མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

ཁུལ་ཡོངས་ཀྱི་རྒྱལ་ཁབ་རྟོག་ཞིབ་སྒྲིག་གཞི་བཅོས་བསྒྱུར་ཚོད་ལྟ་བྱེད་ཡུལ་གྱི་བྱ་བའི་སྐུལ་འདེད་གྲོས་ཚོགས་བསྡུས།

ཡོང་ཁུངས།:  སྤེལ་དུས།:2017-12-07  རྩོམ་པ་པོ།:  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:

འདྲེན་ཚིག  ཉེ་སྔོན། ཁུལ་ཡོངས་ཀྱི་རྒྱལ་ཁབ་རྟོག་ཞིབ་སྒྲིག་གཞི་བཅོས་བསྒྱུར་གཏིང་ཟབ་ཚོད་ལྟ་བྱེད་ཡུལ་གྱི་བྱ་བའི་སྐུལ་འདེད་གྲོས་ཚོགས་གཏེར་ལེན་ཁ་ནས་བསྡུས།

ཁུལ་ཨུའི་ཧྲུའུ་ཅིའམ་ཁུལ་གྱི་རྒྱལ་ཁབ་རྟོག་ཞིབ་སྒྲིག་གཞི་བཅོས་བསྒྱུར་གཏིང་ཟབ་ཚོད་ལྟ་བྱེད་ཡུལ་གྱི་བྱ་བའི་མགོ་ཁྲིད་ཚན་ཆུང་གི་མགོ་གཙོ་བུན་གོ་ཏུང་ཝུན་གོ་ཏུང་གྲོས་ཚོགས་ལ་ཞུགས་པ་མ་ཟད་གཏམ་བཤད་གནང་།  ཁུལ་ཨུའི་ཧྲུའུ་ཅི་གཞོན་པཀྲའོ་ལུང་ཞང་གིས་གྲོས་ཚོགས་ལ་མགོ་འཛིན་བྱས་ཤིང་།  ཁུལ་དམངས་ཆེན་གྱི་ཀྲུའུ་རིན་ཡོན་ཉིན་དང་། ཁུལ་ཨུའི་རྒྱུན་ཨུ     སུང་ལི་མིན།རྡོ་རྗེ།ཆའོ་ཝུན་ལའེ།ཀྲང་ཧྲའོ་ཅུན། དེ་མིན་ཁུལ་ཞིབ་དཔྱོད་ཁང་གི་མགོ་གཙོ་ཐར་འབུམ་བཅས་གྲོས་ཚོགས་ལ་ཞུགས།

གྲོས་ཚོགས་སྟེང་། ཞིང་ཆེན་གྱི་རྒྱལ་ཁབ་རྟོག་ཞིབ་སྒྲིག་གཞི་བཅོས་བསྒྱུར་ཚོད་ལྟ་བྱེད་ཡུལ་གྱི་བྱ་བའི་སྐུལ་འདེད་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་བྱས་པ་དང་།རང་ཁུལ་གྱི་རྒྱལ་ཁབ་རྟོག་ཞིབ་སྒྲིག་གཞི་བཅོས་བསྒྱུར་ཚོད་ལྟ་བྱེད་ཡུལ་གྱི་བྱ་བའི་བྱེད་ཐབས་དང་ལག་བསྟར་བྱེད་ཐབས་ཀྱི་ནང་དོན་གཙོ་བོ་མཚམས་སྦྱོར་བྱས།  ཁུལ་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་དང་།  ཁུལ་ཞིབ་དཔྱོད་ཁང་གིས་སོ་སོ་གཏམ་བཤད་གནང་།

ཝུན་གོ་ཏུང་གིས་བསྟན་དོན། རྒྱལ་ཁབ་རྟོག་ཞིབ་སྒྲིག་གཞི་བཅོས་བསྒྱུར་གཏིང་ཟབ་བྱེད་པ་ནི་བློ་མཐུན་ཞིས་ཅིན་ཕིན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་བཏོན་པའི་ཐབས་ཇུས་བཀོད་སྒྲིག་གཙོ་བོ་ཡིན་ལ།ཏང་དང་རྒྱལ་ཁབ་ཀྱི་རྟོག་ཞིབ་སྒྲིག་གཞིའི་མ་ལག་འཐུས་ཚང་དུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་དང་།  ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་སྐུལ་འདེད་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཡིན་ཞིང་། སྲོལ་ཡག་སྤྱོད་གཙང་གི་ཁོར་ཡུག་གཏིང་ཟབ་སྒོས་འཛུགས་སྐྲུན་བྱེད་པའི་དངོས་ཡོད་ཀྱི་དགོས་མཁོ་ཡང་ཡིན།  ངེས་པ་དོན་གྱིས་བཅོས་བསྒྱུར་གཏིང་ཟབ་བྱེད་པའི་གོ་རིམ་དེ་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་ཀྱི་གོ་རིམ་ཡོངས་བྱང་ཆུབ་པར་བྱེད་པའི་ཐབས་ཤེས་སུ་བསྒྱུར་ནས།  འདུ་ཤེས་བཞི་དངོས་འབེབ་དང་།ཡིད་ཆེས་བཞི་བརྟན་བརླིང་བྱེད་པའི་གོ་རིམ་ཡོངས་སུ་བསྒྱུར་ཐོག   ཞིང་ཆེན་ཏང་ཨུ་ཡི་ཐབས་ཇུས་དང་བཀོད་སྒྲིག་ཡོངས་ངེས་པ་དོན་གྱིས་མཚོ་ནུབ་ནས་རྩ་བ་ཟུག་ཅིང་རྩེ་མོ་རྒྱས་སུ་འཇུག་དགོས་པ་ནན་གྱིས་བསྟན།

བུན་གོ་ཏུང་གིས་ནན་གྱིས་བསྟན་དོན།  ཁུལ་གྱི་རྒྱལ་ཁབ་རྟོག་ཞིབ་སྒྲིག་གཞི་བཅོས་བསྒྱུར་གཏིང་ཟབ་བྱ་བའི་མགོ་ཁྲིད་ཚན་ཆུང་དང་གྲོང་ཁྱེར་དང་རྫོང་།  སྡེ་ཁག་སོ་སོས་རང་འགུལ་སྒོས་འགན་ཁུར་ཕྲག་ཏུ་བླངས་ནས། བློ་སེམས་གཅིག་སྒྲིལ་གྱིས་བཅོས་བསྒྱུར་ཚོད་ལྟ་བྱེད་ཡུལ་གྱི་བྱ་བ་ལེགས་པོར་སྒྲུབ་དགོས་ཤིང་།ཏང་ཨུའི་ཧྲུའུ་ཅི་ཡིས་བཅོས་བསྒྱུར་ཚོད་ལྟ་བྱེད་ཡུལ་ལ་སྐུལ་འདེད་བྱེད་པའི་བྱ་བ་དེ་བྱ་བའི་འགན་གཙོ་བོར་བརྩིས་ནས།རང་འགུལ་སྒོས་འགན་ཁུར་པ་དང་པོའི་འགན་ནུས་ལག་བསྟར་བྱེད་པ་དང་།སྲིད་ཇུས་དང་སྒྲིག་ལམ་བརྩིས་ནས། བསམ་བློ་དང་སྦྱོར་བ་ཡོངས་ཏང་ཀྲུང་དབྱང་གི་གཅིག་གྱུར་མཐོ་ཚད་སྟེང་རྒྱུན་འཁྱོངས་བྱེད་དགོས་ལ།ཏང་ཨུ་དང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་སོ་སོའི་བཅོས་བསྒྱུར་གསར་སྐྲུན་གྱི་དགོངས་དོན་གྱིས་རིགས་སོ་སོའི་བཅོས་བསྒྱུར་ཚོད་ལྟ་བྱ་ཡུལ་གྱི་བྱ་བའི་སྟེང་གཅིག་གྱུར་བཀོད་འདོམས་བྱས་ནས།བཅོས་བསྒྱུར་ཚོད་ལྟའི་རིགས་སོ་སོའི་འགན་ཁུར་དངོས་འབེབ་དོན་འཁྱོལ་དང་།      སྤུས་ཀ་དང་གྲངས་ཀ་གཉིས་ལ་ཁག་ཐེག་བྱས་ཏེ།དུས་ཚོད་ལྟར་བྱ་བ་ལེགས་འགྲུབ་བྱས་ཐོག   ཞིང་ཆེན་ཡོངས་ཀྱི་སྔོན་དུ་ཚུད་དགོས་པ་ནན་གྱིས་བསྟན།

ཁུལ་གྱི་རྒྱལ་ཁབ་རྟོག་ཞིབ་སྒྲིག་གཞིབ་བཅོས་བསྒྱུར་གཏིང་ཟབ་ཚོད་ལྟ་བྱེད་ཡུལ་གྱི་བྱ་བའི་ཚན་ཆུང་གི་ཁོངས་མི་དང་།  གྲོང་ཁྱེར་དང་རྫོང་ཨུ།  སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་་སོ་སོའི་འགན་འཁུར་བློ་མཐུན།  ཞིབ་དཔྱོད་ཁང་གི་མགོ་གཙོ་བཅས་གྲོས་ཚོགས་ལ་ཞུགས་ཡོད།  

གོང་མ།:ན་གཞོན་སྒྲོག་འགྲེལ་རུ་ཁག་གིས་གུང་གཞོན་ཚོགས་པའི་ན་གཞོན་རྣམས་ལ་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་སྒྲོག་འགྲེལ་བྱས།

ཞོལ་མ།:ཞི་ཅིན་ཕིང་གིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེ་དུས་རབས་གསར་བར་སླེབས་བྱུང་བ་ནི་རང་རྒྱལ་གྱི་འཕེལ་ཕྱོགས་གསར་བ་ཡིན་ཞེས་བསྟན་བྱུང་།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235