མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

མཚོ་ནུབ་ཁུལ་གྱིས་བཅོས་བསྒྱུར་ལ་བརྟེན་ནས་ཞིང་ཕྱུགས་ལས་ཀྱི་རྒྱུ་སྤུས་མཐོར་འདེགས་དང་ཕན་འབྲས་ཇེ་ལེགས་སུ་གཏོང་བར་སྐུལ་འདེད་བཏང་།

ཡོང་ཁུངས།:  སྤེལ་དུས།:2018-01-15  རྩོམ་པ་པོ།:  རྩོམ་སྒྲིག་པ།:    ཀློགས་གྲངས།:

   མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་ཞིང་ཕྱུགས་ཀྱི་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར་གཙོ་ཐིག་ཏུ་བྱས་པ་དང་།འཕང་འབྲས་ཐོན་ལས་གཙོར་བྱས་པའི་ཁྱད་ལྡན་སྐྱེ་དངོས་ཐོན་ལས་དང་སྐྱེ་ཁམས་ཕྱུགས་ལས་སོགས་བཅོས་བསྒྱུར་སྣ་ཚོགས་ལ་སྐུལ་འདེད་བཏང་སྟེ།ཞིང་ཕྱུགས་ལས་ཀྱི་གྲུབ་ཚུལ་མྱུར་དུ་ལེགས་སྒྲིག་བྱས་པ་དང་།གཅིག་གྱུར་སྒོས་ཞིང་ཕྱུགས་ལས་ཀྱི་རྒྱུ་སྤུས་མཐོར་འདེགས་དང་ཕན་འབྲས་ཇེ་ལེགས་སུ་གཏོང་བ་དང་།རོང་འབྲོག་དམངས་ཀྱི་ཡོང་སྒོ་རྒྱུན་མཐུད་ངང་འཕར་སྣོན་བྱེད་པ།རོང་འབྲོག་ཁུལ་གྱི་ལྗང་མདོག་འཕེལ་རྒྱས་བཅས་བྱ་བ་སྤེལ། 2017ལོར།ཞིང་ཕྱུགས་ཐོན་ལས་ཐད་ཀྱི་འཕར་སྣོན་རིན་གྲངས་སྒོར་ཐེར་འབུམ་གསུམ་དང་དུང་ཕྱུར་གཉིས་ལ་སླེབས་པ་དང་།བརྒྱ་ཆའི་བཅུ་གཉིས་འཕར་སྣོན་བྱུང་ལ།ཞིང་སྡེའི་རྒྱུན་སྡོད་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་ཀྱི་བཀོལ་སྤྱོད་བྱེད་ཆོག་པའི་ཡོང་སྒོ་སྒོར་ཁྲི་གཅིག་དང་སྟོང་གཉིས་བདུན་བརྒྱ་རུ་སླེབས།

2017ལོར།མཚོ་ནུབ་ཁུལ་གྱིས་སྔ་གཞུག་ཏུ་རྫོང་རིམ་པའི་མཉམ་འབྲེལ་ཁང་གཉིས་དང་།ཞང་རིམ་པའི་མཉམ་འབྲེལ་ཁང་གཉིས་བཙུགས། མིག་སྔར།མཉམ་འབྲེལ་ཁང་གི་ཁོངས་མི་སོ་དགུ་ལ་སླེབས་པ་དང་། དེའི་ཁྲོད་ཐེམ་ཆེན་དང་ཏུའུ་ལན་རྫོང་གཉིས་ཀྱི་མཉམ་འབྲེལ་ཁང་དུ་ཞུགས་པའི་འབྲོག་ཁྱིམ་བརྒྱད་བརྒྱ་དང་གྱ་གསུམ་ལ་སླེབས་ནས།རིམ་བཞིན་དུ་གྲོང་སྡེ་དང་ཞང་གྲོང་བརྒལ་བའི་རིགས་གསར་བའི་ཕྱུགས་ལས་བདག་གཉེར་གྱི་རྣམ་པ་གྲུབ་པར་བྱས།

ཁྱད་ལྡན་འདེབས་གསོ་ལས་རིགས་དེ་མཚོ་ནུབ་ཁུལ་གྱི་ཐོན་ལས་གཙོ་བོར་གྱུར་བ་སྟེ།ཚྭ་འདམ་གཞོང་གི་འཕང་འབྲས་དེ་རྒྱལ་ཁབ་ས་གནས་མཚོན་རྟགས་ཀྱི་སྲུང་སྐྱོབ་ཐོན་རྫས་སུ་གྱུར་བ་དང་།ས་བབ་མཐོ་ཞིང་གྲང་ངར་ཆེ་བའི་ས་ཁུལ་གྱི་འཕང་འབྲས་འདེབས་འཛུགས་ཚོང་རྟགས་མིང་གྲགས་ཅན་འཛུགས་སྐྲུན་དཔེ་སྟོན་ཁུལ་ལ་ལྟ་ཞིབ་རྩིས་ལེན་བྱས་ལ།འཕང་འབྲས་ཁེ་ལས་བཅོ་ལྔ་རྒྱལ་ནང་གི་འཕང་འབྲས་ཐད་ཀྱི་ཁས་ལེན་ཐོབ་པ་དང་།འཕང་འབྲས་འདེབས་འཛུགས་ཐོན་ཚད་ཏུན་ཁྲི་བདུན་སྟོང་ལྔའི་ཡན་ལ་སླེབས་ལ།འཕང་འབྲས་ཀྱི་ཆང་སོགས་སྤུས་ལེགས་ལས་སྣོན་ཐོན་རྫས་བསྟུད་མར་ཚོང་རར་བཀྲམས།

ཁུལ་ཡོངས་ཀྱི་གསོ་སྤེལ་རྟེན་གཞི་བཅུ་གསུམ་མཚོ་སྔོན་ཞིང་ཆེན་གྱི་སྐོར་དང་པོའི་ཚལ་སླེ་ཐོན་སྐྱེད་རྟེན་གཞི་རུ་གཏན་ཁེལ་བྱས་པ་དང་།སྔོ་ཚལ་འདེབས་འཛུགས་རྒྱ་ཁྱོན་སྤྱི་ཆིངས་སྟོང་གཉིས་དང་སུམ་བརྒྱ་སོ་གསུམ་དུ་སླེབས་ལ།ཐོན་ཚད་ཏུན་ཁྲི་བདུན་དང་སྟོང་ལྔར་སླེབས་ལ།དྲོད་ཁང་སྟོང་གཉིས་དང་བདུན་བརྒྱ་ཡོངས་རྫོགས་བཀོལ་སྤྱོད་བྱས་ནས།ཞིང་ཕྱུགས་ལས་ཐོན་ལས་ཅན་གྱི་ཁེ་ལས་གཙོ་བོ་དང་རོང་འབྲོག་དམངས་ཆེད་ལས་མཉམ་ལས་ཁང་།ཁྱིམ་ཚང་གི་ཞིང་ར།ཞིང་ལས་དང་འབྲེལ་བའི་ཁེ་ལས་བཅས་རིགས་སྣ་བཞིའི་རྣམ་པ་གསར་བའི་ཚོང་གཉེར་གཙོ་གཞི་ཐོག་མར་གྲུབ་པར་བྱས།

 

གོང་མ།:མཛའ་བརྩེའི་དར་ཐག་གཅིག་ཏུ་བརྒྱུས་པའི་གཏེར་ལེན་ཁ་ས་ཁུལ་གྱི་བོད་རིགས་སྤུན་ཟླ་ཡོངས་ལ་སྤྲིངས་པ།

ཞོལ་མ།:ཉེ་ཆར་དབུལ་ལམ་རྫོང་གིས་མི་རིགས་སྐད་ཡིག་ལས་དོན་བཀོད་སྒྲིག་གྲོས་ཚོགས་བསྡུས།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235