མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

མཚོ་ནུབ་ཁུལ་གྱིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་མདུན་སྐྱོད་དཔེ་སྟོན་ཁུལ་བསྐྲུན་པའི་ཞིབ་དཔྱད་ཚད་ལེན་བཀོད་སྒྲིག་གྲོས་ཚོགས་བསྡུས།

ཡོང་ཁུངས།:  སྤེལ་དུས།:2017-11-27  རྩོམ་པ་པོ།:  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:

  ཟླ11པའི་ཚེས20ཉིན།མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་རྩ་འཛུགས་བྱས་ཏེ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་མདུན་སྐྱོད་དཔེ་སྟོན་ཁུལ་བསྐྲུན་པའི་ཞིབ་དཔྱད་ཚད་ལེན་གྲོས་ཚོགས་བསྡུས་ཤིང་།  གྲོས་ཚོགས་སྟེང་ཞིབ་དཔྱད་ཚད་ལེན་བྱ་བར་བཀོད་སྒྲིག་མཛད།

རྒྱུས་ལོན་བྱུང་བ་ལྟར་ན། ཟླ12པའི་ཚེས3ནས7ཉིན་བར་དུ་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་མི་རིགས་མཐུན་སྒྲིལ་མདུན་སྐྱོད་དཔེ་སྟོན་ཁུལ་བསྐྲུན་པའི་ལས་དོན་ལ་ཞིབ་དཔྱད་ཚད་ལེན་བྱ་རྒྱུ་ཡིན་པ་དང་།  དཔེ་སྟོན་ཁུལ་གྱི་ཞིབ་དཔྱད་ཚད་ལེན་བྱ་བ་གོ་རིམ་ངང་སྤེལ་བར་སྐུལ་འདེད་བྱ་ཕྱིར་མཚོ་ནུབ་ཁུལ་གྱིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་མདུན་སྐྱོད་དཔེ་སྟོན་ཁུལ་བསྐྲུན་པའི་ཞིབ་དཔྱད་ཚད་ལེན་བཀོད་སྒྲིག་གྲོས་ཚོགས་བསྡུས།གྲོས་ཚོགས་སྟེང་འབྲེལ་ཡོད་ལས་ཁུངས་སོ་སོའི་ཞིབ་དཔྱད་འོས་འགན་སྔར་བས་གཏན་ཁེལ་གསལ་བོ་བྱས་ཤིང་།འོས་འགན་ལས་ཁུངས་སོ་སོས་སྔར་ལས་ལྷག་པའི་སྒོ་ནས་མི་རིགས་མཐུན་སྒྲིལ་མདུན་སྐྱོད་དྲིལ་སྒྲོག་སློབ་གསོ་ལས་དོན་ཟབ་མོ་སྤེལ་ཏེ།ལས་བྱེད་མང་ཚོགས་ཀྱིས་མི་རིགས་མཐུན་སྒྲིལ་མདུན་སྐྱོད་ཀྱི་འབྲེལ་ཡོད་ཤེས་བྱ་རྟོགས་ཚད་བརྒྱ་ཆའི་བརྒྱ་ལ་སླེབས་པར་ཁག་ཐེག་བྱེད་པ་མ་ཟད། ཞིབ་དཔྱད་ཚད་ལེན་གྲ་སྒྲིག་ལས་དོན་ཁྲོད་གནས་པའི་གནད་དོན་མྱུར་བར་ཐག་གཅོད་དགོས།

རྒྱུས་ལོན་བྱུང་བ་ལྟར་ན།ད་ལོའི་ཟླ8པ་ནས་བཟུང་དོན་དམ་གྱིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་དཔེ་སྟོན་ཁུལ་བསྐྲུན་པའི་ཞིབ་དཔྱད་ཚད་ལེན་བྱ་བ་ལེགས་པོར་སྤེལ་བ་དང་གསར་སྐྲུན་ལས་དོན་འོས་འགན་དོན་འཁྱོལ་བར་སྐུལ་འདེད་བྱེད་ཆེད།མཚོ་ནུབ་ཁུལ་གྱིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་མདུན་སྐྱོད་དཔེ་སྟོན་ཁུལ་བསྐྲུན་པའི་ཞིབ་དཔྱད་ཚད་ལེན་ལས་དོན་ཐད་འགོ་ཁྲིད་ལ་ས་གནས་གཏན་ཁེལ་ལྟར་འགན་ལེན་པའི་ལམ་ལུགས་བཙུགས་ཏེ།ཁྱོན་ཡོངས་ནས་འགོ་ཁྲིད་དང་པོའི་འགན་གཅིག་ལྕོགས་སུ་ལེན་པའི་ལམ་ལུགས་དང་འོས་འགན་རྩད་གཅོད་ལམ་ལུགས་ལག་བསྟར་བྱས་ཤིང་།ནན་ཏན་སྒོས་ཞིབ་དཔྱད་ཚད་ལེན་གྱི་ཚད་གཞི་ལྟར་སེམས་ཞིབ་མོས་ཧུར་བརྩོན་བྱེད་པར་བླང་བྱ་བཏོན་ཏེ་རང་སྡེ་ཁག་དང་རང་ལས་ཁུངས་ཀྱི་གསར་སྐྲུན་ལས་དོན་དམ་འཛིན་བྱེད་པའི་དུས་མཚུངས་སུ།ལྟ་བཤེར་ལ་ཤུགས་སྣོན་བྱས་ཏེ་རྩ་འཛུགས་སྒོས་ས་གནས་སོ་སོ་དང་སྡེ་ཁག་སོ་སོ།ལས་ཁུངས་སོ་སོར་ཕྱིན་ནས་གཙོ་གནད་ལ་ལྟ་བཤེར་བྱས་ཤིང་།དམིགས་འབེན་ལས་འགན་སོ་སོ་སྤུས་ཚད་མཐོ་ཞིང་ཚད་གཞི་མཐོ་བའི་ངང་འགྲུབ་པར་ལྟ་སྐུལ་བྱས་ཏེ།ཐུན་མོང་གིས་རྒྱལ་ཁབ་ཀྱིས་ཞིབ་དཔྱད་ཚད་ལེན་ལས་དོན་ཆེད་དུ་ཧུར་བརྩོན་སྒོས་བྱས་རྗེས་བཞག

གོང་མ།:ཀྲུའོ་ལུང་ཞང་གིས་ཐེམ་ཆེན་རྫོང་ཤེས་ཡོན་གྲོང་རྡལ་ནས་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་སྒྲོག་འགྲེལ་བྱས།

ཞོལ་མ།:ཡོན་ཉིན་གྱིས་གཏེར་ལམ་རྫོང་གཞི་རིམ་འབྲེལ་གཏུག་ས་ཚིགས་སུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་སྒྲོག་འགྲེལ་བྱས།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235