མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

ཝུན་གོ་ཏུང་གིས་མདོ་འཛིན་མཛད་དེ་ཁུལ་ཨུའི་རྒྱུན་ཨུ་གྲོས་ཚོགས་བསྡུས་ཏེ་སྤྱོད་སྟངས་བཞིའི་སྐོར་ནས་ཚོགས་ཐོག་ཏུ་བླངས་བྱ་འདི་དག་བཏོན་ཡོད།​

ཡོང་ཁུངས།:  སྤེལ་དུས།:2017-12-14  རྩོམ་པ་པོ།:  རྩོམ་སྒྲིག་པ།:པད་འཛིན།    ཀློགས་གྲངས།:

ཟླ༡༢པའི་ཚེས༡༣ཉིན། ཝུན་གོ་ཏུང་གིས་མདོ་འཛིན་མཛད་དེ་ཁུལ་ཨུའི་སྐབས་བཅུ་གཉིས་པའི་རྒྱུན་ལས་གྲོས་ཚོགས་ཐེངས༤༤པ་བསྡུས།

གྲོས་ཚོགས་སུ་བསྟན་དོན།

ཚོགས་ཐོག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྤྱོད་སྟངས་བཞི་སྔར་བས་བཅོས་བསྒྱུར་དང་སྤྱོད་སྟངས་ལེགས་བསྒྱུར་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན།ཞིན་ཧྭ་གསར་འགྱུར་ཁང་གིརྣམ་པ་རིང་ལུགས་དང་དཔོན་ངན་རིང་ལུགས་ཀྱི་མཚོན་སྟངས་གསར་བར་གཟབ་དགོསཞེས་པའི་སློབ་ཚན་ལ་སློབ་སྦྱོང་བརྒྱུད་སྒྲོག་བྱས།

གྲོས་ཚོགས་སུ་བསྟན་དོན།ཁུལ་ཡོངས་ཀྱི་བསམ་བློ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་སྟེང་གཅིག་གྱུར་ཡོང་དགོས་པ་དང་།སྔར་བས་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོར་བཏང་སྟེ།ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློར་སློབ་སྦྱོང་ལག་ལེན་མཐིལ་ཕྱིན་བྱེད་པ་དང་སྦྲེལ་ནས།སྤྱོད་སྟངས་བཞིའི་གནད་དོན་གྱི་བསྐྱར་ཟློས་རང་བཞིན་དང་སྲ་མཁྲེགས་རང་བཞིན། དེ་མིན་སྤྱོད་སྟངས་ལེགས་བསྒྱུར་བཅས་ཀྱི་དོན་སྙིང་གལ་ཆེན་ལ་ངོས་ཟིན་ཟབ་མོ་དགོས།འདུ་ཤེས་བཞི་ཆགས་སུ་བཅུག་སྟེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཟིལ་ཤུགས་དང་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་ནན་མོ་དགོས།ཀྲུང་དབྱང་གི་གཏན་ཁེལ་བརྒྱད་བསྟུད་མར་དོན་འཁྱོལ་དང་སྤྱོད་སྟངས་བཞིའི་བཅོས་བསྒྱུར་ཐད་རང་འགུལ་དང་ཆོད་སེམས་རང་བཞིན་རྟག་བརྟན་ཡོང་བ་བྱ་དགོས།རིམ་པ་སོ་སོའི་ཏང་སྲིད་འགོ་ཁྲིད་ལས་བྱེད་པས་ཀྲུང་དབྱང་གི་འབྲེལ་ཡོད་བླང་བྱ་དང་ཞིང་ཆེན་གྱི་འབྲེལ་ཡོད་གཏན་འབེབས་ལྟར།ཏང་སྐྱོང་གཟབ་ནན་གྱི་བླང་བྱ་གསར་བའི་འོག་ཏུ་བསམ་སྦྱོར་གཉིས་ཀྱི་ཕྱོགས་ནས་ཞིབ་བཤེར་དང་གནད་དོན་བཅོས་བསྒྱུར།མི་འདང་སར་ཁ་སྐོང་སྒོས་དག་ཐེར་ལས་དོན་ལེགས་པོར་སྤེལ་དགོས། ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ཁུལ་དམངས་ཆེན་གྱི་ཞིབ་དཔྱད་མི་སྔ་ཚོགས་པས་གྲོང་ཁྱེར་དང་རྫོང་སོ་སོའི་ལྟ་རྟོག་ཞིབ་བཤེར་ལ་ཤུགས་སྣོན་དགོས།སྒྲིག་བརྩི་འགན་སྲུང་དང་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ། དམངས་གཙོ་འཚོ་བའི་གྲོས་ཚོགས་དང་རྩ་འཛུགས་འཚོ་བའི་གྲོས་ཚོགས་སྟེང་ཀྲུང་དབྱང་གི་གཏན་ཁེལ་བརྒྱད་ཀྱི་དགོངས་པ་མཐའ་འཁྱོལ་བར་ལག་ལེན་དགོས།སྤྱོད་ལམ་བཅོས་བསྒྱུར་གནས་ཚུལ་ཞིབ་བཤེར་གྱི་ནང་དོན་གལ་ཆེན་དུ་བརྩི་ནས་སྤྱོད་སྟངས་བཞིའི་གནད་དོན་འཚོལ་ཞིབ་དང་རྒྱུ་རྐྱེན་ལ་དབྱེ་ཞིབ་སྒོས་དག་ཐེར་ལེགས་པོ་བྱ་དགོས།

གྲོས་ཚོགས་སུ་བསྟན་དོན།

ཚོགས་ཐོག་ཏུ་ཞིང་ཆེན་དབུལ་སྐྱོར་མཁྲེགས་གཏོར་དམིགས་འབེན་ཞིབ་དཔྱད་ཚན་ཁག་གི་བསམ་འཆར་བརྒྱུད་བསྒྲགས་བྱས།གྲོས་ཚོགས་སུ་ཁུལ་ཡོངས་ནས་རྣམ་པ་ཆེན་མོའི་འདུ་ཤེས་བརྟན་མོ་ཆགས་པར་འཇུག་པ་དང་ཆབ་སྲིད་ལངས་ཕྱོགས་ཇེ་བརྟན།མཐོང་ཆེན་གྱི་ཚད་ཇེ་མཐོར་བཏང་ནས་འདུ་ཤེས་བཞི་ཆགས་པར་འབད་དེ་དབུལ་སྐྱོར་མཁྲེགས་གཏོར་ལས་དོན་ཁྲོད་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཏན་ཏིག་གིས་དོན་འཁྱོལ་དགོས་པར་ནན་གྱིས་བསྟན།

མཚོ་ནུབ་ཁུལ་དུ་གནས་པའི་ཉེན་ཁའི་གནད་དོན་ལ་བསྐྱར་ཞིབ་དང་འགན་བླངས་ཡོད་པའི་ལས་གཞིར་བསྐྱར་ཞིབ་དགོས།རིམ་པ་སོ་སོར་ཁ་གསབ་འཕར་སྣོན་དང་གནད་དོན་དག་ཐེར་ཡོང་བ་བྱ་དགོས།རིམ་པ་སོ་སོའི་ལས་བྱེད་པས་དབུལ་སྐྱོར་གྱི་སྡེ་བ་དང་དུད་ཁྱིམ་གྱི་དོན་དངོས་གནས་ཚུལ་དང་སྦྲེལ་ནས་གྲུབ་འབྲས་སྲ་བརྟན་དང་བྱེད་ཐབས་གསར་བ་བཀོལ་པར་ཞིབ་འཇུག་མཛད་དེ༢༠༡༨ལོའི་དབུལ་སྐྱོར་བྱ་བ་ལེགས་པོར་སྤེལ་ནས་དབུལ་སྐྱོར་དུད་ཁྱིམ་དངོས་པོ་དང་བསམ་པ་ཕྱོགས་གཉིས་ནས་དཀའ་ངལ་ལས་ཐར་ཐབས་བྱ་དགོས།

ཚོགས་ཐོག་ཏུ 《ཏང་སྲིད་ལས་ཁུངས་ཀྱི་གཞུང་སྒྲུབ་ཁང་བེད་སྤྱོད་དོ་དམ་བྱེད་ཐབས》དང《ཏང་སྲིད་ལས་ཁུངས་སུ་གཞུང་དོན་རླངས་འཁོར་བེད་སྤྱོད་དོ་དམ་བྱེད་ཐབས》།ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་གྱིས་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་གྲོས་ཚོགས་དང་ཞིང་ཆེན་ཏང་ཨུས་ཁྱོན་ཡོངས་ནས་བཅོས་བསྒྱུར་ཟབ་མོ་བྱེད་པའི་འགོ་ཁྲིད་ཚན་ཆུང་གི་ཐེངས་བཞི་བའི་གྲོས་ཚོགས་སྟེང་གི་གསུང་བཤད་གལ་ཆེན།ཞིང་ཆེན་ཡོངས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གཟེངས་བསྟོད་སྐུལ་སློང་ཚོགས་ཆེན།མཚོ་སྔོན་ཞིང་ཆེན་བཟོ་ཚོགས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་བ་དང་ཞིང་ཆེན་ཡོངས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་བདེ་སྲུང་ལས་དོན་གཟེངས་བསྟོད་ཚོགས་ཆེན་བཅས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས།

གོང་མ།:ཟླ་བ་དང་པོ་ནས་ཟླ་བཅུ་གཅིག་བར་མཚོ་ནུབ་ཁུལ་གྱི་གཞི་ཁྱོན་ཡན་གྱི་བཟོ་ལས་བརྟན་འཕར་བྱུང་།

ཞོལ་མ།:ཞིང་ཆེན་སྲིད་གཞུང་དབང་བོ་སྐྱོན་ཅན་བྱ་བའི་ཨུ་ཡོན་ལྷན་ཁང་གི་དཔྱད་ཞིབ་ཚན་ཆུང་གིས་རང་ཁུལ་གྱི་བྱ་བར་དཔྱད་ཞིབ་བྱས།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235