མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

ཝང་ཅན་ཅུན་མཚོ་ནུབ་དང་མགོ་ལོག་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

ཡོང་ཁུངས།:  སྤེལ་དུས།:2018-01-29  རྩོམ་པ་པོ།:  རྩོམ་སྒྲིག་པ།:    ཀློགས་གྲངས།:

ཟླ1པོའི་ཚེས26ཉིན་གྱི་ཕྱི་དྲོ་དང་ཚེས27ཉིན་གྱི་སྔ་དྲོར།མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཝང་ཅན་ཅུན་སོ་སོར་མཚོ་ནུབ་འཐུས་ཚབ་ཚོགས་པ་དང་མགོ་ལོག་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

མཚོ་ནུབ་འཐུས་ཚོབ་ཚོགས་པའི་གྲོས་ཞིབ་ཁྲོད། ཝུན་གོ་ཏུང་དང་མིན་ཧའེ།ཝང་ཡུང་། ཞའེ་ཁང་མིན།ཧྥུའུ་ཧོའེ་ལིན་སོགས་འཐུས་མིས་སྒོ་འབྱེད་འཕེལ་རྒྱས་དང་ཐོན་ལས་རིམ་སྤར།གྲོང་ཁྱེར་འཛུགས་སྐྲུན། དཔལ་འབྱོར་འཁོར་རྒྱུག་།ཤང་གྲོང་དར་རྒྱས་འཐབ་ཇུས་སོགས་ཀྱི་ཐད་ནས་གཏམ་བཤད་གནང་། ཝང་ཅན་ཅུན་གྱིས་བསྟན་དོན།འདས་པའི་ལོ་གཅིག་ནང་། མཚོ་ནུབ་ཁུལ་གྱིས་ཞིང་ཆེན་ཡོངས་ཀྱི་བྱ་བ་གཙོ་བོར་དམིགས་ནས།སྤོབས་པ་ལྡན་པ་དང་ཁག་འཁུར་ཡོད་པའི་སྒོ་ནས།ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་ཐད་ལ་བྱས་རྗེས་བཞག་ཡོད་ཟེར། ཁོས་བཤད་རྒྱུར།མཚོ་སྔོན་འཕེལ་རྒྱས་སུ་གཏོང་དགོས་ན་མཚོ་ནུབ་ཀྱི་ལས་འགན་ཧ་ཅང་ལྕི་བས།མཚོ་ནུབ་ཁུལ་གྱི་གནས་ཚུལ་ངོས་ཟིན་སྔར་ལས་ཇེ་ཟབ་ཏུ་གཏོང་བ་དང་།དུས་རབས་འཕེལ་རྒྱས་དང་བསྟུན་ནས་གོ་སྐབས་གལ་ཆེན་དང་འགྲན་རྩོད་ཀྱི་མདུན་དུ།དུས་བསྟན་ལྷན་སྐྱོད་སྒོས་མཚོ་ནུབ་ཁུལ་གྱི་གནས་ཚུལ་ལ་དབྱེ་འབྱེད་བཟང་བོ་དང་མ་འོངས་པར་རྒྱུན་མཐུད་ངང་འཕེལ་རྒྱས་སུ་གཏོང་བའི་ལམ་བུ་ལ་དབྱེ་ཞིབ་ཟབ་མོ་བྱེད་དགོས།རྒྱལ་ཁབ་འཕེལ་རྒྱས་ཀྱི་འཐབ་ཇུས་ཁྲོད་འདྲེས་པར་ཞིང་ཆེན་ཡོངས་ཀྱི་མདུན་གྲས་སུ་བསྐྱོད་པ་དང་།ཚྭ་འདམ་གཞོང་ནི་ནོར་གཞོང་ཞིག་ཡིན་པ་དང་།མཚོ་ནུབ་ནི་རྒྱུད་གཅིག་ལམ་གཅིག་གི་ཚིགས་གནས་གཙོ་བོ་ཞིག་ཡིན་པས།རང་སྟེང་གི་ཁྱད་་ལྡན་གོ་གནས་དང་དགེ་མཚན་ཆ་རྐྱེན་བཙལ་བ་དང་།ཐོན་ཁུངས་དང་ཐོན་ལས་འཕེལ་རྒྱས་ལ་དམིགས་ནས།རང་འགུལ་གྱིས་རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་ཁྲོད་འདྲེས་པར་བྱེད་པ་དང་དེར་ཞབས་འདེགས་ཞུ་དགོས།རྒྱུད་གཅིག་ལམ་གཅིག་ཁྲོད་སྒོ་འབྱེད་འཕེལ་རྒྱས་འཐབ་ཇུས་ཀྱི་རྟེན་ས་འཛུགས་སྐྲུན་བྱེད་པ་དང་།ལས་གཞི་བྱེ་བྲག་ནས་འགོ་རྩོམ་པ་དང་ཚིགས་གནས་གཙོ་བོ་དེ་རྟེན་ས་དང་ཁ་སྣོན་བྱེད་སར་བསྒྱུར་ནས།ཕྱི་ཕྱོགས་སྒོ་འབྱེད་ཀྱི་བར་སྟོང་གསར་བ་རྒྱ་བསྐྱེད་དགོས།རྒྱུ་སྤུས་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་སྒྲིག་གཞི་བཅོས་བསྒྱུར་རིམ་སྤར་ལ་སྣེ་ཁྲིད་བྱེད་པ་དང་།འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་ཏེ།སྒུལ་ནུས་གསར་རྙིང་མགྱོགས་མྱུར་སྒོས་བརྗེ་བསྒྱུར་བྱེད་དགོས་ལ།ཡོད་མེད་ནས་བཟང་མིན་ལ་བསྒྱུར་བ་མངོན་འགྱུར་བྱས་ཏེ།དཔལ་འབྱོར་རྒྱུ་སྤུས་མཐོ་བའི་སྒོ་ནས་འེཕལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བ་དང་།མཚོ་ནུབ་འཕེལ་རྒྱས་ཀྱི་མཛེས་སྡུག་གི་མ་འོངས་བ་འཛུགས་སྐྲུན་བྱེད་དགོས་ཟེར།

མགོ་ལོག་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ཁྲོད།ཝུའུ་ཡུས་ཀྲང་དང་པད་རྒྱལ་བཀྲ་ཤིས།ཚེ་རིང་སྒྲོལ་མ་སོགས་ཀྱི་འཐུས་མིས་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་དང་ཁྱད་ལྡན་གྲོང་རྡལ་འཛུགས་སྐྲུན།རྩྭ་ཐང་གི་སྐྱེ་ཁམས་ལ་སྲུང་སྐྱོབ། དབུལ་ཐར་མཁྲེགས་གཏོར་ཇེ་མགྱོགས་སུ་གཏོང་བ།གནས་སྐོར་མཉམ་བསྲེས་འཕེལ་རྒྱས།མི་རིགས་མཐུན་སྒྲིལ་ཡར་ཐོན་སོགས་ལ་དམིགས་ནས་གཏམ་བཤད་གནང་།ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན།མགོ་ལོག་གིས་མཚོ་སྔོན་དཔལ་འབྱོར་འཕེལ་རྒྱས་ཁྲོད་དུ་གོ་གནས་གལ་ཆེན་ཟིན་པ་དང་།དུས་བསྟུན་ལྷན་བསྐྱོད་ཀྱིས་མགོ་ལོག་ཁུལ་གྱི་གནས་ཚུལ་ཐད་ཀྱི་ངོས་ཟིན་ཇེ་ཟབ་ཏུ་གཏོང་བ་དང་།དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་བཀག་འཛིན་བྱེད་པའི་ཞན་ཆ་དང་ཤུགས་ཆུང་ས་ཤེས་པར་བྱེད་པ།རིགས་སོ་སོའི་མང་ཚོགས་ཀྱི་མཛེས་སྡུག་གི་འཚོ་བའི་ཐད་ཀྱི་རེ་སྒུག་ཁོང་དུ་ཆུད་པར་བྱས་ནས།མགོ་ལོག་གི་མ་འོངས་པའི་འཕེལ་རྒྱས་ཐད་ནས་འཆར་འགོད་བཟང་བོ་བྱེད་དགོས།འབྲོག་ཁུལ་དང་ལྷག་པར་དུ་མཚོ་སྔོན་ལྷོ་ཕྱོགས་ས་ཁུལ་གྱི་འཕེལ་རྒྱས་ཆོས་ཉིད་ཁོང་དུ་ཆུད་པར་བྱེད་པ་དང་།དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་འཚར་ལོངས་དང་མི་མཐུན་པའི་འགལ་བ་ཐག་གཅོད་པ་དང་།སློབ་གསོ་ཁྱབ་གདལ་དང་ཆོས་ལུགས་དོ་དམ་བར་གྱི་འགལ་བ་ཐག་གཅོད་དེ།དཔལ་ཡོན་འཛུགས་སྐྲུན་ཐད་ཀྱི་བྱ་བ་བཟང་བོར་བསྒྲུབས་ནས་བོད་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བྱེད་པ་དང་།ཡུན་སྐྱོང་བདེ་འགོད་མངོན་འགྱུར་བྱེད་དགོས།སྐྱེ་ཁམས་དམིགས་སུ་འཛིན་པའི་ལྗང་མདོག་འཕེལ་རྒྱས་ཐད་ལ་ཞིང་ཆེན་ཡོངས་ཀྱིས་བྱས་རྗེས་བཞག་སྟེ།མི་དམངས་ཀྱི་ཆེད་དུ་སྲུང་སྐྱོང་དང་འཕེལ་རྒྱས་སུ་གཏོང་དགོས་ལ།མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་བསམ་བློ་རྒྱུན་འཁྱོངས་བྱས་ཏེ།སྐྱེ་ཁམས་སྲུང་སྐྱོང་དམིགས་སུ་འཛིན་པའི་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུ་དུ་བསྐྱོད་ནས་སྐྱེ་ཁམས་དང་ཐོན་སྐྱེད།འཚོ་བ་བཅས་མཐུན་སྦྱོར་གཅིག་གྱུར་མངོན་འགྱུར་བྱེད་དགོས་ཟེར།

གོང་མ།:《ཞི་ཅིན་ཕེན་གྱིས་རྒྱལ་སྐྱོང་སྲིད་གཉེར་གླེང་བ》བམ་པོ་དང་པོ་ཡང་བསྐྱར་དཔེ་སྐྲུན་འགྲེམ་སྤེལ་བྱས་པ།

ཞོལ་མ།:མཛའ་བརྩེའི་དར་ཐག་གཅིག་ཏུ་བརྒྱུས་པའི་གཏེར་ལེན་ཁ་ས་ཁུལ་གྱི་བོད་རིགས་སྤུན་ཟླ་ཡོངས་ལ་སྤྲིངས་པ།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235