མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

གཏེར་ལེན་ཁ་གྲོང་ཁྱེར་ཁྲིམས་ཁང་གིས་མཐོ་སྒང་གི་འདོད་བློ་ཞེས་པའི་འགག་སྒྲོལ་ལག་བསྟར་བྱ་འགུལ་ལ་ཕན་འབྲས་མངོན་གསལ་བླངས།

ཡོང་ཁུངས།:  སྤེལ་དུས།:2017-11-03  རྩོམ་པ་པོ།:  རྩོམ་སྒྲིག་པ།:完么仁增    ཀློགས་གྲངས།:

ཉེ་ཆར།  གཏེར་ལེན་ཁ་གྲོང་ཁྱེར་ཁྲིམས་ཁང་གིས་མཐོ་སྒང་གི་འདོད་བློ་ཞེས་པའི་འགག་སྒྲོལ་ལག་བསྟར་བྱ་འགུལ་གྱི་གནས་ཚུལ་གསར་འགྱུར་ཁྱབ་བསྒྲགས་གྲོས་ཚོགས་བསྡུས་པ་མ་ཟད། ད་དུང་གཅིག་བསྡུས་སྒོས་ལག་བསྟར་མ་དངུལ་སྒོར་ས་ཡ་གཉིས་འབུམ་བཞི་ཁྲི་གསུམ་མར་བྱིན། རྒྱུས་ལོན་བྱས་པ་ལྟར་ན།  མཐོ་སྒང་གི་འདོད་བློ་ཞེས་པའི་འགག་སྒྲོལ་ལག་བསྟར་བྱ་འགུལ་སྤེལ་བའི་དུས་སྐབས་སུ།གཏེར་ལེན་ཁ་གྲོང་ཁྱེར་ཁྲིམས་ཁང་གིས་ལག་བསྟར་གྱོད་དོན་50དང་ལེན་བྱས་པ་དང་།  གྱོད་དོན་70ཐག་གཅོད་བྱས། དེའི་ནང་ལག་བསྟར་གོ་རིམ་མཇུལ་འགྲིལ་བའི་གྱོད་དོན་30དང་།  ལག་བསྟར་བྱས་ཚར་བའི་གྱོད་དོན47ཡོད།  ལག་བསྟར་ལྟར་དམིགས་སུ་འབྱོར་བའི་མ་དངུལ་སྒོར་ས་ཡ་གཉིས་འབུམ་དྲུག་ཁྲི་དགུ་ལ་སླེབས།

   གཏེར་ལེན་ཁ་གྲོང་ཁྱེར་མི་དམངས་ཁྲིམས་ཁང་ལག་བསྟར་ཅུའུ་ཡི་མགོ་གཙོ་ཀྲའོ་ཧའེ་དབྱིན་གྱིས་བཤད་རྒྱུར། ང་ཚོས་དེ་རིང་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་སྤེལ་བ་ནི།   སྤྱི་ཚོགས་ཡོངས་ཀྱི་ལས་རིགས་སོ་སོ་ལ་གཏེར་ལེན་ཁ་གྲོང་ཁྱེར་མི་དམངས་ཁྲིམས་ཁང་གིས་དོ་བདག་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་པའི་རྣམ་འགྱུར་དྲང་ཞིང་ཆོད་སེམས་བརྟན་པོ་ཡིན་པ་མཚོན་ཡོད་པ་མ་ཟད། གོ་སྐབས་འདི་བེད་སྤྱད་དེ་སྤྱི་ཚོགས་ཡོངས་ཀྱི་ལས་རིགས་སོ་སོ་ལ་ཁྲིམས་ཁང་གི་ལག་བསྟར་བྱ་བའི་གནས་ཚུལ་སྤྱི་བསྒྲགས་བྱས་ཏེ། མི་དམངས་མང་ཚོགས་ཀྱིས་ལག་བསྟར་གྱི་གནས་ཚུལ་ལ་རྒྱུས་ལོན་དང་།  ལག་བསྟར་ལ་བདེན་དཔང་བྱེད་པ། ལག་བསྟར་བྱེད་པར་བཀུར་སྟི་དང་རྒྱབ་སྐྱོར་བྱེད་པ།  ལག་བསྟར་ལ་གཡོལ་བའི་ལག་བསྟར་བྱེད་ཡུལ་གྱི་མི་ལ་འཇིགས་སྣང་སྐྱེད་ནས། གཏེར་ལེན་ཁ་གྲོང་ཁྱེར་མི་དམངས་ཁྲིམས་ཁང་གི་ལག་བསྟར་བྱེད་དཀའ་བའི་གནད་དོན་གྱི་ཆོད་སེམས་དང་ཡིད་ཆེས་མཚོན་པར་བྱས་ཡོད་ཟེར།  

གོང་མ།:མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་ཞང་སྡེའི་སྨན་པ་བརྒྱ་དང་ཉེར་བདུན་རྩ་འཛུགས་བྱས་ཏེ་སྨན་པའི་ཕྱོགས་བསྡུས་སྤུས་ཚད་དང་ལས་སྒོའི་ཆུ་ཚད་མཐོར་འདེགས་གཏོང་བའི་གསོ་སྦྱོང་འཛིན་གྲྭ་བསྒྲུབས།

ཞོལ་མ།:ལིན་ཧུའུ་ཡིས་གཞི་རིམ་ཏང་འཛུགས་བྱ་བའི་སྐུལ་སྤེལ་ཚོགས་འདུ་བསྡུས།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235