མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

ཉེ་ཆར་དབུལ་ལམ་རྫོང་གིས་མི་རིགས་སྐད་ཡིག་ལས་དོན་བཀོད་སྒྲིག་གྲོས་ཚོགས་བསྡུས།

ཡོང་ཁུངས།:  སྤེལ་དུས།:2018-01-12  རྩོམ་པ་པོ།:  རྩོམ་སྒྲིག་པ།:    ཀློགས་གྲངས།:

གཏིང་ཟབ་པའི་སྒོ་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ།  མཚོ་སྔོན་ཞིང་ཆེན་གྲངས་ཉུང་མི་རིགས་སྐད་ཡིག་ལས་དོན་ལོ་ལྔའི་འཆར་འགོད་བཅུ་གསུམ་པའིའཆར་འགོདལག་ལེན་མཐར་ཕྱིན་བྱས་ཏེ།  ནན་ཏན་སྒོསམཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་སོག་རིགས་བོད་རིགས་སྐད་ཡིག་ལས་དོན་སྲོལ་ཡིགལག་བསྟར་བྱས་ཏེ།  ཏན་ཏིག་གིས་རྫོང་ཡོངས་ཀྱི་མི་རིགས་སྐད་ཡིག་ལས་དོན་ལ་སྐུལ་འདེད་གཏོང་ཕྱིར།  ཉེ་ཆར་དབུལ་ལམ་རྫོང་གིས་མི་རིགས་སྐད་ཡིག་ལས་དོན་བཀོད་སྒྲིག་གྲོས་ཚོགས་བསྡུས།  

ཚོགས་ཐོག་ཏུ་ཞིབ་འཇུག་བྱས་པ་ལྟར་ན།   ཏན་ཏིག་གིས་རྫོང་ཡོངས་ཀྱི་མི་རིགས་ལས་དོན་ལ་སྐུལ་འདེད་གཏོང་ཆེད།   རྫོང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་ནི་རྫོང་སྲིད་གཞུང་གཞུང་སྒྲུབ་ཁང་དུ་འཛུགས་པ་དང་།རྫོང་སྲིད་གཞུང་གཞུང་སྒྲུབ་ཁང་གི་ཀྲུང་རིན་གཞོན་པས་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་གི་བྱ་བ་ལ་འགན་བཞེས་ཤིང་།  རྫོང་ཡོངས་ཀྱི་མི་རིགས་སྐད་ཡིག་བྱ་བ་རྫོང་ཨུ་དང་རྫོང་སྲིད་གཞུང་གི་གཅིག་གྱུར་གྱིས་འགོ་ཁྲིད་འོག་ནས་སྤེལ་དགོས་པར་ཐག་བཅད།  

ཚོགས་འདུ་ལས་བསྟན་དོན།  མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་གིས་མི་རིགས་སྐད་ཡིག་དྲིལ་སྒྲོག་དང་ཏང་དང་རྒྱལ་ཁབ་ཀྱི་མི་རིགས་སྐད་ཡིག་སྲིད་ཇུས་ལག་བསྟར་བཅས་ལ་འགན་འཁུར་ཏེ།  གྲངས་ཉུང་མི་རིགས་ཀྱི་རང་གི་སྐད་དང་ཡི་གེ་ལ་བཀོལ་སྤྱོད་དང་འཕེལ་རྒྱས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱས་ཏེ།ཧུར་ཐག་སྒོས་གྲངས་ཉུང་མི་རིགས་ཀྱི་སྐད་དང་ཡི་གེའི་ཚད་ལྡན་ཅན་དང་ཆ་འཕྲིན་ཅན་གྱི་བྱ་བ་སྤེལ་དགོས།   མི་རིགས་སྐད་ཡིག་གི་གསབ་སྦྱོང་དང་བེད་སྤྱོད་བྱ་བ་ལེགས་པོར་བསྒྲུབ་དགོས།   གྲངས་ཉུང་མི་རིགས་ཁག་གི་སྐད་ཡིག་རིག་གནས་ལ་བརྟག་དཔྱད་ཞིབ་འཇུག་བྱས་ཏེ།  གྲངས་ཉུང་མི་རིགས་ཀྱི་སྐད་དང་ཡི་གེའི་ཐོན་ཁུངས་ལ་སྲུང་སྐྱོང་བྱས་ཏེ།   མི་རིགས་སྐད་ཡིག་རིག་གནས་སྣ་མང་རང་བཞིན་འཕེལ་རྒྱས་ལ་སྐུལ་འདེད་བྱ་དགོས།  རྫོང་ཡོངས་ཀྱི་ཚོགས་འདུ་ཆེ་གྲས་ཀྱི་ཡིག་ཆའི་ཡིག་སྒྱུར་དང་སྐད་སྒྱུར་བྱ་བ་བསྒྲུབ་ཏེ་དེ་ལ་ཞུ་དག་བྱ་དགོས།  མི་རིགས་སོ་སོའི་ཕན་ཚུན་བར་སྐད་དང་ཡི་གེ་སློབ་སྦྱོང་བྱེད་པར་གཟེངས་བསྟོད་བྱས་ཏེ།མི་རིགས་སྐད་ཡིག་གི་ཕྱི་འབྲེལ་ལ་བསམ་ཚུལ་བརྗེ་རེས་དང་མཉམ་འབྲེལ་སོགས་བྱ་དགོས།

ཚོགས་འདུ་ལས་བསྟན་དོན།  མི་རིགས་སྐད་ཡིག་བྱ་བ་ནི་མི་རིགས་བྱ་བའི་ཁྲོད་ཀྱི་བྱ་གཞག་གཙོ་གྲས་ཤིག་ཡིན་ཏེ།  མི་རིགས་ཁག་བར་གྱི་མཛའ་བརྩེའི་མཐུན་སྦྱོར་བྱེད་པའི་འབྲེལ་ཟམ་ལྟ་བུ་ཡིན།མི་རིགས་སྐད་ཡིག་བྱ་བ་སྒྲུབ་མཁན་གྱི་ལས་འགན་རླབས་ཆེན་ཡིན་ལ་འགན་འཁུར་ལྕི།   བློ་མཐུན་རེ་རེས་ལས་འགན་གཅིག་ལྕོགས་སུ་འགན་བཞེས་ཏེ་རྫོང་ཡོངས་ཀྱི་མི་རིགས་སྐད་ཡིག་བྱ་བ་ཏན་ཏིག་གིས་བསྒྲུབ་དགོས།  མི་རིགས་སྐད་ཡིག་ཡིག་སྒྱུར་བྱ་བ་བརྒྱུད་དེ།   ས་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ།  དངོས་གནས་དྲང་གནས་གྱིས་མི་རིགས་ཁག་བར་ལ་འདྲ་མཉམ་དང་མཐུན་སྒྲིལ།  རོགས་རེས།འཆམ་མཐུན་སོགས་ཡོང་ཐུབ་པ་བྱ་དགོས།  སྔར་ལས་ལྷག་པའི་སྒོ་ནས་མི་རིགས་སོ་སོས་མཉམ་དུ་མཐུན་སྒྲིལ་འབད་བརྩོན་དང་མཉམ་དུ་དར་རྒྱས་གོང་འཕེལ་འགྲོ་བའི་གནས་བབས་ལེགས་པོ་ཆགས་པར་འབད་དགོས།

གོང་མ།:མཚོ་ནུབ་ཁུལ་གྱིས་བཅོས་བསྒྱུར་ལ་བརྟེན་ནས་ཞིང་ཕྱུགས་ལས་ཀྱི་རྒྱུ་སྤུས་མཐོར་འདེགས་དང་ཕན་འབྲས་ཇེ་ལེགས་སུ་གཏོང་བར་སྐུལ་འདེད་བཏང་།

ཞོལ་མ།:མཚོ་ནུབ་ཁུལ་གྱིས་ནུས་ཡོད་སྒོས་གླ་ཕོགས་དུས་འགྱངས་ཆད་དངུལ་གཙང་སེལ་བྱས་ཏེ།ཞིང་བ་ཞོར་ལས་བའི་སེམས་པ་སྐྱིད་ལ་བསྐོལ།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235