མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

ཞི་ཅིན་ཕིང་གིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེ་དུས་རབས་གསར་བར་སླེབས་བྱུང་བ་ནི་རང་རྒྱལ་གྱི་འཕེལ་ཕྱོགས་གསར་བ་ཡིན་ཞེས་བསྟན་བྱུང་།

ཡོང་ཁུངས།:མཚོ་སྲིད་དྲ་བ།  སྤེལ་དུས།:2017-12-06  རྩོམ་པ་པོ།:  རྩོམ་སྒྲིག་པ།:    ཀློགས་གྲངས།:

ཟླ༡༠བའི་ཚེས༡༨ཉིན་ལ་ཞིན་ཧྭ་གསར་འགྱུར་ཁང་གིས་པེ་ཅིང་ནས་བཏང་བའི་འཕྲིན། བློ་མཐུན་ཞི་ཅིན་ཕིང་གིས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་བའི་སྙན་ཞུའི་ནང་བསྟན་དོན། དུས་ཡུན་རིང་བོར་འབད་པ་ལྷུར་ལེན་བྱས་པ་བརྒྱུད་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེ་དུས་རབས་གསར་བ་ཞིག་ལ་སླེབས་བྱུང་བ་དང་།དེ་ནི་རང་རྒྱལ་ཀྱི་འཕེལ་ཕྱོགས་གསར་བ་ཞིག་ཡིན།

ཞི་ཅིན་ཕིང་གིས་འདི་སྐད། དང་ཐོག་བཅོས་སྒྱུར་སྒོ་འབྱེད་བྱེད་དུས།ང་ཚོ་ཏང་གིས་རང་ཉིད་ཀྱིས་བདམས་པའི་ལམ་ལ་ཞུགས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་དགོས་ཀྱི་རླབས་ཆེན་འབོད་སྐད་བརྒྱབ། དུས་དེ་ནས་བཟུང་ང་ཚོ་ཏང་གིས་ལག་གདང་གཅིག་ཏུ་སྒྲིལ་ཏེ་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་འཁྲིད་ནས་འབད་འཐབ་ལྷོད་མེད་བྱས་པས།  རང་རྒྱལ་གྱི་དཔལ་འབྱོར་ལ་ཡོད་པའི་དངོས་ཡོད་སྟོབས་ཤུགས་དང་།ཚན་རྩལ་གྱི་དངོས་ཡོད་སྟོབས་ཤུགས།   རྒྱལ་སྲུང་གི་དངོས་ཡོད་སྟོབས་ཤུགས།  ཕྱོགས་བསྡུས་ཀྱི་རྒྱལ་ཁབ་སྟོབས་ཤུགས་དེ་འཛམ་གླིང་གི་མདུན་གྲལ་དུ་སླེབས་ཤིང་།རང་རྒྱལ་གྱི་རྒྱལ་སྤྱིའི་གོ་གནས་མཐོར་འདེགས་ལ་སྐུལ་སྤེལ་ཆེན་མོ་བྱས་ནས་ཏང་དང་རྒྱལ་ཁབ།མི་དམངས། དམག་དཔུང་།  ཀྲུང་ཧྭ་མི་རིགས་བཅས་ཀྱི་རྣམ་པ་ལ་སྔ་ན་མེད་པའི་འགྱུར་ལྡོག་ཆེན་པོ་བཏང་སྟེ།གཟི་ཉམས་གསར་བ་ཞིག་དོད་དེ་འཛམ་གླིང་གི་ཤར་ཕྱོགས་སུ་འགྱིང་ངེར་ལངས་ཞེས་གསུངས།

དུས་ཡུན་རིང་བོའི་འབད་འབུངས་ལ་བརྟེན་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེ་དུས་རབས་གསར་བར་སླེབས་བྱུང་བ་དང་།  དེ་ནི་རང་རྒྱལ་གྱི་འཕེལ་ཕྱོགས་གསར་བ་ཡིན།

ཞི་ཅིན་ཕིང་གིས་འདི་སྐད།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེ་དུས་རབས་གསར་བར་སླེབས་པ་ནི།  ཉེ་རབས་ནས་བཟུང་ལོ་ཟླ་གང་མང་ལ་དཀའ་སྡུག་གང་མང་ཁྱད་དུ་བསད་པའི་ཀྲུང་ཧྭ་མི་རིགས་འདི་ལ་རྒྱལ་ཁ་ཐོབ་པ་ནས་མངའ་ཐང་རྒྱས་པ།དེ་ནས་སྟོབས་འབྱོར་རྒྱས་པའི་བར་དུ་བྱུང་བའི་རླབས་ཆེན་གྱི་བར་བརྒལ་ཞིག་དང་།ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་གྱི་མདུན་ལམ་འོད་གསལ་གྱིས་ཁེངས་པ་བསུ་མ་བྱས་པའི་མཚོན་བྱེད་ཅིག་ཡིན་པ་མ་ཟད།   ཚན་རིག་དང་མཐུན་པའི་སྤྱི་ཚོགས་རིང་ལུགས་དེ་དུས་རབས་ཉེར་གཅིག་པའི་ཀྲུང་གོ་ནས་གསོན་ཤུགས་ཆེན་པོ་རྒྱས་ནས་འཛམ་གླིང་གི་ཡང་རྩེར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་པའི་མཚོན་བྱེད་དང་།  ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ཕྱོགས་དང་།གཞུང་ལུགས།  ལམ་ལུགས། རིག་གནས་བཅས་གོང་ནས་གོང་དུ་སྤེལ་ཏེ། དར་རྒྱས་སྒང་གི་རྒྱལ་ཁབ་ལ་དེང་རབས་ཅན་འགྱུར་གྱི་ལམ་ཁ་ཡངས་པོ་ཕྱེས་ནས་འཛམ་གླིང་ཐོག་མགྱོགས་པོར་འཕེལ་རྒྱས་བྱུང་འདོད་ཀྱང་རང་ཉིད་ཀྱི་ཐུན་མིན་ངོ་བོ་བསྒྱུར་མི་འདོད་པའི་མི་རིགས་ལ་བདམས་ཀ་གསར་བ་ཞིག་སྤྲད་ཡོད་པ་བཅས་མིའི་རིགས་ཀྱི་གནད་དོན་ལ་ཀྲུང་གོའི་རིག་སྟོབས་དང་ཀྲུང་གོའི་ཐབས་ཇུས་འབུལ་བའི་མཚོན་བྱེད་ཡིན།  

དུས་རབས་གསར་བ་འདི་ནི་ཕྱི་མས་སྔ་མའི་སྲོལ་བཟང་དར་སྤེལ་དང་མ་འོངས་གསར་འབྱེད་ལྷུར་དུ་བླངས་ནས་ལོ་རྒྱུས་ཀྱི་མཐུན་རྐྱེན་གསར་བའི་འོག་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེ་ཕྱོགས་ཡོངས་ལས་རྣམ་པར་རྒྱལ་བར་མུ་མཐུད་ནས་འབད་པའི་དུས་རབས་ཤིག་དང་། བློ་ཐག་རྦད་ཆོད་ཀྱིས་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་མངོན་འགྱུར་དང་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འགྱུར་གྱི་རྒྱལ་ཁབ་སྟོབས་ཆེན་དུ་བསྒྱུར་བའི་དུས་རབས་ཤིག རྒྱལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འབུངས་དང་བདེ་སྐྱིད་འཚོ་བ་མུ་མཐུད་ནས་གསར་བསྐྲུན་བྱས་ནས་རིམ་བཞིན་དུ་མི་དམངས་ཡོངས་མཉམ་གཅིག་དུ་ཕྱུག་པོར་འགྱུར་བའི་དུས་རབས་ཤིག ཀྲུང་ཧྭའི་བུ་དང་བུ་མོའི་སྟོབས་ཤུགས་གཅིག་ཏུ་བསྡུས་ཏེ་འབད་བརྩོན་ཆེན་པོས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་དུ་འགྱུར་བའི་དུས་རབས་ཤིག རང་རྒྱལ་འཛམ་གླིང་གི་སྡིངས་ཆའི་དབུས་སུ་ཉེ་བར་བཅར་ནས་མིའི་རིགས་ལ་ལེགས་སྐྱེས་ཆེན་པོ་འཇོག་པའི་དུས་རབས་ཤིག་ཡིན་ཞེས་བསྟན་བྱུང་།

ཞི་ཅིན་ཕིང་གིས་འདི་སྐད།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེ་དུས་རབས་གསར་བར་བསྐྱོད་རྗེས་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་འགལ་བ་གཙོ་བོ་ནི་མི་དམངས་ཀྱི་ཉིན་རེར་འཚོ་བ་ཡག་པོ་སྐྱེལ་འདོད་ཀྱི་དགོས་མཁོ་དང་དོ་མི་མཉམ་ཞིང་གནད་ལ་མི་ཕྱོགས་པའི་འཕེལ་རྒྱས་བར་གྱི་འགལ་བ་ཡིན།

རང་རྒྱལ་གྱི་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོར་འགྱུར་ལྡོག་བྱུང་བ་ནི་ཁྱོན་ཡོངས་དང་འབྲེལ་བ་ཡོད་པའི་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་ཞིག་ཡིན་པས་དེས་བཏོན་པའི་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་བླང་བྱ་གསར་བ་དག་ང་ཚོས་ངེས་པར་དུ་བློ་ལ་ངེས་དགོས།   ང་ཚོས་འཕེལ་རྒྱས་ལ་མུ་མཐུད་དུ་སྐུལ་སྤེལ་བྱས་ཐོག དོ་མི་མཉམ་ཞིང་གནད་ལ་མི་ཕྱོགས་པའི་འཕེལ་རྒྱས་གནད་དོན་ཐག་གཅོད་ལེགས་པོ་བྱས་ཏེ།འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་མཐོར་འདེགས་ཡོང་བར་ཤུགས་ཆེན་པོ་བརྒྱབ་ནས་དཔལ་འབྱོར་དང་ཆབ་སྲིད།རིག་གནས། སྤྱི་ཚོགས།སྣོད་བཅུད་ལ་སོགས་པར་ཉིན་རེར་འཕེལ་བའི་དགོས་མཁོ་གང་ཡོད་ལེགས་པོར་བསྐང་ཐུབ་དགོས་པ་དང་། མིའི་ནུས་པ་ཕྱོགས་ཡོངས་ནས་དར་སྤེལ་དང་སྤྱི་ཚོགས་ཁྱོན་ཡོངས་ནས་གོང་སྤེལ་ལ་སྔར་ལས་སྐུལ་སྤེལ་ཡག་པོ་ཐུབ་དགོས།

རང་རྒྱལ་གྱི་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོར་འགྱུར་བ་འདི་འདྲ་བྱུང་ན་ཡང་།ང་ཚོས་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་གནས་སའི་ལོ་རྒྱུས་ཀྱི་དུས་རིམ་ལ་བཟུང་བའི་ལྟ་བ་ལ་འགྱུར་བ་གང་ཡང་བྱུང་མེད་པ་དང་།རང་རྒྱལ་དེ་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་དུ་གནས་ཡོད་ལ་ད་དུང་དུས་ཡུན་རིང་བོར་གནས་རྒྱུ་ཡིན་པའི་རྒྱལ་ཁབ་ཀྱི་གཞི་རྩའི་གནས་ཚུལ་ལ་འགྱུར་བ་གང་ཡང་བྱུང་མེད་པ། རང་རྒྱལ་ནི་འཛམ་གླིང་ཐོག་དར་རྒྱས་སྒང་གི་རྒྱལ་ཁབ་ཆེ་ཤོས་ཡིན་པའི་རྒྱལ་སྤྱིའི་གོ་གནས་ལ་འགྱུར་བ་གང་ཡང་བྱུང་མེད་པ་བློ་ལ་ངེས་པར་དུ་ངེས་དགོས་ཞེས་ནན་གྱིས་བསྟན་བྱུང་།

ཡང་ཞི་ཅིན་ཕིང་ནས་འདི་སྐད། ཏང་ཡོངས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་སྟེ་རྒྱལ་ཁབ་ཀྱི་གཞི་རྩའི་གནས་ཚུལ་ལ་སྟངས་འཛིན་ཡག་པོ་དང་།སྤྱི་ཚོགས་རིང་ལུགས་ཀྱི་དུས་རིམ་ཐོག་མའི་དངོས་དོན་སྟེང་རྐང་ཡག་པོ་ཚུགས་པ། ཏང་གི་རྩ་བའི་ལམ་ཕྱོགས་སྟེ་ཏང་དང་རྒྱལ་ཁབ་ཀྱི་སྲོག་རྩ་དང་མི་དམངས་ཀྱི་བདེ་སྐྱིད་ལམ་རྒྱུན་ལེགས་པོར་བསྐྱངས་ཏེ། རྒྱལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཡོངས་ཀྱི་འགོ་ཁྲིད་ཅིང་།ལག་གདང་གཅིག་ཏུ་སྦྲེལ་ནས་དཔལ་འབྱོར་དར་སྤེལ་ལྟེ་བར་བཟུང་ཞིང་།  རྩ་བའི་རྩ་དོན་བཞི་དང་བཅོས་སྒྱུར་སྒོ་འབྱེད་གཉིས་རྒྱུན་འཁྱོངས་བྱས་ནས་རང་སྟོབས་རང་སྤེལ་དང་དཀའ་སྤྱད་ལས་གཏོད་ཀྱིས་རང་རྒྱལ་འདི་ཉིད་འབྱོར་ཕྱུག་མངའ་ཐང་རྒྱས་ཞིང་།དམངས་གཙོ་དཔལ་ཡོན་དར་བ།འཆམ་མཐུན་མཛེས་སྡུག་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་དུ་འགྱུར་བར་འབད་འབུངས་བྱེད་དགོས།

ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེ་དུས་རབས་གསར་བར་སླེབས་བྱུང་བ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གྱི་འཕེལ་རྒྱས་ལོ་རྒྱུས་དང་ཀྲུང་ཧྭ་མི་རིགས་ཀྱི་འཕེལ་རྒྱས་ལོ་རྒྱུས་ལ་དོན་སྙིང་ཆེན་པོ་ལྡན་པ་མ་ཟད།འཛམ་གླིང་གི་སྤྱི་ཚོགས་རིང་ལུགས་ཀྱི་འཕེལ་རྒྱས་ལོ་རྒྱུས་དང་། མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་རྒྱུས་སུ་ཡང་དོན་སྙིང་གལ་ཆེན་ལྡན་པས། ཏང་ཡོངས་ཀྱིས་བློ་རྩ་བརྟན་པོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གསོན་ཤུགས་ཆེན་པོ་དེ་ཀུན་ལ་ངོམས་ཐུབ་འབད་བརྩོན་ཆེན་པོ་བྱེད་དགོས་ཞེས་གསུངས་བྱུང་།  

གོང་མ།:ཁུལ་ཡོངས་ཀྱི་རྒྱལ་ཁབ་རྟོག་ཞིབ་སྒྲིག་གཞི་བཅོས་བསྒྱུར་ཚོད་ལྟ་བྱེད་ཡུལ་གྱི་བྱ་བའི་སྐུལ་འདེད་གྲོས་ཚོགས་བསྡུས།

ཞོལ་མ།:ཞི་ཅིན་ཕེན་གྱི་དམངས་སེམས་འགུག་པའི་གསུང་ཚིག་བཅུ་དགུ།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235