མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

ཞི་ཅིན་ཕེན་གྱི་དམངས་སེམས་འགུག་པའི་གསུང་ཚིག་བཅུ་དགུ།

ཡོང་ཁུངས།:ཡོངས་འཛིན་འཚོལ་བཤེར།  སྤེལ་དུས།:2017-12-06  རྩོམ་པ་པོ།:ཡོངས་འཛིན་འཚོལ་བཤེར།  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:

གཅིག

ཀྲུང་གོ་གུང་ཁྲན་ཏང་གི་ཐེངས་བཅུ་དགུ་པའི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ནི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པར་རྒྱལ་ཁ་ལེན་པའི་དུས་རིམ་ཡིན་ཞིང་།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་བསྐྱོད་པའི་གལ་ཆེའི་དུས་རིམ་དུ་ཚོགས་པའི་ཚོགས་ཆེན་གལ་ཆེན་ཞིག་ཡིན།

གཉིས།

དུས་དང་རྣམ་པ་ཀུན་ཏུ་ཐོག་མའི་སེམས་འདུན་མི་བརྗེད་པ།ཀྲུང་གོ་གུང་ཁྲན་ཏང་མིའི་ཐོག་མའི་སེམས་འདུན་དང་འགན་འཁྲི་ནི་ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དང་ཀྲུང་ཧྭ་མི་དམངས་བསྐྱར་དར་ཡོང་བར་བྱ་རྒྱུ་དེའོ།།

གསུམ།

ཏང་ཡོངས་ཀྱི་བློ་མཐུན་གྱིས་ངེས་པར་དུ་མཐོར་འཛེགས་རྒྱང་ལྟ་དང་བདེ་སྡོད་ཉེན་ཟོན།བསྒྱུར་བཅོས་དང་གསར་གཏོད་བྱེད་ཕོད་པ།ནམ་ཡང་འཕེལ་རྒྱས་རྒྱུན་མི་ཆད་ཅིང་འཕེལ་མེད་རང་སོར་མི་སྡོད་པར་མཐུན་སྒྲིལ་བྱས་ནས་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་སྣེ་ཁྲིད་དེ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པར་རྒྱལ་ཁ་ལེན་དགོས་པར་མ་ཟད།སྟོབས་ཤུགས་ཆེར་བསྐྱེད་ཀྱིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེའི་རྒྱལ་ཁ་ལེན་དགོས།

བཞི།

ལོ་ལྔའི་རིང་།རང་རེའི་ཏང་གིས་ཆབ་སྲིད་ཀྱི་བློ་སྟོབས་ཆེན་པོ་དང་ཤུགས་དྲག་པའི་འགན་འཁྲི་ཐུགས་ཁུར་གྱིས་འདུ་ཤེས་གསར་པ་དང་བསམ་བློ་གསར་པ།འཐབ་ཇུས་གསར་པ་རབ་དང་རིམ་པ་དང་།བྱེད་ཕྱོགས་དང་སྲིད་ཇུས་གལ་ཆེན་རབ་དང་རིམ་པ་བཏོན་པར་མ་ཟད།བྱེད་ཐབས་གལ་ཆེན་རབ་དང་རིམ་པ་བཏོན་ཞིང་ལས་ཀ་གལ་ཆེན་རབ་དང་རིམ་པར་སྐུལ་འདེད་བཏང་།དེ་མིན་དུས་ཡུན་རིང་པོར་ཐག་གཅོད་བྱེད་འདོད་ཅིང་ཐག་གཅོད་བྱེད་མ་ཐུབ་པའི་དཀའ་གནད་མང་པོ་ཐག་གཅོད་བྱས་པ་དང་། སྔོན་ཆད་བསྒྲུབ་འདོད་ཀྱང་བསྒྲུབ་མ་ཐུབ་པའི་དོན་ཆེན་མང་པོ་ལེགས་པོར་གྲུབ་པས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བར་སྐུལ་འདེད་བཏང་།

ལྔ།

དུས་ཡུན་རིང་པོའི་འབད་བརྩོན་བྱས་པར་བརྒྱུད་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པ་ཞིག་ཏུ་སླེབས་ཤིང་འདི་ནི་རང་རྒྱལ་འཕེལ་རྒྱས་ཀྱི་ལོ་རྒྱུས་ཁ་ཕྱོགས་གསར་པ་ཞིག་ཡིན།

དྲུག

ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པ་ཞིག་ཏུ་སླེབས་ཤིང་།རང་རྒྱལ་གྱི་སྤྱི་ཚོགས་འགལ་ཟླ་གཙོ་བོ་དེ་མི་དམངས་ཀྱི་ཉིན་བཞིན་འཕར་སྣོན་བྱུང་བའི་བདེ་སྐྱིད་ལྡན་པའི་འཚོ་བའི་དགོས་མཁོ་དང་དོ་མི་མཉམ་ཞིང་འཐུས་མི་ཚང་བའི་འཕེལ་རྒྱས་བར་གྱི་འགལ་ཟླར་གྱུར།

བདུན།

དེ་རིང་།ང་ཚོ་ནི་ལོ་རྒྱུས་ཀྱི་དུས་སྐབས་གང་ཞིག་ལས་ཀྱང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་དམིགས་ཚད་མངོན་འགྱུར་ཡོང་བར་སྔར་ལས་ཐག་ཉེ་བ་དང་སྔར་ལས་ཡིད་ཆེས་དང་ནུས་པ་ལྡན་ཡོད།

བརྒྱད།

རང་རེའི་ཏང་གིས་མར་ཁེ་སི་ལེ་ཉིང་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པ།ཏེང་ཞའོ་ཕིང་གི་གཞུང་ལུགས།མཚོན་བྱེད་གསུམ་གྱི་གལ་ཆེའི་བསམ་བློ་དང་ཚན་རིག་གི་འཕེལ་རྒྱས་ལྟ་བ་བཅས་ཀྱི་མཛུབ་སྟོན་རྒྱུན་འཁྱོངས་བྱས་ཤིང་།བསམ་བློ་བཅིངས་འགྲོལ་དང་དངོས་དོན་བདེན་འཚོལ། དུས་བསྟུན་ཡར་འཕེལ།བདེན་འཚོལ་དོན་གཉེར་རྒྱུན་འཁྱོངས་བྱས་པ།དངོས་གཙོ་རྩོད་སྒྲུབ་རིང་ལུགས་དང་ལོ་རྒྱུས་དངོས་གཙོ་རིང་ལུགས་མཐའ་འཁྱོངས་བྱས་པ། དུས་རབས་གསར་པའི་ཆ་རྐྱེན་དང་ལག་ལེན་གྱི་བླང་བྱ་ཟུང་འབྲེལ་དམ་ཟབ་བྱས་པ།མཐོང་རྒྱ་གསར་པ་ཞིག་གིས་གུང་ཁྲན་ཏང་གི་སྲིད་སྐྱོང་ཆོས་ཉིད་དང་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་གྱི་ཆོས་ཉིད།མིའི་རིགས་སྤྱི་ཚོགས་ཀྱི་འཕེལ་རྒྱས་ཀྱི་ཆོས་ཉིད་བཅས་ལ་ངོས་འཛིན་བྱས་པ།དཀའ་སྤྱད་འབད་བརྩོན་གྱིས་གཞུང་ལུགས་འཚོལ་ཞིབ་བྱས་ཏེ་གཞུང་ལུགས་གསར་གཏོད་ཀྱི་གྲུབ་འབྲས་གསར་པ་བླངས་ཤིང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་གྲུབ་པ་རེད།

དགུ།

ཕྱོགས་བསྡུས་སྒོས་རྒྱལ་སྤྱི་དང་རྒྱལ་ནང་ནི་གནས་བབ་དང་རང་རྒྱལ་གྱི་འཕེལ་རྒྱས་ཆ་རྐྱེན་ལ་དབྱེ་ཞིབ་བྱས་ན2020ལོ་ནས་དུས་རབས་འདིའི་ལོ་རབས་བར་མར་དུས་རིམ་གཉིས་སུ་བཀོད་སྒྲིག་བྱ་ཆོག་སྟེ།དུས་རིམ་དང་པོ་ནི2020ལོ་ནས2035ལོའི་བར་ཡིན་ཏེ།ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་གྱི་རྨང་གཞིའི་སྟེང་ལོ་བཅོ་ལྔར་འབད་བརྩོན་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གཞི་རྩའི་ཐོག་མངོན་འགྱུར་བྱེད་པ།དུས་རིམ་གཉིས་པ་ནི2035ལོ་ནས་དུས་རབས་འདིའི་ལོ་རབས་བར་མའི་བར་སྟེ།དེང་རབས་ཅན་གཞི་རྩའི་ཐོག་མངོན་འགྱུར་བྱས་པའི་རྨང་གཞིའི་ཐོག་སླར་ཡང་ལོ་བཅོ་ལྔར་འབད་བརྩོན་བྱས་ཏེ་རང་རྒྱལ་ནི་སྟོབས་འབྱོར་དང་དམངས་གཙོ།དཔལ་ཡོན།འཆམ་མཐུན་བཅས་མཛེས་སྡུག་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་ཞིག་ཏུ་བསྐྲུན་རྒྱུ་དེའོ།།

བཅུ་བ།

ཀྲུང་གོས་སྒོ་འབྱེད་ཀྱི་སྒོ་མོ་རྒྱག་མི་སྲིད་ཅིང་།  སྔོན་ལས་ཇེ་ཆེ་རུ་འབྱེད་ངེས།

བཅུ་གཅིག

རྩ་འཛུགས་དང་མི་སྒེར་གང་ཞིག་ཡིན་རུང་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་དམིགས་བསལ་དབང་ཆ་ལས་བརྒལ་མི་ཆོག་པར་མ་ཟད།སྨྲ་བརྗོད་ཀྱིས་ཁྲིམས་ཚབ་བྱེད་པ་དང་དབང་ཆས་ཁྲིམས་གནོན་པ།ཁེ་ཕན་དང་སྒེར་དོན་གྱི་ཆེད་དུ་ཁྲིམས་དང་འགལ་མི་རུང་།

བཅུ་གཉིས།

ཏང་ཡོངས་ཀྱིས་ངེས་པར་དུ་རྒྱུ་མཚན་ཅིའི་ཕྱིར་མིའི་གནད་དོན་ནི་སྲིད་ཏང་ཞིག་དང་སྲིད་དབང་ཞིག་གི་ངོ་བོ་ལ་ཉམས་ཚོད་བྱེད་པའི་རྡོ་ཀ་ཤུ་ཀ་ཡིན་པ་ངེས་དགོས།

བཅུ་གསུམ།

མི་དམངས་ཡོངས་ལ་སྡོད་གནས་ཡོད་དུ་འཇུག་དགོས།

བཅུ་བཞི།

དམག་དཔུང་གིས་འཐབ་འཁྲུག་ལ་གྲ་སྒྲིག་བྱ་དགོས།བྱ་བ་ཡོད་ཚད་ཀྱིས་ངེས་པར་དུ་འཐབ་འཛིང་ནུས་ཤུགས་ཀྱི་ཚད་གཞི་རྒྱུན་འཁྱོངས་དང་དམག་འཁྲུག་བྱེད་ཐུབ་པ་དང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པར་དམིགས་དགོས།

བཅོ་ལྔ།

ང་ཚོས་མི་གང་རུང་ཞིག་དང་རྩ་འཛུགས་གང་རུང་ཞིགསྲིད་ཏང་གང་རུང་ཞིག་གིས་དུས་གང་རུང་ལ་རྣམ་པ་གང་རུང་གི་བྱེད་ཐབས་སྤྱད་དེ་ཀྲུང་གོའི་ས་ཁོངས་གང་རུང་ཞིག་ཀྲུང་གོ་དང་ཁ་ཕྲལ་དུ་བཅུག་མི་སྲིད།

བཅུ་དྲུག

མི་གང་རུང་ཞིག་གིས་ཀྲུང་གོར་རང་ཉིད་ཀྱི་ཁེ་ཕན་ལ་གནོད་པའི་འབྲས་བུ་མེད་དུ་བཅུག་པའི་སྟོང་བསམ་བཅངས་མི་རུང་།

བཅུ་བདུན།

མི་དམངས་མང་ཚོགས་རྣམས་ཀྱིས་ཅི་ཞིག་ལ་ངོ་རྒོལ་བྱེད་པ་དང་ཅི་ཞིག་ལ་སྡང་སེམས་བཅངས་ན་ང་ཚོས་ངེས་པར་དུ་བློ་བརྟན་འགྱུར་མེད་ཀྱིས་སྔོན་འགོག་དང་ནོར་བཅོས་བྱ་དགོས།

བཅོ་བརྒྱད།

རུལ་སུངས་པ་གང་དུ་བྲོས་ཀྱང་ཚང་མ་ཁྲིམས་ལྟར་འཛིན་བཟུང་དང་ཐག་གཅོད་བྱ་ངེས།

བཅུ་དགུ།

ཀྲུང་གོའི་ཕུགས་འདུན་ནི་ལོ་རྒྱུས་དང་དངོས་ཡོད་ལ་དབང་བར་མ་ཟད་མ་འོངས་པའང་དབང་ངེས།དེ་ནི་ང་ཚོའི་མི་རབས་འདིར་དབང་བར་མ་ཟད་དེ་ལས་ཀྱང་གཞོན་རབས་པ་དག་ལའང་དབང་བ་རེད།

གོང་མ།:ཞི་ཅིན་ཕིང་གིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེ་དུས་རབས་གསར་བར་སླེབས་བྱུང་བ་ནི་རང་རྒྱལ་གྱི་འཕེལ་ཕྱོགས་གསར་བ་ཡིན་ཞེས་བསྟན་བྱུང་།

ཞོལ་མ།:ན་གོར་མོ་གྲོང་ཁྱེར་དང་གཏེར་ལེན་ཁ་གྲོང་ཁྱེར་གཉིས་རྒྱལ་ཁབ་ཀྱི་སྐོར་གསུམ་པའི་ཉི་འོད་ནུས་པའི་གློག་འདོན་སྣེ་ཁྲིད་རྟེན་གཞིར་བདམས།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235