མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

ལིན་ཧུའུ་ཡིས་གཞི་རིམ་ཏང་འཛུགས་བྱ་བའི་སྐུལ་སྤེལ་ཚོགས་འདུ་བསྡུས།

ཡོང་ཁུངས།:མཚོ་ནུབ་བརྙན་འཕྲིན་ཁང་།  སྤེལ་དུས།:2017-11-01  རྩོམ་པ་པོ།:བདེ་སྐྱིད་སྒྲོལ་མ།  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:


    ཉེ་ཆར།   ལིན་ཧུའུ་སྲིད་འཛིན་བྱ་བའི་ཨུ་ཡོན་ལྷན་ཁང་གིས་2017ལོའི་གཞི་རིམ་ཏང་འཛུགས་བྱ་བའི་སྐུལ་སྤེལ་ཚོགས་འདུ་བསྡུས་པ་དང་།  གཅིག་བསྡུས་སྒོས་རྩ་འཛུགས་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོར་བྱས་པ་མ་ཟད།  ད་དུང་དུས་ཚིགས་བཞི་བའི་ས་ཁུལ་ཡོངས་ཀྱི་ཏང་འཛུགས་བྱ་བར་བཀོད་སྒྲིག་བྱས།
  གྲོས་ཚོགས་ཀྱིས་བསྟན་དོན།  ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་ལ་སློབ་སྦྱོང་དོན་འཁྱོལ་བྱེད་པ་ནི། ཞི་ཅིན་ཕིན་གྱི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློས་ཀླད་པར་དྲག་ཆས་སྤྲས་ཏེ། ཐོག་མཐའ་བར་གསུམ་དུ་བསམ་པ་དང་ཆབ་སྲིད།  སྦྱོར་བ་ཡོངས་ཏང་ཀྲུང་དབྱང་དང་ཚད་མཐའི་གཅིག་གྱུར་བྱེད་པ་དང་།  ཏང་གིས་བྱ་བ་ཡོངས་ལ་སྣེ་ཁྲིད་བྱེད་པ་རྒྱུན་འཁྱོངས་བྱེད་པ། ཏང་གི་ཆབ་སྲིད་བྱ་བ་དེ་བྱ་བའི་འགངས་ཆེན་དུ་འཇོག་པ། གཟབ་ནན་གྱིས་ཏང་སྐྱོང་བའི་འགན་འཁྲི་གཙོ་བོ་སྔར་ལས་སྲ་བརྟན་དུ་བཏང་ནས། ཁུལ་ཡོངས་ཀྱི་གཞི་རིམ་ཏང་འཛུགས་བྱ་བ་ཏན་ཏིག་གིས་སྐུལ་སྤེལ་བྱེད་དགོས་ཤིང་།   ཁུལ་ཡོངས་ཀྱི་རིམ་པ་སོ་སོས་ཏང་ནན་གྱིས་སྐྱོང་བ་རྒྱུན་འཁྱོངས་བྱེད་པ་དང་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་གཏོང་བ།  གཞི་རིམ་ཏང་འཛུགས་བྱ་བའི་སྙིང་སྟོབས་དང་བླང་བྱ་གསར་བར་ཤུགས་སྣོན་བྱས་ནས། མུ་མཐུད་དུ་ནུས་ཤུགས་གང་ཡོད་དང་། ལས་མཁས་སྒྲུབ་མཁས་བྱས་ཏེ་གཞི་རིམ་ཏང་འཛུགས་བྱ་བར་དམ་འཛིན་ལེགས་སྤེལ་བྱེད་དགོས་པ་བསྟན།
 
གྲོས་ཚོགས་ཀྱིས་ནན་གྱིས་བསྟན་དོན། ཕྱོགས་ཡོངས་ནས་གཞི་རིམ་ཏང་འཛུགས་བྱ་བའི་འགན་ཁུར་གྱི་རྩིས་ཐོ་དངོས་འབེབ་བྱས་ཏེ། གནད་དོན་ལ་དམིགས་ནས་ལེགས་བཅོས་བྱེད་པ་དང་། དུས་ཚིགས་བཞི་བའི་གཞི་རིམ་ཏང་འཛུགས་ཀྱི་རིགས་སོ་སོའི་བྱ་བ་ལེགས་པོར་སྒྲུབ་དགོས། གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ནུས་པ་དང་རྩ་འཛུགས་ནུས་པ་འབུར་དུ་ཐོན་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་མགོ་ཁྲིད་ནུས་པ་དང་འཐབ་འཛིང་གི་ནུས་པ་འདོན་སྤེལ་བྱེད་པ། ཏང་ཡོན་གྱི་དཔེ་སྟོན་ནུས་པ་དང་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་ཡི་མགོ་ཁྲིད་དང་མཛུབ་སྟོན་ནུས་པ་འདོན་སྤེལ་བྱས་ཐོག  ཏང་འཛུགས་དམ་འཛིན་དང་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པ་དམ་པོར་སྦྲེལ་པ་དང་།  ཏང་འཛུགས་དང་ཏང་གི་ལས་དོན་གཅིག་གྱུར་བཀོད་འདོམས་བྱེད་པ།  ཏང་འཛུགས་དང་ཐོན་ལས་དར་རྒྱས་དང་།  བཅོས་བསྒྱུར་ལ་སྐུལ་འདེད་བྱེད་པ།   དབུལ་ཐར་དམ་འཛིན་དང་ཡོང་སྒོ་འཕེལ་སྣོན་བྱེད་པ་དང་།  ཞབས་ཕྱི་ལེགས་ཤིང་ཁོར་ཡུག་མཛེས་པ།  བཅོས་སྐྱོང་ཤུགས་དྲག་དང་གཏན་འཇགས་སྲུང་བ་བཅས་ཟུང་འབྲེལ་བྱས་ཏེ། མུ་མཐུད་དུ་གཞི་རིམ་ཏང་འཛུགས་བྱ་བའི་ཕྱོགས་ཡོངས་ཀྱི་ཆུ་ཚད་ཇེ་མཐོར་བཏང་ཐོག  ལོའི་དམིགས་འབེན་འགན་འཁུར་ལེགས་འགྲུབ་ཡོང་བར་ཁག་ཐེག་བྱེད་དགོས་པ་བསྟན།

གོང་མ།:གཏེར་ལེན་ཁ་གྲོང་ཁྱེར་ཁྲིམས་ཁང་གིས་མཐོ་སྒང་གི་འདོད་བློ་ཞེས་པའི་འགག་སྒྲོལ་ལག་བསྟར་བྱ་འགུལ་ལ་ཕན་འབྲས་མངོན་གསལ་བླངས།

ཞོལ་མ།:ཚོགས་ཆེན་བཅུ་དགུ་པའི་སྙན་ཞུ་ལས་ཕྱིར་བསྒྲགས་པའི་དམངས་འཚོའི་དོན་དངོས་ཁག་བཅུ།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235