མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

མཚོ་ནུབ་འཐུས་ཚབ་ཚོགས་པས་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་ལ་གྲོས་ཞིབ་བྱས།

ཡོང་ཁུངས།:  སྤེལ་དུས།:2018-02-01  རྩོམ་པ་པོ།:  རྩོམ་སྒྲིག་པ།:    ཀློགས་གྲངས།:

ཟླ་དང་པོའི་ཚེས་ཉེར་བརྒྱད་ཉིན་ནས་ཚེས་ཉེར་དགུ་ཉིན་བར།མཚོ་ནུབ་འཐུས་ཚབ་ཚོགས་པས་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་ལ་གྲོས་ཞིབ་ནན་མོ་བྱས་པ་དང་།འཐུས་མི་ཚོས་འདས་ཟིན་པའི་ལོ་ལྔའི་ནང་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བསྒྲུབས་པའི་བྱ་བར་ཁས་ལེན་གང་ལེགས་བྱས་པ་དང་།རྗེས་ཕྱོགས་ཀྱི་བཀོད་སྒྲིག་ལ་ཡིད་འཐད་པའི་ཚུལ་བསྟན།

གྲོས་ཞིབ་སྐབས་སུ། ཝང་ཡུས་ཡན་དང་ཡོན་ཉིང་།མགོན་པོ་ཚེ་རིང་། མའོ་ཀྲུང་མེན། ཀུའུ་ཧྲིག་ཞན།ཐར་འབུམ་སོགས་འཐུས་མིས་སོ་སོར་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་འཛུགས་སྡེ་ཁག་འཛུགས་པ་དང་།ཁྲིམས་འཛུགས་ཐད་ཀྱི་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པ།ཁྲིམས་འཛུགས་ནུས་པ་མཐོར་འདེགས་བྱེད་པ་སོགས་ཕྱོགས་ནས་གཞི་རིམ་དམངས་འཐུས་ཚོགས་ཆེན་བྱ་བའི་ཐད་ཀྱི་མཛུབ་སྟོན་ལ་ཤུགས་སྣོན་པ་དང་།དམངས་འཐུས་ཚོགས་ཆེན་ཁྱབ་ཁོངས་ཀྱི་བཅོས་བསྒྱུར་ལས་འགན་སྣ་ཚོགས་གཏིང་ཟབ་ཏུ་སྤེལ་བ་དང་རྒྱ་སྐྱེད་པའི་ཐད་ནས་བློ་འདོན་ཇུས་འབུལ་བྱས།

གྲོས་ཞིབ་སྐབས་སུ།ཚང་མས་མཐའ་གཅིག་ཏུ་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་གྲུབ་ཚུལ་གསར་ཞིང་དངོས་ཐོག་བདེན་འཚོལ་བྱས་ཡོད་པ་དང་།སྙན་ཞུའི་མགོ་མཇུག་བར་གསུམ་དུ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་ཁྱབ་པར་བྱས་ཡོད་ལ།དཀྱིལ་སྙིང་ལ་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་བྱ་བའི་ཁ་ཕྱོགས་མངོན་པར་བྱས་ཡོད་པ་མ་ཟད།ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དངོས་གཉེར་དམངས་བྱམས་དང་བརྟན་བརླིང་གི་བྱ་བའི་སྤྱོད་ཚུལ་ཡང་མངོན་པར་བྱས་ཡོད།སྙན་ཞུ་ནང་གྲུབ་འབྲས་ལ་ཁྱོན་ཡོངས་ནས་སྤྱི་སྡོམ་བྱས་ཡོད་པ་དང་།བྱ་བའི་བསམ་ཕྱོགས་གསལ་ཞིང་བྱེད་ཐབས་བཟང་ལ།དམངས་འཐུས་ཚོགས་ཆེན་གྱི་བྱ་བ་དངོས་དང་མཐུན་པས། མཛུབ་སྟོནརང་བཞིན་དང་ཁ་གཏད་རང་བཞིན།ལག་བསྟར་རང་བཞིན་ལྡན་ཟེར།

ཚང་མས་ལང་ལོང་གིས་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་བླང་བྱ་ལྟར།འཐུས་མིའི་འགན་འཁྲི་ལག་བསྟར་ནན་མོ་བྱེད་པ་དང་།རང་རྟོགས་སྒོས་དམངས་འཐུས་ཚོགས་ཆེན་ལྟ་སྐུལ་དང་ལེན་བྱེད་པ།གྲོས་གཞི་དང་བསམ་འཆར་ལ་ཉན་ནས། ཧུར་ཐག་གིས་བྱ་བ་སྣ་ཚོགས་བརྟན་བརླིང་ངང་སྤེལ་རྒྱུ་ཡིན་པ་དང་།སྙན་ཞུ་ལ་གྲོས་ཞིབ་ནན་མོ་དང་རྒྱུས་ལོན་གཏིང་ཟབ། བརྒྱུད་སྒྲོག་བཟང་བོ།ལག་ལེན་མཐར་ཕྱིན་བྱེད་པ་དང་། ཐེངས་འདིའི་གྲོས་ཚོགས་དེ་འགོ་ཚུགས་ས་གསར་བ་རུ་བྱེད་པ།རང་རྟོགས་སྒོས་མཚོ་ནུབ་ཀྱི་བྱ་བ་གཙོ་བོར་དམིགས་ནས། འགན་འཁྲི་ལག་བསྟར་ནན་མོ་བྱས་ནས།དམངས་འཐུས་ཚོགས་ཆེན་བྱ་བའི་ཁ་གཏད་རང་བཞིན་དང་གནད་ཕིགས་རང་བཞིན།ཕན་འབྲས་རང་བཞིན་ཇེ་དྲག་ཏུ་གཏོང་རྒྱུ་ཡིན་པའི་ཚུལ་བསྟན།

གོང་མ།:མཚོ་ནུབ་ཁུལ་གྱིས་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་ལེའུ་གསར་བ་བཀོད།

ཞོལ་མ།:《ཞི་ཅིན་ཕེན་གྱིས་རྒྱལ་སྐྱོང་སྲིད་གཉེར་གླེང་བ》བམ་པོ་དང་པོ་ཡང་བསྐྱར་དཔེ་སྐྲུན་འགྲེམ་སྤེལ་བྱས་པ།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235