མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་ཞང་སྡེའི་སྨན་པ་བརྒྱ་དང་ཉེར་བདུན་རྩ་འཛུགས་བྱས་ཏེ་སྨན་པའི་ཕྱོགས་བསྡུས་སྤུས་ཚད་དང་ལས་སྒོའི་ཆུ་ཚད་མཐོར་འདེགས་གཏོང་བའི་གསོ་སྦྱོང་འཛིན་གྲྭ་བསྒྲུབས།

ཡོང་ཁུངས།:  སྤེལ་དུས།:2017-11-13  རྩོམ་པ་པོ།:  རྩོམ་སྒྲིག་པ།:    ཀློགས་གྲངས།:

ཉེ་ལམ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་འཕྲོད་བསྟེན་འཆར་ལྡན་བུ་སྐྱེ་ཨུ་ཡོན་ལྷན་ཁང་གིས་ཁུལ་ཡོངས་ཀྱི་ཞང་སྡེའི་སྨན་པ་བརྒྱ་དང་ཉེར་བདུན་རྩ་འཛུགས་བྱས་ཏེ་དུས་ཡུན་གཉིས་སུ་བགོས་ནས་སྨན་པའི་ཕྱོགས་བསྡུས་སྤུས་ཚད་དང་ལས་སྒོའི་ཆུ་ཚད་མཐོར་འདེགས་གཏོང་བའི་གསོ་སྶྦྱོང་འཛིན་གྲྭ་བསྒྲུབས།

གསོ་སྦྱོང་འཛིན་གྲྭའི་སྟེང་། དགེ་རྒན་གྱིས་རྒྱལ་ཁབ་གཞི་རྩའི་སྤྱི་བའི་འཕྲོད་བསྟེན་ཞབས་ཞུའི་ཚད་གཞི་འགྲེལ་ཀློག་བྱས་པ་དང་། གཞི་རྩའི་སྤྱི་བའི་འཕྲོད་བསྟེན་ཞབས་ཞུའི་ཆ་འཕྲིན་སྟེགས་བུ་བཀོལ་སྤྱོད་བྱེད་སྟངས་དང་ཁྲག་ཤེད་མཐོ་བའི་ནད་དང་གཅིན་པ་མངར་འགྱུར་ནད་འགོག་བཅོས་བྱེད་སྟངས་ཐད་ནས་སློབ་ཁྲིད་བྱས་པར་མ་ཟད། དོན་ཟབ་ལ་གོ་སླ་བའི་སློབ་ཁྲིད་བྱེད་ཐབས་སྤྱད་དེ་སྨན་བཅོས་ཀྱི་རྨང་གཞིའི་ཤེས་བྱ་དང་ལག་རྩལ་སློབ་ཁྲིད་བྱས་པ་དང་། གཙོ་བོར་གཞི་རྩའི་སྤྱི་བའི་འཕྲོད་བསྟེན་ཞབས་ཞུའི་ལས་གཞི་དང་དལ་བའི་རང་བཞིན་གྱི་ནད། རྒྱུན་མཐོང་ནད་ཀྱི་སྨན་བཅོས་བྱེད་ཐབས་སོགས་ཐད་ནས་ཕན་ཚུན་མཉམ་སྒུལ་གྱིས་སློབ་ཁྲིད་བྱས་པས་གསོ་སྦྱོང་ལ་ཞུགས་པའི་སྨན་པ་དག་གི་ཧུར་བརྩོན་རང་བཞིན་སྐུལ་སློང་བྱས་པ་དང་ཚང་མས་ཤེས་རྟོགས་མཐོར་འདེགས་བཏང་། ཐེངས་འདིའི་གསོ་སྦྱོང་གིས་ཞང་སྡེའི་སྨན་པ་དག་ལ་བརྗེ་རེས་སྟེགས་བུ་འདོན་སྤྲོད་བྱས་པ་དང་ཞང་སྡེའི་སྨན་པ་དག་གིས་གོམ་གང་མདུན་སྤོས་ཀྱིས་གཞི་རྩའི་སྤྱི་བའི་འཕྲོད་བསྟེན་ཞབས་ཞུ་བཟང་བོར་སྤེལ་བ་དང་དལ་བའི་རང་བཞིན་གྱི་ནད་ཀྱི་སྨན་བཅོས་ཆུ་ཚད་མཐོར་འདེགས་གཏོང་བར་རྨང་གཞི་བརྟན་པོ་བཏིངས།

གོང་མ།:ཞིང་ཆེན་ཡོངས་ཀྱི་རོང་འབྲོག་དམངས་ཏང་ཡོན་དང་མཁར་གྲོང་སྡོད་དམངས་ཏང་ཡོན་རྣམས་ལ་སྤྲིངས་པའི་འཕྲིན་ཡིག

ཞོལ་མ།:གཏེར་ལེན་ཁ་གྲོང་ཁྱེར་ཁྲིམས་ཁང་གིས་མཐོ་སྒང་གི་འདོད་བློ་ཞེས་པའི་འགག་སྒྲོལ་ལག་བསྟར་བྱ་འགུལ་ལ་ཕན་འབྲས་མངོན་གསལ་བླངས།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235