མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

ཡོན་ཉིན་གྱིས་གཏེར་ལམ་རྫོང་གཞི་རིམ་འབྲེལ་གཏུག་ས་ཚིགས་སུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་སྒྲོག་འགྲེལ་བྱས།

ཡོང་ཁུངས།:ཚྭ་འདམ་དྲ་བ།  སྤེལ་དུས།:2017-11-20  རྩོམ་པ་པོ།:མཚོ་ནུབ་བརྙན་འཕྲིན་ཁང་།  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:

    ཉེ་ཆར།  ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཡོན་ཉིན་གཞི་རིམ་འབྲེལ་གཏུག་ས་ཚིགས་སྟེ། གཏེར་ལམ་རྫོང་ཤངས་སྡེ་གྲོང་བརྡལ་ཁྲེ་ཁེ་སྡེ་བ་ཞོལ་མ་དང། ལྷོ་བྱང་སྲང་ལམ་སྡེ་ཁུལ་དུ་སོང་ནས། སྡེ་བ་དང་སྡེ་ཁུལ་གྱི་འགོ་ཁྲིད་། ཁུལ་དང་རྫོང་གི་འབྲེལ་ཡོད་དམངས་ཆེན་འཐུས་མི་དང་མང་ཚོགས་རྣམས་ལ་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་སྒྲོག་འགྲེལ་བྱས་པར་མ་ཟད།ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་ལ་སློབ་སྦྱོང་བྱས་པའི་མྱོང་ཚོར་གླེང་མོལ་བྱས།

   སྒྲོག་འགྲེལ་ཚོགས་འདུའི་སྟེང་། ཡོན་ཉིན་གྱིས་མང་ཚོགས་རྣམས་ཀྱིས་གོ་བ་ལེན་ཐུབ་པ་དང་ལག་བསྟར་དངོས་འབེབས་བྱེད་ཐུབ་པའི་སྒོ་ནས་སྒྲོག་འགྲེལ་བྱས་པ་དང་། ཁོས་བསྟན་དོན། ད་ལྟ་ང་ཚོའི་རྒྱལ་ཁབ་སྟོབས་འབྱོར་ལྡན་ཞིང་། མང་ཚོགས་རྣམས་ཀྱང་ཕྱུག་པོར་ཆགས་བཞིན་ཡོད།  འདས་པའི་ལོ་ལྔའི་རིང་ལ། ང་ཚོའི་རྒྱལ་ཁབ་ལ་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འཕོ་འགྱུར་བྱུང་ཡོད་དེ། འདི་འདྲའི་འཕོ་འགྱུར་བྱུང་བའི་རྩ་བའི་རྒྱུ་མཚན་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིན་གྱི་ཡང་དག་པའི་སྣེ་ཁྲིད་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིན་གྱི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཚན་རིག་རང་བཞིན་གྱི་ཁྲིད་སྟོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕེན་ནི་ཏང་ཡོངས་ཀྱིས་བརྩི་བཀུར་བྱེད་པ་དང་མི་དམངས་ཀྱིས་དགའ་མོས་བྱེད་པའི་ གཙོ་འཛིན་ཞིག་ཡིན་ལ། ང་ཚོས་བློ་བརྟན་འགྱུར་མེད་ཀྱིས་སྤྱི་ཁྱབ་ཧྲའུ་ཅི་ཞིས་ཅིན་ཕེན་དཀྱིལ་སྙིང་ཡིན་པའི་ཏང་ཀྲུང་དབྱང་དང་ཏང་ཡོངས་ཀྱི་སྲོག་ཤིང་སྲུང་སྐྱོང་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕེན་གྱི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་སྣེ་ཁྲིད་འོག ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་པར་ཕུ་ཐག་བཅད་དེ། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་གྱི་རྒྱལ་ཁ་ལེན་དགོས་པ་བསྟན།

ཡོན་ཉིན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་བཅུ་དགུ་བས་དམངས་ཚིས་ལ་ཕན་པའི་སྲིད་ཇུས་རབས་དང་རིམ་པ་བཏོན་ཡོད་པས། རྒྱ་ཆེ་བའི་ཞིང་བ་མང་ཚོགས་རྣམས་ལ་ཞིང་སྡེ་འཕེལ་རྒྱས་ཀྱི་ལམ་ཁ་ཡངས་པོ་དང་། མ་འོངས་པའི་བདེ་སྐྱིད་ཀྱི་འཚོ་བའི་ཁ་ཕྱོགས་བསྟན་ཡོད་ལ། ཤངས་སྡེ་གྲོང་བརྡལ་ཁྲེ་ཁེ་སྡེ་བ་ཞོལ་མའི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་དང་བསྟུན་ནས། ཞིང་སྡེ་དར་རྒྱས་འཐབ་ཇུས་ཀྱི་བླང་བྱ་ལྟར་བློ་བརྟན་འགྱུར་མེད་དང་སྤོ་སེམས་ཆེན་པོས་བྱ་བ་བསྒྲུབ་སྟེ། སྔ་མོ་ནས་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་དགོས་ཤིང་། སྡེ་བའི་ཏང་ཀྲི་པུ་ཡིས་ཡང་དག་པའི་སྣེ་ཁྲིད་ཀྱི་འོག  སྡེ་བའི་འགོ་ཁྲིད་ཁོངས་མི་ཡག་པོར་བདམས་ནས་མང་ཚོགས་ལ་སྣེ་ཁྲིད་ནས་དབུལ་ཐར་ཕྱུག་འགྱུར་གྱི་ལམ་ལ་བསྐྱོད་དགོས་པ་བསྟན།

གོང་མ།:མཚོ་ནུབ་ཁུལ་གྱིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་མདུན་སྐྱོད་དཔེ་སྟོན་ཁུལ་བསྐྲུན་པའི་ཞིབ་དཔྱད་ཚད་ལེན་བཀོད་སྒྲིག་གྲོས་ཚོགས་བསྡུས།

ཞོལ་མ།:ཞིང་ཆེན་ཡོངས་ཀྱི་རོང་འབྲོག་དམངས་ཏང་ཡོན་དང་མཁར་གྲོང་སྡོད་དམངས་ཏང་ཡོན་རྣམས་ལ་སྤྲིངས་པའི་འཕྲིན་ཡིག

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235