིས་ཐོག་མར་འཁོར་རྒྱུག་དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་མཐོར་འདེགས་དང་རིམ་སྤར་ལ་སྐུལ་འདེད་བྱ་དགོས།  བློ་བརྟན་འགྱུར་མེད་ཀྱིས་འཁོར་རྒྱུག་དཔལ་འབྱོར་གསར་སྐྲུན་ལ་སྐུལ་འདེད་བྱེད་པ་དང་།   ཚྭ་མཚེའུ་རྫས་འགྱུར་བཟོ་ལས་དང་སྣུམ་རླངས་རྫས་འགྱུར་བཟོ་ལས།   རྡོ་སོལ་རྫས་འགྱུར་བཟོ་ལས། ལྩགས་རིགས་བཙོ་སྦྱོང་བཟོ་ལས་སོགས་སྲོལ་རྒྱུན་ཐོན་ལས་བཞིའི་བསྒྱུར་སྐྲུན་རིམ་སྤར་ལ་སྐུལ་འདེད་བྱེད་དགོས།  ནུས་ཤུགས་ཡོད་རྒུས་རྒྱུ་ཆ་གསར་བ་དང་ནུས་ཁུངས་གསར་བ།   ཁྱད་ལྡན་སྐྱེ་དངོས་སོགས་གསར་དར་ཐོན་ལས་འཕེལ་རྒྱས་སུ་གཏོང་བ་དང་། ཚན་རྩལ་འགག་སྒྲོལ་ལག་བསྟར་དང་ཐོན་ལས་ཀྱི་མུ་བསྲིངས་པ།   ཁྱད་སྟོབས་ཐོན་ལས་འཕེལ་རྒྱས་སུ་གཏོང་བ།  ཚྭ་འདམ་འཁོར་རྒྱུག་དཔལ་འབྱོར་གྱི་འཕེལ་རྒྱས་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས།  གཉིས་ནི་ཐོན་ཁུངས་ཕྱོགས་ཡོངས་ནས་འཁོར་རྒྱུག་བེད་སྤྱོད་བྱེད་པར་སྐུལ་འདེད་བྱ་དགོས། ཐོན་ལས་ཡོངས་ཀྱི་མུ་བསྲིངས་པའི་འཕེལ་རྒྱས་ཀྱི་རིག་ལམ་རྒྱུན་འཁྱོངས་དང་གཤོང་སའི་ཐོན་ཁུངས་སྣ་ཚོགས་དང་ཐོན་སྐྱེད་རྒྱུ་ཆ་མཉམ་བསྲེས་བྱས་ཏེ། ཁུལ་ཁོངས་ནང་གི་འབྲེལ་ཡོད་ཐོན་ལས་ཀྱི་བརྒྱུད་རིམ་དང་ལག་རྩལ།  བཟོ་རྩལ་གསར་སྐྲུན་སྐུལ་འདེད་བྱེད་པ་དང་། ཐོན་ལས་བར་གྱི་མཉམ་འབྲེལ་དང་ཐོན་ལས་བར་གྱི་མཐུན་འགྱུར།   ཁུལ་ཁོངས་ཀྱི་ཐོན་ཁུངས་མཉམ་བསྲེས་ལ་སྐུལ་འདེད་བྱེད་པ་དང་།  ཁུལ་ཁོངས་བར་དང་གོང་འོག་ཐོན་ལས་བར།  ཁེ་ལས་བར་གྱི་འཁོར་རྒྱུག་སྦྲེལ་ཐག་འཐུས་ཚང་དུ་གཏོང་བ་དང་། ཐོན་ལས་ལྗང་མདོག་དང་ཕྱོགས་གཅིག་ཏུ་འཕེལ་བར་སྐུལ་འདེད་བྱེད་དགོས།   གསུམ་ནི་འཁོར་རྒྱུག་དཔལ་འབྱོར་གྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་རོགས་འདེགས་བྱ་དགོས།  སྐྱེ་ཁམས་བྱེད་ནུས་ཁུལ་གྱི་འཆར་འགོད་བརྟན་སྲུང་བྱེད་པ་དང་།   ཏན་ཏིག་གིས་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བེད་སྤྱོད་དང་ཐོན་སྐྱེད་འཚོ་བའི་རྣམ་པ་ལྗང་མདོག་ཅན་དུ་བསྒྱུར་བར་སྐུལ་འདེད་བཏང་སྟེ།  འཁོར་རྒྱུག་འཕེལ་རྒྱས་ཀྱི་འདུ་ཤེས་མི་སེམས་སུ་ཟུག་པར་བྱེད་དགོས།   བཞི་ནི་ཁྱད་ལྡན་གནས་ལེགས་ཐོན་ལས་ཁྱུ་ཚོགས་སུ་འཕེལ་བར་སྐུལ་འདེད་བྱེད་དགོས།  སྒོར་དུང་ཕྱུར་སྟོང་གི་རྒྱུ་ཆ་གསར་བའི་ཐོན་ལས་ཁྱུ་ཚོགས་དང་ཏུན་ཁྲི་སྟོང་གི་མ་བཅོས་རྡོ་སྣུམ་གསོག་འཇོག་དང་སྣུམ་རླངས་རྫས་འགྱུར་བཟོ་ལས་ཀྱི་ཐོན་ལས་ཁྱུ་ཚོགས་བསྐྲུན་དགོས་ཞེས་བསྟན།  

གོང་མ།:རང་ཁུལ་གྱི་ལས་བྱེད་མང་ཚོགས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་བ་གྲོལ་བའི་མཛད་སྒོ་ལ་བལྟས།

ཞོལ་མ།:ཚོགས་ཆེན་བཅུ་དགུ་པའི་བོད་ལྗོངས་ཀྱི་འཐུས་མིས་རང་རང་གི་མྱོང་ཚོར་གླེང་བཞིན་པ།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235