མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

དཔེ་ཁང་ནང་ནས་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་ལ་སློབ་སྦྱོང་བྱེད་པའི་ཚ་རླབས་ཤིག་འཕྱུར།

ཡོང་ཁུངས།:  སྤེལ་དུས།:2017-12-28  རྩོམ་པ་པོ།:  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:

      འདྲེན་ཚིག    དགུན་དུས་སུ་ཞིང་ལས་ལ་བྲེལ་བ་མི་ཆེ་བའི་དུས་འདིར།  རོང་འབྲོག་མང་ཚོགས་དང་གཞིས་ཁུལ་གྱི་སྡོད་མི་རྣམས་རང་འགུལ་སྒོས་རོང་འབྲོག་དཔེ་ཁང་དང་ལས་བཟོ་བའི་དཔེ་ཁང་དུ་སོང་ནས་ནན་ཏན་གྱིས་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་ལ་སློབ་སྦྱོང་བྱེད་བཞིན་ཡོད།

     མིག་སྔར།  གསར་འགོད་པ་གཏེར་ལེན་ཁ་གྲོང་ཁྱེར་ཐོའོ་ཨར་ཀུན་གཞིས་ཁྱིམ་གྱི་ཞིང་ཁྱིམ་དཔེ་ཁང་དུ་སོང་བ་ན།   ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་ལ་སློབ་སྦྱོང་བྱེད་པའི་བྱ་འགུལ་ཞིག་སྤེལ་བཞིན་ཡོད།

       སློབ་སྦྱོང་གྲོས་ཚོགས་སྟེང་།  ཚང་མས་ལོ་འདི་འགའི་རིང་གི་འཚོ་བའི་འགྱུར་ལྡོག་གླེང་བཞིན་ཡོད་ལ།  ཡུའེ་ཁཱ་ར་སྡེ་བའི་སྡེ་མི་ཚེ་ཆི་ཁི་ཡི་འཚོ་བར་དཀའ་ངལ་ཡོད་ནའང་།  གནད་ཕིགས་དབུལ་སྐྱོར་གྱི་སྲིད་ཇུས་ལག་བསྟར་བྱས་པ་ནས་བཟུང་། ཚེ་ཆི་ཁི་ཁྱིམ་ཚང་གང་པོ་སྔོན་གྱི་ཁང་ལེབ་ནས་ཐོག་ཁང་ནང་གནས་སྤར་བ་མ་ཟད།  ནགས་སྲུང་པའི་ནང་བཞག་ཡོད་པས། འཚོ་བ་ཉིན་རེ་ནས་ཉིན་རེར་ཇེ་ལེགས་སུ་འགྲོ་བཞིན་ཡོད།

     གཏེར་ལེན་ཁ་གྲོང་ཁྱེར་ཕྱུགས་བསྐྱིལ་ཞང་ཡུའེ་ཁཱ་ར་སྡེ་བའི་སྡེ་མིཚེ་ཆི་ཁི་ཡིས་བཤད་རྒྱུར།

དབུལ་སྐྱོར་ལས་བྱེད་པས་ཐབས་བརྒྱ་ཇུས་སྟོང་གིས་ངེད་ཚང་གི་དབུལ་ཐར་ལ་རོགས་སྐྱོར་དང་ཐུགས་ཁུར་གནང་ནས།  ད་སྐབས་ངེད་ཚང་ལ་ཁང་བ་ཡོད་པ་མ་ཟད།  ད་དུང་ཟླ་རེར་གཏན་འཇགས་ཀྱི་ཡོང་འབབ་ཡང་ཡོད་པས།  ཏང་དང་སྲིད་གཞུང་གི་ཐུགས་ཁུར་ལ་བཀའ་དྲིན་ཞུ་བའི་ཆབས་ཅིག    ང་རང་ལ་མཚོན་ན་མ་འོངས་པའི་འཚོ་བར་ཡིད་ཆེས་ཀྱིས་ཁེངས་ཡོད་ཟེར།

ཞིང་ཁྱིམ་དཔེ་ཁང་བེད་སྤྱད་དེ།  ཕྱུགས་བསྐྱིལ་ཞང་ཏང་ཨུའི་ཡིས་ཞིང་སྡེའི་རིག་གནས་འཛུགས་སྐྲུན་གྱི་དོན་དངོས་ལ་ཟུང་འབྲེལ་དང་རོང་འབྲོག་མང་ཚོགས་ཀྱི་བསམ་བློའི་འདོད་ཕྱོགས་ལ་ཟུང་འབྲེལ་བྱས་ནས།   ཏང་གི་ཚོགས་བཅུ་དགུ་བའི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་སྒྲོག   བསམ་བློ་བརྗེ་རེས།  ཟུར་ཁྲིད་སོགས་ཆེད་དོན་བྱ་འགུལ་རབ་དང་རིམ་པ་སྤེལ་བས།  ཞིང་ཁྱིམ་དཔེ་ཁང་དེ་རོང་འབྲོག་མང་ཚོགས་ལ་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་བྱེད་པའི་སྟེགས་བུ་གལ་ཆེན་ཞིག་ཏུ་གྱུར།

དུས་ཚོད་ངེས་ཅན་ཞིག་གི་ནང་།  འཛུགས་སྐྲུན་ལམ་གཞིས་ཁུལ་གྱི་ལས་བཟོ་བའི་དཔེ་ཁང་དེ་ཁོངས་གཏོགས་ཏང་ཡོན་ལས་བྱེད་པ་དང་གཞིས་ཁུལ་མང་ཚོགས་དུས་རྒྱུན་དུ་ཕེབས་སའི་གནས་གཙོ་བོ་ཞིག་ཏུ་གྱུར་འདུག   དཔེ་ཁང་ནང་།  ༼ཏང་གི་ཚོགས་ཆེན་བཅུ་དགུ་བའི་སྙན་ཞུ༽དང་༼ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག༽༼ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་གྱི་བརྒྱུད་སྒྲོག་གནད་བསྡུས༽༼ཏང་གི་ཚོགས་ཆེན་བཅུ་དགུ་བའི་སྙན་ཞུ་ལ་སློབ་སྦྱོང་དང་ཟུར་ཁྲིད་བྱེད་པའི་འདྲི་གཞི་བརྒྱ༽སོགས་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་ལ་སློབ་སྦྱོང་བྱེད་པའི་ཡིག་ཆ་དང་ཟུར་ཁྲིད་དུས་དེབ་གྲལ་དག་པའི་སྒོ་ནས་སྒྲིག་ཡོད་ལ།  སྡོད་དམངས་རྣམས་ཀྱིས་སློབ་སྦྱོང་དང་དཔེ་ཀློག་བྱེད་པའི་སྟབས་བདེ་གང་མང་བཟོས་ཡོད།

གཏེར་ལེན་ཁ་གྲོང་ཁྱེར་འཛུགས་སྐྲུན་གཞིས་ཁུལ་གྱི་སྡོད་མི  ཚའེ་ཧོང་ཞ་ཡིས་བཤད་རྒྱུར།  འཛུགས་སྐྲུན་ལམ་གཞིས་ཁུལ་གྱི་ལས་བཟོ་བའི་དཔེ་ཁང་འདིས།  ལས་འཁྱུར་ངལ་གསོ་བྱས་ཟིན་པའི་ལས་བཟོ་བ་རྣམས་ལ་དཔེ་ཀློག་བྱེད་སའི་ཁོར་ཡུག་བཟང་བོ་ཞིག་འདོན་སྤྲོད་བྱས་ཡོད་ལ།  ཚོགས་ཆེན་བཅུ་དགུ་བ་འཚོགས་པའི་རྗེས་སུ་གཏེར་ལེན་ཁ་གྲོང་ཁྱེར་ཡོངས་ནས་ཚོགས་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་བྱེད་པའི་ཚ་རླབས་ཤིག་འཕྱུར། ང་ཚོའི་དཔེ་ཁང་འདི་ལ་མཚོན་ན་ཚོགས་ཆེན་བཅུ་དགུ་ལ་འབྲེལ་བའི་དཔེ་ཆ་མང་པོ་ཡོད་པས།  ང་ཚོས་སྲིད་ཇུས་ལ་སློབ་སྦྱོང་དང་དཔེ་ཀློག་ཕྱོགས་ལ་སྟབས་བདེ་གང་མང་བཟོས་ཡོད་ཟེར།

 རྒྱུས་ལོན་བྱས་པ་ལྟར་ན།  གཏེར་ལེན་ཁ་གྲོང་ཁྱེར་དྲིལ་སྒྲོག་པུའུ་དང་རྩ་འཛུགས་པུའུ་ཡིས་གྲོང་ཁྱེར་ཡོངས་ཀྱི་ལས་བཟོ་བའི་དཔེ་ཁང་25དང་འབྲོག་ཁྱིམ་དང་ཞིང་ཁྱིམ་དཔེ་ཁང་43ལ་ཏང་གི་ཚོགས་ཆེན་བཅུ་དགུ་བའི་ཡིག་ཆ་དང་ཟུར་ཁྲིད་དཔེ་དེབ་4500མར་བྱིན་པ་དང་།  དཔེ་ཆ་དང་ཟུར་ཁྲིད་ཡིག་ཆ་འདི་དག་སྒྲིག་སྦྱོར་བྱས་པ་འདིས་ཞིང་ཁྱིམ་དཔེ་ཁང་ལ་རྒྱབ་རྟེན་བྱས་ཏེ། ཞང་དང་སྡེ་བའི་ཏང་ཡོན་ལས་བྱེད་མང་ཚོགས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་སྒྲོག  བསམ་བློ་བརྗེ་རེས།  ཟུར་ཁྲིད་སོགས་ཆེད་དོན་བྱ་འགུལ་སྤེལ་བར་སྟབས་བདེ་གང་ལེགས་བཟོས་ཡོད།  

གོང་མ།:རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ལ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་གསར་སྐྲུན་དཔེ་སྟོན་ཁུལ་གྱི་མཚན་སྙན་བསྩལ་བའི་ཐག་བཅད།

ཞོལ་མ།:ཟླ་བ་དང་པོ་ནས་ཟླ་བཅུ་གཅིག་བར་མཚོ་ནུབ་ཁུལ་གྱི་གཞི་ཁྱོན་ཡན་གྱི་བཟོ་ལས་བརྟན་འཕར་བྱུང་།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235