མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

ཝུན་གོ་ཏུང་གིས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གྱིས་མི་རིགས་མཐུན་སྒྲིལ་ཡར་རྒྱས་གསར་སྐྲུན་ལས་དོན་ལ་སྐུལ་འདེད་དགོས་པར་བསྟན།

ཡོང་ཁུངས།:  སྤེལ་དུས།:2017-12-04  རྩོམ་པ་པོ།:  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:

     ཟླ༡༢པའི་ཚེས༡ཉིན། ཁུལ་ཨུའི་ཧྲུའུ་ཅི་ཝུན་གོ་ཏུང་གཞི་རིམ་འབྲེལ་གནས་གཏེར་ལེན་ཁ་གྲོང་ཁྱེར་གྱི་བསྟན་པ་འཕེལ་རྒྱས་གླིང་དུ་ཕྱིན་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དགོན་པར་བསྐྱོད་པའི་ལས་དོན་ལ་ལྟ་སྐུལ་མཛད་དེ་མི་རིགས་མཐུན་སྒྲིལ་ཡར་རྒྱས་གསར་སྐྲུན་གནས་ཚུལ་ལ་རྟོག་ཞིབ་བྱས།

ཝུན་གོ་ཏུང་གིས་བསྟན་དོན།  ཚོགས་ཆེན་བཅུ་དགུ་པའི་ནང་དོན་ཕུན་སུམ་ཚོགས་ཤིང་བརྗོད་བྱ་གཏིང་ཟབ་ལ།ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་སྟོབས་ལྡན་རྒྱལ་ཁབ་བསྐྲུན་པར་ཇུས་གཞིའི་དཔེ་རིས་ཆེན་མོ་བཀོད་ཡོད།ཁུལ་ཡོངས་ཀྱི་རྒྱ་ཆེའི་གྲྭ་བཙུན་རྣམ་པས་རླབས་ཆེན་གྱི་དུས་རབས་དམ་འཛིན་དང་རླབས་ཆེན་གྱི་ཏང་གི་དྲིན་ལན་འཇལ་དགོས་ཤིང་། རང་འགུལ་དུ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་ཞི་ཅིན་ཕིང་གི་དུས་རབས་གསར་བའི་མི་རིགས་ལས་དོན་བསམ་བློར་སློབ་སྦྱོང་བྱས་ཏེ།རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་བཟང་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ། མིག་འབྲས་ལ་གཅེས་པ་བཞིན་མི་རིགས་མཐུན་སྒྲིལ་ལ་བདག་སྐྱོང་དང་ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་བཞིན་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་དགོས།ལག་ལེན་སྟེང་ནས་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་པར་བརྩོན་པའི་ཡར་ཐོན་གྱི་གྲྭ་བཙུན་ཞིག་བྱ་དགོས།དགོན་སྡེ་དང་སྤྱི་ཚོགས་རིང་ལུགས་ཕན་ཚུན་བར་འཕྲོད་པར་སྐུལ་ནས་རང་འགུལ་དུ་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྣམ་པ་ཆེན་མོར་ཞུགས་དགོས།དགོན་སྡེའི་རྨང་གཞིའི་སྒྲིག་ཆས་དང་ཁོར་ཡུག་འཛུགས་སྐྲུན་བྱས་ཏེ་ཁྱད་པར་ལྡན་པའི་མི་རིགས་རིག་གནས་དང་མི་ཆོས་ཀུན་སྤྱོད་ལེགས་པོར་བརྟེན་ནས་དགོན་པའི་རིག་གནས་ལྗོངས་རྒྱུའི་ཐོན་ལས་དར་སྤེལ་བཏང་སྟེ། རང་ཁ་རང་གསོ་དང་རིག་གནས་ལྗོངས་རྒྱུར་བརྟེན་ནས་དགོན་པ་དར་སྤེལ་གཏོང་བའི་ལམ་ཁ་གསར་བར་བསྐྱོད་དགོས།  

ཝུན་གོ་ཏུང་གིས་ནན་གྱིས་བསྟན་དོན།ཁུལ་ཡོངས་ཀྱི་དགོན་སྡོད་ལས་བྱེད་པ་དང་དྲིལ་སྒྲོག་རུ་ཁག་སོ་སོས་རང་ཁུལ་གྱི་དོན་དངོས་དང་སྦྲེལ་ཏེ།གཙོ་བོ་ཚོགས་ཆེན་བཅུ་དགུ་པའི་བརྗོད་དོན་དང་ཞི་ཅིན་ཕིང་གི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་ཡང་སྙིང་།ལོ་ངོ་ལྔའི་རིང་ཏང་དང་རྒྱལ་ཁབ་ལས་དོན་ཐད་ལོ་རྒྱུས་རང་བཞིན་གྱི་བཅོས་བསྒྱུར་ཐོབ་པ།ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ་ལས་རིགས་སོ་སོར་གྲུབ་འབྲས་ཆེན་མོ་ལོན་པ་སོགས་ཀྱི་ཕྱོགས་ནས་གཏིིང་ཟབ་ཏུ་དྲིལ་སྒྲོག་བྱས་ཏེ།ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དགོན་སྡེ་ནས་རྩ་བ་ཚུགས་ཤིང་ཡལ་འདབ་རྒྱས་པ་བྱ་དགོས། གོ་སླ་བའི་སྒོ་ནས་རྒྱ་ཆེའི་གྲྭ་བཙུན་རྣམ་པས་ཆེས་ཐུགས་ཁུར་དང་དོ་སྣང་མཛད་པའི་སྤྱི་ཚོགས་འགན་སྲུང་དང་དམངས་འཚོ་ལེགས་བསྒྱུར།ཞིང་སྡེ་དར་སྤེལ་སོགས་ཀྱི་འཐབ་ཇུས་ནང་དོན་རྟོགས་སུ་འཇུག་དགོས།སྔར་སོང་གི་བརྩོན་པས་ད་སྔའི་གནམ་ས་བླ་འོག་བརྗེ་འདྲའི་འགྱུར་ལྡོག་ཐོབ་པར་བསྡུར་ནས་ཚང་མས་ཐོབ་དཀའ་བའི་བདེ་སྐྱིད་ལ་གཅེས་སྤྲས་དང་ཡིད་རྟོན་སྔར་བས་ཇེ་དྲག་ཏུ་གཏོང་དགོས།  རྒྱ་ཆེའི་གྲྭ་བཙུན་དང་དད་ལྡན་རྣམ་པར་ཏང་གི་མི་རིགས་སྲིད་ཇུས་དྲིལ་སྒྲོག་བྱས་ཏེ།འབྲལ་ཐབས་མེད་པ་གསུམ་གྱི་བསམ་བློ་ཆགས་ཤིང་ཁས་ལེན་ལྔ་རྟོགས་པར་སྐུལ་ཏེ། སེ་འབྲུ་བཞིན་དུ་ཕན་ཚུན་དམ་པོར་སྦྲེལ་ནས་ཐུན་མོང་གིས་མི་རིགསའཆམ་མཐུན་དང་ཆོས་ལུགས་ཞི་གནས།  སྤྱི་ཚོགས་འཆམ་མཐུན་ལྡན་པའི་རྣམ་པ་ཆེན་མོར་སྲུང་སྐྱོང་དགོས།  

གོང་མ།:ན་གོར་མོ་གྲོང་ཁྱེར་དང་གཏེར་ལེན་ཁ་གྲོང་ཁྱེར་གཉིས་རྒྱལ་ཁབ་ཀྱི་སྐོར་གསུམ་པའི་ཉི་འོད་ནུས་པའི་གློག་འདོན་སྣེ་ཁྲིད་རྟེན་གཞིར་བདམས།

ཞོལ་མ།:ཀྲུའོ་ལུང་ཞང་གིས་ཐེམ་ཆེན་རྫོང་ཤེས་ཡོན་གྲོང་རྡལ་ནས་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་སྒྲོག་འགྲེལ་བྱས།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235