མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

ཚོགས་ཆེན་བཅུ་དགུ་པའི་སྙན་ཞུ་ལས་ཕྱིར་བསྒྲགས་པའི་དམངས་འཚོའི་དོན་དངོས་ཁག་བཅུ།

ཡོང་ཁུངས།:མཚོ་སྲིད་དྲ་བ།  སྤེལ་དུས།:2017-11-01  རྩོམ་པ་པོ།:ཞིན་ཧྭ་དྲ་བ།  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:

འཕེལ་རྒྱསདོ་སྙོམས་མེད་པདངའཐུས་མི་ཚང་བ"ལ་དམིགས་ནས་དམངས་འཚོའི་ཞན་ཆ་གསབ་སྟེ་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ལས་དམངས་ཡོངས་ལ་དེ་བས་མང་བ་དང་དེ་བས་འདྲ་མཉམ་གྱི་ཕན་པ་ཇི་ལྟར་ཐོབ་པར་བྱེད་དགོས་སམ་ཞེ་ན།ཚོགས་ཆེན་བཅུ་དགུ་པའི་སྙན་ཞུས་ཕྱིར་བསྒྲགས་བྱས་པའི་དམངས་འཚོའི་བྱེད་ཐབས་གསར་པར་འཐུས་མི་དང་མི་སེར་ཚོར་དོ་ཁུར་ཆེན་པོ་བྱུང་ཡོད།

ཡོང་འབབ་འབྲིང་གྲས་ཀྱི་ཚོགས་སྤྱི་མུ་ནས་ཆེ་རུ་སོང་བ། ཡོང་འབབ་འབྲིང་གྲས་ཀྱི་ཚོགས་སྤྱི་རྒྱ་ཆེར་གཏོང་རྒྱུནིསྐྱུ་རའི་རྣམ་པའིབགོ་བཤའི་གྲུབ་ཆ་ཆགས་པའི་འགག་རྩ་ཞིག་ཡིན་པ་དང་དེ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པ་དང་འབྲེལ་བ་ཡོད།

ཞིང་པ་ལས་མི་ཐབས་ལམ་མང་པོར་བརྟེན་ནས་་ལས་ཞུགས་བྱེད་པར་སྐུལ་འདེད་གཏོང་དགོས།ལས་ཞུགས་ནི་དམངས་འཚོ་ཆེ་ཤོས་དེ་ཡིན།

རྒན་གསོ་འགན་བཅོལ་གྱི་རྒྱལ་ཡོངས་གཅིག་གྱུར་འཆར་འགོད་གང་མགྱོགས་ངང་མངོན་འགྱུར་བྱེད་དགོས།རྒན་རྒོན་ཇེ་མང་དུ་འགྲོ་བཞིན་ཡོད་པ་དེས་རྒན་གསོ་འགན་བཅོལ་གྱི་ཐེབས་རྩའི་གཏོང་ཡོང་དོ་སྙོམས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད།

སྨན་གྱིས་སྨན་ཁང་གསོ་བའི་བྱེད་སྟངས་ཕྱོགས་ཡོངས་ནས་མེད་པར་བཟོ་དགོས།སྨན་རྫས་མཁོ་སྤྲོད་འགན་ལེན་ལམ་ལུགས་འཐུས་ཚང་དུ་གཏོང་དགོས།

གྲོང་ཁྱེར་དང་གྲོང་གསེབ་ཀྱི་གསར་འཕར་ངལ་རྩོལ་ནུས་ཤུགས་མང་ཤོས་ལ་མཐོ་འབྲིང་དུས་མཚམས་ཀྱི་སློབ་གསོ་དང་ལེན་བྱེད་དུ་འཇུག་དགོས།རང་རྒྱལ་གྱི་གསར་འཕར་ངལ་རྩོལ་ནུས་ཤུགས་ལ་ཆ་སྙོམས་བྱས་ན་སློབ་གསོ་དང་ལེན་བྱེད་པའི་ལོ་ཚད་ལོ་13.3ལས་བརྒལ་ཡོད།འོན་ཀྱང་རྒྱལ་ཡོངས་ཀྱི་འཕེལ་རྒྱས་ཆུ་ཚད་དོ་མཉམ་མིན་པ་རེད།

2020ལོར་མི་འབོར་དབུལ་པོ་དང་ས་ཁུལ་དབུལ་པོ་དབུལ་སྒྲོལ་དངོས་ཐུབ་པ་དང་དབུལ་སྒྲོལ་དངོས་འབྲེལ་ཐུབ་པའི་འགན་ལེན་བྱེད་དགོས། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སུ་སླེབས་བསྐྲུན་པར་ད་དུང་ལོ་3ཡོད་པ་དང་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་དབུལ་སྒྲོལ་ལས་འགན་ལ་ད་དུང་དཀའ་ཚེགས་ཆེན་པོ་ཡོད།

མཁའ་རླུང་དང་ཆུ།ས་རྒྱུ་སོགས་མངོན་གསལ་དོད་པའི་ཁོར་ཡུག་གི་གནད་དོན་ཧུར་ཐག་གིས་ཐག་གཅོད་བྱེད་དགོས།   མངོན་གསལ་དོད་པའི་ཁོར་ཡུག་གི་གནད་དོན་ཧུར་ཐག་གིས་ཐག་གཅོད་བྱེད་པའི་ནངམཁའ་རླུང་སྦགས་བཙོག་འགོག་བཅོས་ཀྱི་བྱ་སྤྱོད་མུ་མཐུད་ལག་བསྟར་བྱས་ནས་ནམ་མཁའ་གཡའ་དག་པའི་སྲུང་སྐྱོང་དམག་འཐབ་ཡག་པོ་རྒྱག་དགོས་པདངཆུའི་སྦགས་བཙོག་མྱུར་བར་འགོག་བཅོས་བྱེད་པ”“ས་རྒྱུ་སྦགས་བཙོག་དོ་དམ་ཚོད་འཛིན་དང་ཉམས་གསོ་བྱེད་ཤུགས་ཆེ་རུ་གཏོང་བབཅས་ཚུད་ཡོད།

བྱེད་པོ་མང་པོས་མཁོ་སྤྲོད་བྱེད་པ་དང་།ཐབས་ལམ་མང་པོས་འགན་སྲུང་བྱེད་པ།བོགས་གཏོང་དང་ཉོ་སྒྲུབ་མཉམ་དུ་སྤྱོད་པ་བཅས་ཀྱི་སྡོད་ཁང་ལམ་ལུགས་མགྱོགས་མྱུར་བཟོ་པ།   ཁང་པ་ནི་སྡོད་ས་ཡིན་པ་ལས་ཉོ་འཚོང་བྱེད་པའི་གནས་ངེས་གཏན་ཞིག་མིན་པའི་ངོས་འཛིན་མཐའ་འཁྱོངས་བྱེད་དགོས།

བཟའ་བཅའི་བདེ་འཇགས་འཐབ་ཇུས་ལག་བསྟར་བྱེད་དགོས།

ལྕེ་རྩེའི་བདེ་འཇགས་ནི་མི་གྲངས་དུང་ཕྱུར་13གྱི་དམངས་འཚོ་དང་ཐད་ཀར་འབྲེལ་ཡོད།

གཞིས་ལུས་བྱིས་པ་དང་བུད་མེད།རྒན་རྒོན་བཅས་ཀྱི་གཅེས་སྐྱོང་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་དགོས། གྲོང་གསེབ་ཀྱིགཞིས་ལུས་གསུམགྱི་ཚོགས་སྤྱི་ནི་སྤྱི་ཚོགས་ཀྱིས་ཡུན་རིང་དོ་ཁུར་བྱེད་པའི་གནད་གཙོ་བོ་ཞིག་ཡིན།

གོང་མ།:ལིན་ཧུའུ་ཡིས་གཞི་རིམ་ཏང་འཛུགས་བྱ་བའི་སྐུལ་སྤེལ་ཚོགས་འདུ་བསྡུས།

ཞོལ་མ།:རང་ཁུལ་གྱི་ལས་བྱེད་མང་ཚོགས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་བ་གྲོལ་བའི་མཛད་སྒོ་ལ་བལྟས།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235