མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

མི་རིགས་སྐད་ཡིག་བྱ་བ་སྔར་ལས་ལེགས་པོར་སྤེལ་བར་ཁྲིང་ཀའེ་ཧུའུ་ཡིས་བླང་བྱ་གསུམ་བཏོན་ཡོད།

ཡོང་ཁུངས།:  སྤེལ་དུས།:2018-01-04  རྩོམ་པ་པོ།:  རྩོམ་སྒྲིག་པ།:    ཀློགས་གྲངས།:

༢༠༡༧ལོར་ཟླ༡༢པའི་ཚེས་༢༩ཉིན།   རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་སྐབས་གཉིས་པའི་མི་རིགས་སྐད་ཡིག་ལས་དོན་ཆེད་མཁས་པ་བློ་འདྲིའི་ཨུ་ཡོན་ལྷན་ཚོགས་ཀྱི་ཐེངས་དང་པོའི་ཚོགས་འདུ་པེ་ཅིང་དུ་བསྡུས།  དེ་ཡིས་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་སྐབས་གཉིས་པའི་མི་རིགས་སྐད་ཡིག་ལས་དོན་ཆེད་མཁས་པ་བློ་འདྲིའི་ཨུ་ཡོན་ལྷན་ཚོགས་དབུ་བརྙེས་པ་མཚོན་ཡོད།   འདིའི་ནི་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་དང་ལྷག་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོ་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་ལེན་མཐིལ་ཕྱིན་བྱས་པ་མཚོན་ཡོད།

གཅིག་ནི་སློབ་སྦྱོང་ལ་ཤུགས་བསྣན་ཏེ།  གསར་གཏོད་རྒྱུན་ཆད་མེད་པ། གཞུང་ལུགས་སློབ་སྦྱོང་ལ་གཙིགས་སུ་བཟུང་སྟེ།  སློབ་སྦྱོང་གི་ཟབ་ཚད་དང་རྒྱ་ཆེ་ཚད་མུ་མཐུད་དུ་རྒྱ་བསྐྱེད་དགོས།  ལྷག་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལ་བསྟུད་མར་གཏིང་ཟབ་ཀྱིས་སློབ་སྦྱོང་བྱས་ཤིང་།    དུས་རབས་གསར་བའི་མི་རིགས་སྐད་ཡིག་བྱ་བའི་ཐབས་ཇུས་བཀོད་སྒྲིག་ལ་སློབ་སྦྱོང་བྱས་ཏེ།  བློ་འདྲིའི་བྱ་བའི་ཁ་ཕྱོགས་ཡང་དག་ཡིན་པ་དང་།   དུས་རབས་རང་བཞིན་མཚོན་པ།   ཆོས་ཉིད་རང་བཞིན་གདེང་ཚོད་བྱས་ཏེ།  གསར་གཏོད་རང་བཞིན་འབེལ་པོ་ཡིན་དགོས།  

གཉིས་ནི་ཞིབ་འཇུག་ལ་ཤུགས་བསྣན་ཏེ།   བློ་འདྲིའི་འདོན་སྤྲོད་བྱ་དགོས།  ཏང་དང་རྒྱལ་ཁབ་གྱི་བྱ་བའི་གནས་བབ་ཆེན་པོ་ལ་དམ་པོར་དམིགས་ཏེ།   མི་རིགས་ས་ཁུལ་དང་གྲངས་ཉུང་མི་རིགས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་དོན་དངོས་དང་དམ་ཟབ་ཀྱིས་འབྲེལ་བ་བྱ་དགོས།   གཏིང་ཟབ་པས་གནད་དོན་འདི་དག་ལ་ཞིབ་འཇུག་བྱེད་དགོས་པ་མ་ཟད།   རྨང་གཞིའི་འདིའི་སྟེང་དུ་ཕར་རྒོལ་བྱེད་ས་འཚོལ་དགོས།  བྱེད་ཐབས་བསམ་འཆར་བཏོན་ཏེ།  མི་རིགས་སྐད་ཡིག་བྱ་བ་ལེགས་པོར་བསྒྲུབ་པའི་ཆེད་དུ་གཞུང་ལུགས་རྒྱབ་སྐྱོར་དང་ཐབས་ཇུས་ཀྱི་འདེགས་སྐྱོར་འདོན་སྤྲོད་བྱ་དགོས།  

གསུམ་ནི་དཔུང་སྡེའི་འཁྲིད་དེ།  སྣེ་ཁྲིད་པའི་ནུས་བ་འདོན་སྤེལ་བྱ་དགོས།  ལས་རིགས་ཀྱི་སྣེ་འཁྲིད་པའི་ནུས་བ་ལེགས་པོར་བཏོནནས།  སྣེ་ཁྲིད་ཀྱི་དཔེ་སྟོན་ནུས་བ་འདོན་སྤེལ་བྱས་ཤིང་།  མི་རིགས་སྐད་ཡིག་བྱ་བའི་ཁྱབ་ཁོངས་ཀྱི་གཞུང་ལུགས་ཞིབ་འཇུག་གཏིང་ཟབ་ཏུ་སྤེལ་བ་སྐུལ་འདེད་གཏོང་དགོས་ལ།  ཆུ་ཚད་ཅུང་ཆེ་བ་དང་ནུས་བ་ཅུང་ཆེ་བའི་མི་རིགས་སྐད་ཡིག་སྤྱོད་པའི་ཞིབ་འཇུག་སྡེ་ཁག་ཅིག་སྐྱེད་སྲིང་ཡང་བྱ་དགོས།  

གོང་མ།:གཏེར་ལེན་ཁ་གྲོང་ཁྱེར་གྱི་དབུལ་ཕོངས་ཁྱིམ་ཚང་གིས་རང་འགུལ་སྒོས་དབུལ་ཕོངས་ཞྭ་མོ་ཕུད་པའི་རེ་ཞུ་བྱས།

ཞོལ་མ།:རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ལ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་གསར་སྐྲུན་དཔེ་སྟོན་ཁུལ་གྱི་མཚན་སྙན་བསྩལ་བའི་ཐག་བཅད།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235