མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

ཀྲུའོ་ལུང་ཞང་གིས་ཐེམ་ཆེན་རྫོང་ཤེས་ཡོན་གྲོང་རྡལ་ནས་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་སྒྲོག་འགྲེལ་བྱས།

ཡོང་ཁུངས།:མཚོ་ནུབ་བརྙན་འཕྲིན་ཁང་།  སྤེལ་དུས།:2017-11-28  རྩོམ་པ་པོ།:བདེ་སྐྱིད་སྒྲོལ་མ།  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:

     ཉེ་ཆར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཀྲུའོ་ལུང་ཞང་ཐེམ་ཆེན་རྫོང་ཤེས་ཡོན་གྲོང་རྡལ་དུ་སོང་ནས་ས་གནས་ལས་བྱེད་པ་དང་ཀྲི་པུའུ་སོ་སོའི་ཧྲུའུ་ཅི།དེ་མིན་སྡེ་སྡོད་ཧྲུའུ་ཅི་དང་པོ་བཅས་ལ་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་སྒྲོག་འགྲེལ་བྱས།

     སྒྲོག་འགྲེལ་ཁྲོད།  ཀྲུའོ་ལུང་ཞང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་བའི་བརྗོད་དོན་དང་ཕན་འབྲས་གཙོ་བོ། ཞི་ཅིན་ཕིན་གྱི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དང་།   འདས་པའི་ལོ་ལྔའི་ལོ་རྒྱུས་རིང་བཞིན་གྱི་གྲུབ་འབྲས་དང་བཅོས་བསྒྱུར། ལོ་བརྒྱ་ཅན་གཉིས་ཀྱི་འབད་བརྩོན་དམིགས་འབེན་བཀོད་སྒྲིག་སོགས་ཕྱོགས་ལྔ་ནས་ཕྲ་ཞིང་ཞིབ་པའི་སྒོ་ནས་རྒྱས་བཤད་བྱས།  བཞུགས་མོལ་གྲོས་ཚོགས་སྟེང་།  ཀྲུའོ་ལུང་ཞང་གིས་ཤེས་ཡོན་གྲོང་རྡལ་གྱིས་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་སྒྲོག་འགྲེལ་བྱས་པའི་གནས་ཚུལ་གྱི་ཡར་ཞུ་ལ་ཉན།  

  ཀྲུའོ་ལུང་ཞང་གིས་ནན་གྱིས་བསྟན་དོན།     བྱེད་ཐབས་དང་རྣམ་པ་མང་པོ་བརྒྱུད་ནས་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་འབྲོག་ཁུལ་དུ་བསྐྱལ་པ་དང་།  ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་སྒྲོག་འགྲེལ་བྱེད་པའི་རྣམ་པ་གསར་སྐྲུན་བྱས་ཏེ།  གོ་སླ་བའི་སྒོ་ནས་འབྲོག་པ་མང་ཚོགས་ལ་སྒྲོག་འགྲེལ་བྱེད་དགོས་ཤིང་།འབྲོག་པ་མང་ཚོགས་ཀྱི་ཆེས་དོ་ཁུར་བྱེད་པའི་དམངས་ཚིས་གནད་དོན་ནས་མགོ་རྩོམ་པ་དང་། འབྲོག་པ་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་འགྱུར་ལྡོག་གླེང་ནས་ཁོ་ཚོའི་མཐའ་འཁོར་གྱི་འགྱུར་ལྡོག་ཆུང་ཆུང་གླེང་གཞིར་བྱས་ཏེ། འབྲོག་པ་མང་ཚོགས་ལ་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་ལ་མྱོང་ཚོར་ཟབ་མོ་ཡོད་པ་དང་།  གཞི་རིམ་གྱི་མཁར་ཞང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་དང་ཟུང་འབྲེལ་བྱས་ནས།  རོང་འབྲོག་ཁུལ་གྱི་འཕེལ་རྒྱས་གསར་སྐྲུན་དང་།  ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་བཅས་ལ་ཟུང་འབྲེལ་བྱས་ནས་ཞིང་སྡེའི་འཕེལ་རྒྱས་འཐབ་ཇུས་ལག་བསྟར་བྱེད་པ།ཐོན་ལས་དར་རྒྱས་དང་སྐྱེ་ཁམས་མཉམ་གནས། གོམས་གཤིས་ཡ་རབས། འཚོ་བ་འབྱོར་ཕྱུག་གི་སྤྱིའི་བླང་བྱ་ལྟར། རོང་འབྲོག་ཁུལ་གྱི་དེང་རབས་ཅན་ལ་སྐུལ་འདེད་བྱེད་པ་ཇེ་མགྱོགས་སུ་གཏོང་དགོས་པ་བསྟན།  

ཀྲུའོ་ལུང་ཞང་གིས་ན་གཞོན་ལས་བྱེད་པ་རྣམས་ལ་ན་གཞོན་ལས་བྱེད་པས་རང་སྟོབས་ཀྱི་ཁྱད་ཆོས་འདོན་སྤེལ་བྱས་ཏེ། མང་ཚོགས་ལ་ཉེ་བར་བཅར་ནས་གཞི་རིམ་གྱི་དོན་དངོས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱེད་པ་དང་།    རོང་འབྲོག་མང་ཚོགས་བར་གྱི་འབྲེལ་བ་ཇེ་དམ་བཏང་ནས།  ཏང་དང་མི་དམངས་མང་ཚོགས་བར་གྱི་འོ་ཆུའི་འབྲེལ་བ་ཇེ་ཟབ་ཏུ་གཏོང་དགོས་ལ།  རོང་འབྲོག་མང་ཚོགས་འབྱོར་ཕྱུག་ལྡན་པ་དང་།  དཔལ་འབྱོར་འཕེལ་རྒྱས། བསམ་བློའི་འདུ་ཤེས་བསྒྱུར་བའི་ཕྱོགས་ནས་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤྲོད་བྱས་ཐོག   རོང་འབྲོག་ཁུལ་གྱི་འཕེལ་རྒྱས་ལ་རང་སྟོབས་ཀྱིས་ནུས་པ་འདོན་དགོས་པའི་རེ་བ་ནན་མོ་བཏོན།  

གོང་མ།:ཝུན་གོ་ཏུང་གིས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གྱིས་མི་རིགས་མཐུན་སྒྲིལ་ཡར་རྒྱས་གསར་སྐྲུན་ལས་དོན་ལ་སྐུལ་འདེད་དགོས་པར་བསྟན།

ཞོལ་མ།:མཚོ་ནུབ་ཁུལ་གྱིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་མདུན་སྐྱོད་དཔེ་སྟོན་ཁུལ་བསྐྲུན་པའི་ཞིབ་དཔྱད་ཚད་ལེན་བཀོད་སྒྲིག་གྲོས་ཚོགས་བསྡུས།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235