མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

རང་ཁུལ་གྱི་ལས་བྱེད་མང་ཚོགས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་བ་གྲོལ་བའི་མཛད་སྒོ་ལ་བལྟས།

ཡོང་ཁུངས།:མཚོ་ནུབ་བརྙན་འཕྲིན་ཁང་།  སྤེལ་དུས།:2017-10-25  རྩོམ་པ་པོ།:མཚོ་ནུབ་བརྙན་འཕྲིན་ཁང་།  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:

   ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་བ་ཟླ་བཅུ་བའི་ཚེས་ཉེར་བཞི་ཉིན་གྱི་སྔ་དྲོ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་རྒྱལ་ཁའི་ངང་གྲོལ།  རང་ཁུལ་གྱི་ལས་བྱེད་མང་ཚོགས་ཀྱིས་རླུང་འཕྲིན་དང་བརྙན་འཕྲིན། དྲ་བ་སོགས་བརྒྱུད་ནས་གྲོས་ཚོགས་ཀྱི་གནས་ཚུལ་ལ་བལྟས།

    ནངས་སྔ་མོར།   གཏེར་ལེན་ཁ་གྲོང་ཁྱེར་ཐཱའོ་ཨར་ཀུན་ཁྱིམ་གཞིས་སོག་རིགས་སྡེ་མི་ཏཱ་ཀི་ཆིན་རྒན་རྒོན་གཉིས་ཀྱིས་ལུས་ལ་རང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་སོག་ལ་གྱོན་ནས། ཏང་གི་ཚོགས་ཆེན་བཅུ་དགུ་བ་གྲོལ་བའི་བརྙན་འཕྲིན་ཐད་གཏོང་ལ་བལྟ་བཞིན་ཡོད།  

      གཏེར་ལེན་ཁ་གྲོང་ཁྱེར་གྱི་འབྲོག་པ་ཏཱ་ཀི་ཆིན་གྱིས་བཤད་རྒྱུར།  སྙན་ཞུའི་ཁྲོད་བཏོན་པའི་ས་ཞིང་འགན་གཙང་ལེན་བྱས་པའི་དུས་ཚོད་ཐོན་ནའང་མུ་མཐུད་དུ་ལོ་30ཡི་ཇེ་རིང་དུ་བཏང་ཡོད་པས། རྗེས་ཕྱོགས་རང་ཁྱིམ་གྱི་མཉམ་ལས་ཁང་ཇེ་རྒྱས་ཇེ་ལེགས་སུ་བཏང་ནས།ཏང་གི་ཞིང་ཕན་སྲིད་ཇུས་ཀྱི་རྒྱབ་སྐྱོར་འོག ང་ཚོའི་འཚོ་བ་ཇེ་བཟང་ནས་ཇེ་བཟང་དུ་འགྲོ་བར་ཡིད་ཆེས་ཀྱི་ཁེངས་ཡོད་ཟེར།

   གཏེར་ལེན་ཁ་གྲོང་ཁྱེར་ཆུ་ཤར་སྲང་ལམ་གཙང་ངོགས་ལམ་སྡེ་ཁུལ་གྱི་ཏང་ཡོན་ཚ་པིན་གོ་ཡིས་བཤད་རྒྱུར།   དེ་རིང་ཏང་གི་ཚོགས་ཆེན་བཅུ་དགུ་བ་རྒྱལ་ཁའི་ནང་གྲོལ་བ་རེད། ངས་སྤྱི་ཁྱབ་ཞི་ཅིན་ཕིན་གྱིས་ཕུལ་བའི་བྱ་བའི་སྙན་ཞུ་ལ་ཉན་རྗེས།ང་ཚོའི་འཚོ་བ་བདེ་ཞིང་སྐྱིད་པ་དང་། རྒྱལ་ཁབ་སྔར་ལས་དར་རྒྱས་སུ་འགྲོ་ཐུབ་པར་ཡིད་ཆེས་ཀྱིས་ཁེངས་ཡོད་ཟེར།  

     སྔ་དྲོའི་དུས་ཚོད་དགུ་སྟེང་། གཏེར་ལེན་ཁ་གྲོང་ཁྱེར་ཀྲུང་ལུགས་སྨན་ཁང་གི་ལས་བྱེད་མི་སྣས་གཅིག་བསྡུས་སྒོས་ཏང་གི་ཚོགས་ཆེན་བཅུ་དགུ་བ་གྲོལ་བའི་ཚོགས་ཆེན་ལ་བལྟས་རྗེས། ཚང་མས་མགྲིན་གཅིག་གིས་བསྟན་དོན། སྨན་བཅོས་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས་ཐོག་མའི་ཆོད་སེམས་ཡིད་ལ་དམ་པོར་བཅངས་ནས་གཏེར་ལེན་ཁ་གྲོང་ཁྱེར་གྱི་མི་རིགས་ལ་ཞབས་ཕྱི་ལེགས་ཤིང་སྤུས་ཚད་མཐོ་བའི་སྨན་བཅོས་ཞབས་ཕྱི་འདོན་སྤྲོད་ཐུབ་པར་ཁག་ཐེག་བྱེད་རྒྱུ་ཡིན་ཟེར།

གཏེར་ལེན་ཁ་གྲོང་ཁྱེར་ཀྲུང་ལུགས་སྨན་ཁང་གི་མགོ་གཙོ་གཞོན་པ་ཀྲང་ཐའོ་ཡིས་བཤད་རྒྱུར།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱིས་ཏང་གི་ཚོགས་ཆེན་བཅུ་དགུ་བའི་སྙན་ཞུའི་ཁྲོད་བཏོན་པའི༼བདེ་ཐང་ཀྲུང་གོ༽འི་ཐབས་ཇུས་ལག་བསྟར་བྱེད་དགོས་པ་ནི། དུས་རབས་གསར་བའི་བདེ་ཐང་འཕྲོད་བསྟེན་བྱ་བའི་གཞི་འཛིན་ས་ཡིན་ལ། ང་ཚོས་ཏང་གི་ཚོགས་ཆེན་བཅུ་དགུ་བའི་སྙན་ཞུའི་དགོངས་དོན་གྱི་སྣེ་སྟོན་འོག་བྱ་བ་གསར་སྐྲུན་བྱས་ཏེ། བདེ་ཐང་ཀྲུང་གོ་འཛུགས་སྐྲུན་བྱེད་པར་རང་ནུས་ཅི་ལྕོགས་ཀྱིས་བྱས་རྗེས་འཇོག་རྒྱུ་ཡིན་ཟེར།

དབུས་ལམ་རྫོང་མཐོན་པོ་གྲོང་རྡལ་ཚྭ་ཁམས་ཆུ་བོ་སྡེ་བའི་འབྲོག་པ་ལ་ཨར་ཅི་ལི་ཡིས་སྔ་མོ་ནས་རང་གི་ཤ་ཉེ་དང་གྲོགས་པོ་རྣམས་ཁྱིམ་དུ་བོས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་བ་རྒྱལ་ཁའི་ངང་གྲོལ་བའི་ཐད་གཏོང་ལ་མཉམ་དུ་བལྟས། ལ་ཨར་ཅི་ལིལ་མཚོན་ན་ལོ་20སྟེང་གཉེན་སྒྲིག་བྱས་རྗེས་རྩྭ་ཆུ་སྙེག་པའི་འཚོ་བ་རོལ་བ་ཡིན།  ཉེ་བའི་ལོ་འདི་འགའི་རིང་ཏང་དང་རྒྱལ་ཁབ་གྱི་སྲིད་ཇུས་བཟང་བོ་རབ་དང་རིམ་པ་བཏོན་པ་དང་བསྟུན། སྦྲ་ཁྱིམ་ནས་ཐོག་ཁང་ནང་གནས་སྤར་པ་དང་། སྨན་བཅོས་བྱེད་པར་སྒོར་མོ་མང་པོ་སྤྲོད་མི་དགོས་པས།འཚོ་བ་སྔར་ལས་བདེ་ཞིང་སྐྱིད་པར་གྱུར།  

དབུས་ལམ་རྫོང་མཐོན་པོ་གྲོང་རྡལ་ཚྭ་ཁམས་ཆུ་བོ་སྡེ་བའི་འབྲོག་པ་ལ་ཨར་ཅི་ལི་ཡིས་བཤད་རྒྱུར།

དེ་རིང་ཚོགས་ཆེན་བཅུ་དགུ་བ་རྒྱལ་ཁའི་ངང་གྲོལ། ཏང་གི་ཚོགས་ཆེན་བཅུ་དགུ་བ་འཚོགས་པའི་རྗེས་སུ། ང་ཚོ་འབྲོག་པ་རྣམས་ཀྱང་ཏང་དང་སྲིད་གཞུང་གི་སྣེ་ཁྲིད་འོག་སྔར་ལས་བདེ་སྐྱིད་ཀྱི་འཚོ་བ་རོལ་ཐུབ་པར་ང་རང་ཡིད་ཆེས་ཀྱིས་ཁེངས་ཡོད་ཟེར།

གོང་མ།:ཚོགས་ཆེན་བཅུ་དགུ་པའི་སྙན་ཞུ་ལས་ཕྱིར་བསྒྲགས་པའི་དམངས་འཚོའི་དོན་དངོས་ཁག་བཅུ།

ཞོལ་མ།:མཚོ་སྔོན་མཚོ་ནུབ་ཁུལ་ཏང་ཨུའི་ཧྲུའུ་ཅིའམ་ཚོགས་ཆེན་བཅུ་དགུ་བའི་འཐུས་མི་ཝུན་གོ་ཏུང་གིས་བསྟན་དོན།ཚྭ་འདམ་འཁོར་རྒྱུག་དཔལ་འབྱོར་ཁུལ་གྱི་འཛུགས་སྐྲུན་མགྱོགས་སུ་གཏོང་དགོས།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235