མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

ཟླ་བ་དང་པོ་ནས་ཟླ་བཅུ་གཅིག་བར་མཚོ་ནུབ་ཁུལ་གྱི་གཞི་ཁྱོན་ཡན་གྱི་བཟོ་ལས་བརྟན་འཕར་བྱུང་།

ཡོང་ཁུངས།:  སྤེལ་དུས།:2017-12-28  རྩོམ་པ་པོ།:  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:

ད་ལོ་ནས་བཟུང་།  རང་ཁུལ་གྱིས་ལོའི་བྱ་བའི་དམིགས་འབེན་དང་ལྟེ་བའི་འགན་ཁུར་དཀྱིལ་སྙིང་དུ་བཟུང་ནས། བྱེད་ཐབས་ནུས་ལྡན་སྤྱད་དེ།  དཀའ་ངལ་ཁྱད་བསད་དང་དངོས་འབེབ་དམ་འཛིན་བྱས་པ་དང་། ཁེ་ལས་སོགས་སུ་སོང་ནས་རྟོག་ཞིབ་དང་ཁེ་ལས་ཀྱི་འཕེལ་རྒྱས་ལ་རྗེས་འདེད་རྟོག་ཞིབ་བྱས་ནས། སྤྱི་ཁོག་ནས་བལྟས་ན་བཟོ་ལས་ཐོན་སྐྱེད་ཀྱི་འཕར་ཚད་བརྟན་བརླིང་ངང་འཕར་བའི་རྣམ་པ་མངོན།

 ཟླ་དང་པོ་ནས་བཅུ་གཅིག་བར།  ཁུལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་སྣོན་རིན་ཐང་ན་ནིང་གི་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་8.8འཕར། འཕར་སྣོན་རིན་ཐང་གི་སྤྱིའི་འདུས་ཚད་དང་འཕར་ཚད་སོ་སོའི་ཞིང་ཆེན་ཡོངས་ཀྱི་ཨང་གཉིས་པ་ཟིན། འཕར་ཚད་ཞིང་ཆེན་ཡོངས་ལས་བརྒྱ་ཆའི་ཚེག1.7གྱི་མཐོ་བ་དང་།   ཁུལ་གཏོགས་བཟོ་ལས་མུ་མཐུད་དུ་འཕར་བ་རྒྱུན་འཁྱོངས་བྱས་ཡོད།  ཟླ་དང་པོ་ནས་ཟླ་བཅུ་གཅིག་བར།  འཕར་སྣོན་རིན་ཐང་གི་བརྒྱ་ཆའི་42.2ཟིན་པའི་ཁུལ་གཏོགས་བཟོ་ལས་ཀྱི་འཕར་ཚད་བརྒྱ་ཆའི་19.1མངོན་འགྱུར་བྱུང་ཞིང་།  གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཚད་བརྒྱ་ཆའི་ཚེག7.42ལ་སྐུལ་འདེད་ཐོབ།  ལས་རིགས་ཆེན་པོ་20ཁྲོད་ལས་རིགས་ཆེན་པོ་བཅུ་འཕེལ་རྒྱས་བྱུང་བས།  གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་སྣོན་ལ་སྐུལ་འདེད་བྱེད་པའི་ལས་རིགས་ཁྲོད་སྔར་བཞིན་ཚྭ་མཚོ་བཟོ་ལས་རྫས་འགྱུར་སོགས་སྲོལ་རྒྱུན་གྱི་ལས་རིགས་ཀྱིས་ནུས་པ་མི་དམན་པ་འདོན་བཞིན་ཡོད། གློག་དང་སོལ་རླངས། འཕྲུལ་ཆས་དང་སྒྲིག་ཆས་བཟོ་སྐྲུན་སོགས་དར་གསར་ལས་རིགས་མགྱོགས་འཕར་བྱུང་བའི་རྣམ་པའང་མངོན་ཡོད་པས།  མཚོ་ནུབ་བཟོ་ལས་ལ་མུ་མཐུད་དུ་འཕར་སྣོན་ཐུབ་པར་གསོན་ཤུགས་བསྣན།

  དེ་མིན།  ཟླ་དང་པོ་ནས་ཟླ་བཅུ་གཅིག་བར།  ཡངས་པའི་བཟོ་ལས་མུ་མཐུད་དུ་འཕར་སྣོན་བྱུང་བ་རྒྱུན་འཁྱོངས་བྱས་ཡོད་ལ།  ཁུལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་ཡངས་པའི་བཟོ་ལས་དཔལ་འབྱོར་གྱིས་བསྡུར་ཚད་ཅུང་མཐོ།  ཟླ་དང་པོ་ནས་ཟླ་བཅུ་གཅིག་གི་བར།  སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གྱི་འཕར་ཚད་བརྒྱ་ཆའི་27.8མངོན་འགྱུར་བྱུང་ལ།  ཟིན་པའི་བསྡུར་ཚད་བརྒྱ་ཆའི་23.7ལ་སླེབས་ཡོད།   གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་སྣོན་ལ་སྐུལ་འདེད་བྱས་ཚད་བརྒྱ་ཆའི་ཚེག་5.8ལ་སླེབས།                                                                                                                                                                                                                                                                                                                                                                                                                                                                                                                                                                                                                                                                                                            

གོང་མ།:དཔེ་ཁང་ནང་ནས་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་ལ་སློབ་སྦྱོང་བྱེད་པའི་ཚ་རླབས་ཤིག་འཕྱུར།

ཞོལ་མ།:ཝུན་གོ་ཏུང་གིས་མདོ་འཛིན་མཛད་དེ་ཁུལ་ཨུའི་རྒྱུན་ཨུ་གྲོས་ཚོགས་བསྡུས་ཏེ་སྤྱོད་སྟངས་བཞིའི་སྐོར་ནས་ཚོགས་ཐོག་ཏུ་བླངས་བྱ་འདི་དག་བཏོན་ཡོད།​

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235