མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ལ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་གསར་སྐྲུན་དཔེ་སྟོན་ཁུལ་གྱི་མཚན་སྙན་བསྩལ་བའི་ཐག་བཅད།

ཡོང་ཁུངས།:  སྤེལ་དུས།:2017-12-28  རྩོམ་པ་པོ།:  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:

  ཞིང་ཆེན་སོ་སོ་དང་རང་སྐྱོང་ལྗོངས་སོ་སོ།ཐད་གཏོགས་གྲོང་ཁྱེར་སོ་སོ། དེ་མིན་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཁུལ་མི་རིགསཆོས་ལུགསཨུ་ཡོན་ལྷན་ཁང་ཐིན།ཅུའུ།གི་སྡེ་ཁག་སོ་སོ་དང་ཐད་གཏོགས་ལས་ཁུངས་སོ་སོ།མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཏང་ཨུ་དང་སྲིད་གཞུང་བཅས་ལ།

ཏང་གི་ཚོགས་ཆེན་བཅུ་དགུ་ཚོགས་པ་ནས་བཟུང་། མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་ཀྱི་འདུན་མ་གསར་བ་དང་བསམ་བློ་གསར་བའི་འཐབ་ཇུས་ལ་སློབ་སྦྱོང་དང་ལག་ལེན་མཐིལ་ཕྱིན་བྱས་ཏེ།ཐུན་མོང་གཉིས་ཀྱི་བརྗོད་དོན་ལ་གདེང་ཚོད་སྒོས་གཅིག་གྱུར་གྱི་ཇུས་འགོད་དང་གསར་གཏོད་ལ་སྐུལ་འདེད།སྤྱི་ཡོངས་ཞུགས་པ། མཉམ་སྐྲུན་བཅས་བྱས་ཏེ།འཕེལ་རྒྱས་ཀྱི་འདུན་མ་གསར་བར་རྒྱུན་འཁྱོངས་དང་ཁྱོན་ཡོངས་ནས་འབྱོར་འབྲིང་དུ་བསྐྱོད་པའི་གོམ་སྟབས་མྱུར་ཞིང་རྨང་གཞི་བརྟན་ལ། དབུལ་སྐྱོར་མཁྲེགས་གཏོར་གྱི་གྲུབ་འབྲས་མངོན་གསལ་བླངས་ཤིང་།མི་ནི་གཞི་རྩ་ཡིན་པར་རྒྱུན་འཁྱོངས་བྱས་ཏེ་དོན་དམ་གྱིས་དམངས་འཚོར་བདེ་སྐྱིད་བསྐྲུན་ནས་མུ་མཐུད་དུ་རིགས་སོ་སོའི་མང་ཚོགས་ཀྱི་ཐོབ་ཚོར་སྐྱེན་པོར་བཏང་།རིག་གནས་ཁས་ལེན་ལ་རྒྱུན་འཁྱོངས་བྱས་ཏེ་སྲོལ་རྒྱུན་རིག་གནས་དར་སྤེལ་བཏང་། རིགས་སོ་སོའི་ཐུན་མོང་གི་གཞིས་ཁྱིམ་འཛུགས་སྐྲུན་ལ་སྐུལ་འདེད་དང་མི་རིགས་མཐུན་སྒྲིལ་མདུན་སྐྱོད་ཀྱི་ཕན་འབྲས་ལེགས་པོ་སྨིན་ཞིང་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་ཇེ་དམ་དང་འཕེལ་རྒྱས་སུ་ཕྱིན།མཚོ་ནུབ་ཀྱི་མི་རིགས་མཐུན་སྒྲིལ་མདུན་སྐྱོད་ལས་དོན་མཐོ་ཚད་གསར་བར་བརྒལ།

མཚོ་ནུབ་ཀྱི་རང་འགུལ་ལག་ལེན་དེས་མཚོ་སྔོན་མི་རིགས་མཐུན་སྒྲིལ་གྱི་ཞིང་ཆེན་ཆེན་མོར་བསྐྲུན་ཕྱིར་མིག་དཔེ་བསྟན་ཞིང་།རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ལས་དོན་ཆེད་དུ་རིན་ཐང་ལྡན་པའི་ཉམས་མྱོང་བསྐྲུན།དཔྱད་ཞིབ་ཚད་ལེན་བརྒྱུད་དེ་མཚོ་ནུབ་ཁུལ་ལ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་མདུན་སྐྱོད་གསར་སྐྲུན་དཔེ་སྟོན་ཁུལ་གྱི་མཚན་སྙན་བསྩལ་བ་ཡིན།

མི་རིགས་མཐུན་སྒྲིལ་ནི་རིགས་སོ་སོ་མི་དམངས་ཀྱི་ཚེ་སྲོག་གི་གཟུང་ཐག་ཡིན་ལ།མི་རིགས་མཐུན་སྒྲིལ་གསར་སྐྲུན་ལ་མགོ་རྩོམ་པ་ལས་མཇུག་བསྡུ་རྒྱུ་མེད།དུས་རབས་གསར་བར་རྣམ་པ་གསར་བ་དགོས་ལ་ལག་ལེན་གསར་བ་ནི་དེ་བས་ཀྱང་མཁོ།  མཚོ་ནུབ་ཁུལ་ནི་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་འོག མགོ་རྩོམ་ས་གསར་བ་འདི་ནས་ཐོག་མའི་བསམ་འདུན་མ་བརྗེད་པར་འོས་འགན་སེམས་ལ་དམ་པོར་འཆང་ནས་མུ་མཐུད་དུ་འབད་བརྩོན་བྱས་ཏེ།དུས་རབས་གསར་བའི་མི་རིགས་ལས་དོན་གྱི་བྱེད་སྟངས་གསར་བའི་འོགམི་རིགས་མཐུན་སྒྲིལ་ལས་དོན་ཆེད་དུ་མཛད་རྗེས་གསར་བ་འཇོག་དགོས།  

ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་ཞི་ཅིན་ཕིང་གི་དུས་རབས་གསར་བའི་མི་རིགས་ལས་དོན་བསམ་བློར་སློབ་སྦྱོང་དང་ལག་ལེན་མཐིལ་ཕྱིན་བྱས་ཏེ།ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་དང་འདྲ་བར་གདེང་ཚོད་སྒོས་སེམས་འདུན་གཅིག་ཏུ་ཀྲུང་གོའི་འདུན་མའི་བསྐྲུན་པའི་དམིགས་འབེན་ཡོད་དགོས།ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་འདུ་ཤེས་ཆགས་ཤིང་སེམས་ཤུགས་གཅིག་ཏུ་སྒྲིལ་དགོས།གསར་སྐྲུན་གྱི་གྲུབ་འབྲས་སྔར་བས་ཇེ་བརྟན་དང་དུས་རབས་གསར་བའི་མི་རིགས་མཐུན་སྒྲིལ་མདུན་སྐྱོད་གསར་སྐྲུན་ཟབ་མོ་སྤེལ་ཏེ།གསར་སྐྲུན་བྱ་བའི་ཁེབས་ཚད་དང་ཞུགས་ཚད་ཀྱི་ཤུགས་རྐྱེན་ཇེ་མཐོར་བཏང་ནས་དཔེ་སྟོན་ཁུལ་གྱི་བྱེད་ནུས་གང་ལེགས་འདོན་དགོས།མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་ལེགས་པོ་སྤེལ་ནས་མི་ཆོས་ཅན་དང་དངོས་ཡོད་ཅན། སྤྱི་མཐུན་ཅན་ལ་གཏོང་བར་དམིགས་ནས་ཁས་ལེན་ལྔ་ཇེ་དྲག་ཏུ་བཏང་སྟེ།རིགས་སོ་སོའི་སྤྱི་མཐུན་གྱི་གཞིས་ཁྱིམ་བསྐྲུན་དགོས། རིགས་སོ་སོའི་བར་གྱི་འབྲེལ་འདྲིས་ལ་ཤུགས་སྣོན་བྱས་ཏེ་བདེ་སྐྱིད་དཔལ་ལ་རོལ་བའི་ཁོར་ཡུག་བསྐྲུན་ནས།རིགས་སོ་སོའི་ཀྲུང་ཧྭའི་གཞིས་ཁྱིམ་ཆེན་མོའི་ཁྲོད་དུ་རྟེན་འབྱུང་ངང་འཚོ་དགོས།འཕེལ་རྒྱས་ནི་ལས་འགན་དང་པོ་ཡིན་པར་རྒྱུན་འཁྱོངས་བྱས་ཏེ་མི་དམངས་ལ་བསྟུད་མར་བདེ་སྐྱིད་བསྐྲུན་ཞིང་དབུལ་སྐྱོར་མཁྲེགས་གཏོར་གྱི་རྒྱལ་ཁ་ལེན་བླངས་ཏེ།  རྒྱལ་ཡོངས་འབྱོར་འབྲིང་སྤྱི་ཚོགས་སུ་ལྷན་དུ་འགྲིམས་རིགས་སོ་སོའི་མང་ཚོགས་ལ་གསར་སྐྲུན་ཁྲོད་ཐོར་ཚོར་བདེ་སྐྱིད་ཡོད་པར་འཇུག་དགོས།མི་རིགས་ལས་དོན་བཅོས་སྐྱོང་གི་ནུས་པ་དང་ཆུ་ཚད་ཇེ་མཐོར་བཏང་སྟེ་མི་རིགས་ལས་དོན་ལ་འགོ་ཁྲིད་པར་ཤུགས་སྣོན་དགོས།གཞི་རིམ་མི་རིགས་ལས་དོན་གྱི་དྲ་རྒྱ་དང་འཁོར་སྐྱོད་རྐྱེན་སྲོལ་ཚང་སྐྲུན་དགོས། མི་རིགས་ལས་དོན་སྤྱི་ཚོགས་ཆན་དང་ཁྲིམས་སྐྱོང་ཅན།  ནུས་ལྡན་ཅན། ཆེད་ལས་ཅན་དུ་བསྒྱུར་བའི་ཆུ་ཚད་མཐོར་འདེགས་སུ་བཏང་སྟེ།མི་རིགས་མཐུན་སྒྲིལ་གྱི་སྤྱི་ཚོགས་བརྟན་བརླིང་གི་རྣམ་པ་ཆེན་མོ་གཏན་སྲུང་བྱས་ཏེ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ཀྱི་རྟིང་མ་བླངས་ཏེ།དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་རླབས་པོ་ཆེ་མངོན་འགྱུར་བྱ་ཆེད་སྔར་ལས་ལྷག་པའི་བྱས་རྗེས་གསར་བ་འཇོག་དགོས།

རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་ནས།

                                                                              ༢༠༡༧ལོའི་ཟླ༡༢པའི་ཚེས༢༦ཉིན།

གོང་མ།:མི་རིགས་སྐད་ཡིག་བྱ་བ་སྔར་ལས་ལེགས་པོར་སྤེལ་བར་ཁྲིང་ཀའེ་ཧུའུ་ཡིས་བླང་བྱ་གསུམ་བཏོན་ཡོད།

ཞོལ་མ།:དཔེ་ཁང་ནང་ནས་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་ལ་སློབ་སྦྱོང་བྱེད་པའི་ཚ་རླབས་ཤིག་འཕྱུར།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235