མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

གཏེར་ལེན་ཁ་གྲོང་ཁྱེར་གྱི་དབུལ་ཕོངས་ཁྱིམ་ཚང་གིས་རང་འགུལ་སྒོས་དབུལ་ཕོངས་ཞྭ་མོ་ཕུད་པའི་རེ་ཞུ་བྱས།

ཡོང་ཁུངས།:  སྤེལ་དུས།:2018-01-08  རྩོམ་པ་པོ།:  རྩོམ་སྒྲིག་པ།:    ཀློགས་གྲངས།:

ཉེ་ཆར།གཏེར་ལེན་ཁ་གྲོང་ཁྱེར་ཀྭ་ཧའེ་གྲོང་རྡལ་ཐའོ་ཧ་སྡེ་བའི་དབུལ་ཕོངས་ཁྱིམ་ཚང་མིན་ཀིན་ཆི་མུ་ཁི་ཡིས་རང་འགུལ་སྒོས་དབུལ་ཕོངས་ཞྭ་མོ་ཕུད་པའི་རེ་ཞུ་བྱས་པ་འདིས།དུས་རབས་གསར་བའི་དཀའ་ངལ་མང་ཚོགས་ཀྱིས་རང་རྟོགས་ཀྱི་ནུས་པ་ལ་བརྟེན་ནས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པའི་ཆོད་སེམས་དང་ཡིད་ཆེས་མཚོན་ཡོད།

    མིན་ཀིན་ཆི་མུ་ཁི་ལ་མཚོན་ན་ཕ་མ་གཉིས་གཉེན་འཐོར་བྱས་ཟིན་ནས།མོ་དང་ཨ་མ་གཉིས་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱིས་འཚོ་བ་རོལ་བ་ཡིན།  ཨ་མ་ལ་ཁྲག་ཤེད་མཐོ་བའི་ནད་ཀྱིས་དབང་གིས་གྲིབ་སྐྱོན་ཕོག་འདུག     དཔལ་འབྱོར་ཡོང་སྒོ་གཙོ་བོ་མིན་ཀིན་ཆི་མུ་ཁི་ཡིས་ལས་ཞོར་ངལ་རྩོལ་ཁོ་ན་ལ་བརྟེན་དགོས་ཤིང་།ན་ནིང་ཟླ་བརྒྱད་པར། ཨ་མ་ཚེ་ལས་འདས་རྗེས་མོས་འཚོ་བའི་དཀའ་ངལ་གདོང་གིས་བསུས་ཏེ། དབུལ་ཐར་ཕྱུག་གྱུར་གྱི་ཆོད་སེམས་ལ་བར་ཆད་མ་བྱུང་།  སྲིད་གཞུང་གི་སྲིད་ཇུས་རོགས་སྐྱོར་བྱེད་པའི་དུས་མཉམ་དུ་མིན་ཀིན་ཆི་མུ་ཁི་ཡིས་གཞན་ལ་བརྟེན་པ་དང་གཞན་ལ་སྒུག་པའི་བསམ་བློ་དོར་ནས།  རང་གི་འབད་བརྩོན་ལ་བརྟེན།  ན་ནིང་མོས་ཀྲུང་གོ་མི་སྲོག་ཉེན་སྲུང་ཡན་ལག་ཀུང་ཟིའི་ལས་སྒོའི་ཞབས་ཕྱིའི་ལས་གནས་ལ་རྒྱུགས་འཕྲོད་ནས་འཚོ་བ་ལ་འགྱུར་ལྡོག་ཆེན་པོ་བྱུང་བས།   སྔོན་གྱི་དབུལ་ཐར་གྱི་བྱེད་ཐབས་ལ་འབད་བརྩོན་བྱེད་པ་ནས་ད་ལྟ་རང་འགུལ་སྒོས་དབུལ་ཕོངས་ཞྭ་མོ་ཕུད་པའི་རེ་ཞུ་བྱེད་པ་ཞིག་ཏུ་གྱུར་ལ།  མོའི་གདོང་ལ་འཛུམ་གྱིས་ཁེངས་འདུག

གཏེར་ལེན་ཁ་གྲོང་ཁྱེར་ཀ་ཧེ་གྲོང་རྡལ་ཐའོ་ཧ་སྡེ་བའི་སྡེ་མི་མིན་ཀིན་ཆི་མུ་ཁི་ཡིས་བཤད་རྒྱུར།༢༠༡༥ལོའི་ལོ་མཇུག་ལ་ངེད་ཚང་དབུལ་ཕོངས་ཁྱིམ་ཚང་ནང་བཞག་པ་ཡིན།གྲོང་རྡལ་དང་སྡེ་བའི་མགོ་ཁྲིད་ཀྱིས་ངེད་ཚང་ལ་རོགས་སྐྱོར་ཆེན་པོ་གནང་བས་འཚོ་བ་དང་ཡང་ན་ལས་ཞུགས་ཕྱོགས་ལ་རོགས་རམ་ཆེན་པོ་ཐོབ།ན་ནིང་གི་ཟླ་དྲུག་པར་ང་རང་ཀྲུང་གོ་མི་སྲོག་ཉེན་སྲུང་ནང་ལས་ཞུགས་བྱས་པས་ཡོང་སྒོ་ལ་ཁག་ཐེག་བྱས།  ད་ལྟ་ངས་རང་འགུལ་སྒོས་མ་མཐའི་འཚོ་བའི་འགན་སྲུང་ནང་ཕྱིར་བུད་ནས་གཞན་ལ་གོ་སྐབས་འདི་སྟེར་འདོན་ཡོད་ཟེར།

 ཀ་ཧེ་གྲོང་རྡལ་ཐའོ་ཧ་སྡེ་བའི་ཧྲུའུ་ཅི་དང་པོ་བློ་རྒྱལ་གྱིས་གསར་འགོད་པར་བཤད་རྒྱུར།དབུལ་སྐྱོར་བྱེད་ན་ཐོག་མར་སེམས་ཤུགས་ལ་རོགས་སྐྱོར་བྱེད་པ་ཡིན་ལ།མིན་ཀིན་ཆི་མུ་ཁི་ཡི་འཚོ་བ་ད་རུང་དེ་འདྲའི་ཕྱུག་པོ་མིན་ནའང་།མོས་རང་མགོ་རང་ཐོན་གྱི་སྙིང་སྟོབས་ཀྱིས་དེང་སྐབས་ཀྱི་དབུལ་ཐར་མཁྲེགས་གཏོར་བྱ་བར་ཡར་རྒྱས་ཀྱི་ནུས་ཤུགས་འདོན་བཞིན་ཡོད་ཟེར།

རྒྱུས་ལོན་བྱས་པ་ལྟར།ཐའོ་ཧ་སྡེ་བ་ནི་འབྲོག་པ་རྐྱང་རྐྱང་གི་སྡེ་བ་ཡིན།སྡེ་བ་འདི་ལ་བསྡོམས་པའི་ཁྱིམ་ཚང༡༢༡ཡོད།མིག་སྔའི་བར་དུ་དབུལ་ཕོངས་ཁྱིམ་ཚང༢དང་མི༢ཡོད།ཉེ་བའི་ལོ་འགའི་རིང་ལ་ཀ་ཧེ་གྲོང་རྡལ་ཐའོ་ཧ་སྡེ་བའི་ཚན་རིག་དང་མཐུན་པའི་དབུལ་སྐྱོར་དང་གནད་ཕིགས་དབུལ་སྐྱོར།ཐོན་ལས་རོགས་སྐྱོར།རྣམ་གྲངས་རོགས་སྐྱོར་བཅས་རྒྱུན་འཁྱོངས་བྱས་པས།མུ་མཐུད་དུ་དབུལ་སྐྱོར་གསར་སྤེལ་བྱ་བའི་ནུས་ཤུགས་ཆེ་རུ་བཏང་སྟེ།དབུལ་སྐྱོར་གསར་སྤེལ་གྱི་བྱེད་ཐབས་དང་བྱེད་ཕྱོགས་གསར་བ་འཚོལ་ཞིབ་བྱས་ནས།ཏན་ཏན་ཏིག་ཏིག་གིས་དབུལ་སྐྱོར་མཁྲེགས་གཏོར་དང་དམིགས་འབེན་འགན་ཁུར་ལེགས་འགྲུབ་དང་མཐོར་འདེགས་སུ་བཏང་བ་དང་།ངེས་པ་དོན་གྱིས་ཕྱུགས་ལས་གཙོ་བྱེད་པའི་ཐོན་ལས་གཙོ་བོ་དང་དཔལ་འབྱོར་གྱི་ཡོང་སྒོ་སྣ་གཅིག་ཅན་གྱི་རྣམ་པ་རྩ་བ་ནས་བསྒྱུར་བཅོས་བྱས་ཐོགམིག་སྔའི་བར།སྡེ་བ་ཡོངས་ཀྱི་སྡེ་མིའི་ཆ་སྙོམས་ཀྱི་བགོས་ཆོག་པའི་ཡོང་སྒོ་སྒོར༡༤༡༩༩.༦༤ལ་སླེབས་ཡོད་ལ།དབུལ་ཐར་མཁྲེགས་གཏོར་བྱ་བའི་གོ་རིམ་ཏན་ཏིག་དང་གྲུབ་འབྲས་མངོན་གསལ་བླངས་ཡོད།  ཡིག་སྒྱུར་བ། བདེ་སྐྱིད་སྒྲོལ་མ།

གོང་མ།:མཚོ་ནུབ་ཁུལ་གྱིས་ནུས་ཡོད་སྒོས་གླ་ཕོགས་དུས་འགྱངས་ཆད་དངུལ་གཙང་སེལ་བྱས་ཏེ།ཞིང་བ་ཞོར་ལས་བའི་སེམས་པ་སྐྱིད་ལ་བསྐོལ།

ཞོལ་མ།:མི་རིགས་སྐད་ཡིག་བྱ་བ་སྔར་ལས་ལེགས་པོར་སྤེལ་བར་ཁྲིང་ཀའེ་ཧུའུ་ཡིས་བླང་བྱ་གསུམ་བཏོན་ཡོད།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235