མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

༢༠༡༨ལོའི་མཚོ་སྔོན་ཞིང་ཆེན་སྲིད་གཞུང་བྱ་བའི་སྙན་ཞུ་ཆ་ཚང་།

ཡོང་ཁུངས།:ཚྭ་འདམ་བོད་ཡིག་དྲ་ཚིགས།  སྤེལ་དུས།:2018-02-07  རྩོམ་པ་པོ།:མཚོ་སྔོན་ཞིང་ཆེན་སྲིད་གཞུང་ཡིག་སྒྱུར་ཁང་།  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:

སྲིད་གཞུང་གི་བྱ་བའི་སྙན་ཞུ།

——2018ལོའི་ཟླ1པའི་ཚེས25ཉིན་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་སྟེང་།

ཧྲིན་ཀྲང་།  ཝང་ཅན་ཅུན།

07.jpg

འཐུས་མི་རྣམ་པ།

   ད་ལྟ།ངས་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཚབ་བྱས་ནས་ཚོགས་ཆེན་ལ་སྲིད་གཞུང་གི་བྱ་བའི་སྙན་ཞུ་འབུལ་རྒྱུ་ཡིན་པས།ཁྱེད་རྣམ་པས་གྲོས་ཞིབ་གནང་རོགས། དེར་མ་ཟད་སྲིད་གྲོས་ཨུ་ཡོན་ལྷན་རྒྱས་ཀྱིས་བསམ་འཆར་འདོན་རོགས་ཞུ།

གཅིག འདས་པའི་ལོ་ལྔའི་རིང་གི་བྱ་བར་ཕྱིར་ལྟ་བྱེད་པ།

འདས་མ་ཐག་པའི་2017ལོ་ནི་མཚོ་སྔོན་འཕེལ་རྒྱས་ཀྱི་ལོ་རྒྱུས་ཁྲོད་ལོ་རང་ག་བ་ཞིག་ཡེ་ནས་མིན།ང་ཚོས་ཏང་གི་ཚོགས་ཆེན་བཅུ་དགུ་བ་རྒྱལ་ཁའི་ངང་འཚོགས་པར་བསུ་མ་དང་ཕྱོགས་ཡོངས་ནས་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་ལག་བསྟར་དོན་འཁྱོལ་བགྱིད་པ་སྒུལ་ཤུགས་སུ་བསྒྱུར་ནས།ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་ཇུས་ཆོད་བཀོད་པ་ལྟར།ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་རྒྱབ་རྟེན་བྱས་ཏེ།གཏན་འཇགས་ངང་ཡར་རྒྱས་འགྲོ་བར་བརྩོན་པའི་བྱ་བའི་སྤྱིའི་མ་ཐིག་རྒྱུན་འཁྱོངས་དང་འཕེལ་རྒྱས་འདུ་ཤེས་གསར་པ་རྒྱུན་འཁྱོངས་བྱས་ཤིང།འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞིའི་རང་བཞིན་གྱི་བཅོས་སྒྱུར་དེ་གཙོ་ཐིག་དང། འཕོ་འགྱུར་བཞིིལྟརཏན་ཏན་ཏིག་ཏིག་བཞིའིབླང་བྱ་གལ་ཆེན་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་བྱས་ཏེ།འཕར་སྣོན་བརྟན་སྲུང་དང་བཅོས་སྒྱུར་སྐུལ་སྤེལ། སྒྲིག་གཞི་སྙོམས་སྒྲིགདམངས་ཚིས་གཟིགས་སྐྱོང། སྐྱེ་ཁམས་སྲུང་སྐྱོང།ཉེན་ཁ་སྔོན་འགོག་སོགས་ཀྱི་བྱ་བ་མཐའ་དག་གཅིག་གྱུར་འཆར་འགོད་ངང་སྐུལ་སྤེལ་བྱས་པས།ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་ཁ་སྤྱིའི་ཆ་ནས་བརྟན་རླིང་ཡིན་ལ་བརྟན་རླིང་ངང་ཡར་རྒྱས་ཐོན་ཡོད།ས་ཁུལ་གྱི་ཐོན་སྐྱེད་བསྡོམས་ཐང་སྒོར་དུང་ཕྱུར་2642.8ལ་བསླེབས་ཤིང། ལོ་སྔོན་མ་དང་བསྡུར་ན་7.3%འཕར་ཡོད།སྡོད་དམངས་ཡོངས་ཀྱི་མི་རེའི་ཆ་སྙོམས་སྤྱོད་འཐུས་ཡོང་འབབ9.8%འཕར་ཡོད། སྡོད་དམངས་ཀྱི་འཛད་སྤྱོད་རིན་གོང་འཕར་ཚད་1.5%ནང་ཚུན་དུ་ཚོད་འཛིན་བྱས་ཡོད་ལ།ཉེ་བའི་ལོ་བཅུ་གཉིས་རིང་ཆེས་དམའ་བ་ཡིན་ཏེ།ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དྲུག་པའི་སྟེང་གཏན་ལ་ཕབ་པའི་དམིགས་འབེན་ལས་འགན་སོ་སོ་ཕུན་སུམ་ཚོགས་པའི་སྒོ་ནས་ལེགས་འགྲུབ་བྱུང་ཡོད།

ལོ་གཅིག་གི་རིང་ལ། ཞིང་ཆེན་ཏང་ཨུའི་ཞུམ་མེད་ཀྱི་འགོ་ཁྲིད་འོག་ཏུ།ང་ཚོས་འཕེལ་ཕྱོགས་ལ་གཞིགས་པ་དང། སྤྱི་ཡོངས་ལ་དམིགས་པ། བྱེད་ཐབས་གོ་ཆོད་འཐེན་པ།དོན་དག་ངོ་མ་སྒྲུབ་པ་བཅས་རྒྱུན་འཁྱོངས་བྱས་ཏེ།སྲིད་གཞུང་གི་སྤྱི་ཁོག་སྙོམས་སྒྲིག་དང་སྤྱི་པའི་ཞབས་ཞུ། ཁྲོམ་རའི་ལྟ་རྟོག སྤྱི་ཚོགས་དོ་དམ།ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་འགན་འཁྲི་ཅུང་ལེགས་པར་བསྒྲུབས་པས།བྱ་བ་མཐའ་དག་ལ་རྣམ་པ་གསར་པ་གཏོད་ཡོད།དཔལ་འབྱོར་འཕེལ་རྒྱས་ཐད་ནས་གྲུབ་འབྲས་གསར་པ་བླངས་ཡོད།སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ཐད་ཀྱི་མ་དངུལ་གཏོང་ཚད་10.3%འཕར་བ་དང། སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་པོའི་སིལ་འཚོང་བསྡོམས་འབོར་9.3%འཕར་ཡོད་ལ།ས་གནས་ཀྱི་སྤྱི་པའི་ནོར་སྲིད་ཡོང་འབབ་བུག་ཚངས་མཐུན་པར་9.3%འཕར།གཙོ་གནད་ཐོན་ལས་ཀྱི་གནད་འགག་ལག་རྩལ་ལ་ཐོད་བརྒལ་གསར་པ་ཐོབ་ཡོད་ལ།རྒྱལ་ཡོངས་ཀྱི་ས་ཡ་ཝ་ཐི་བརྒྱ་ཕྲག་ཅན་གྱི་ཉི་ནུས་འོད་ཝོལ་གློག་འདོན་དངོས་སྒྲུབ་རྟེན་གཞི་ཐོག་མ་ལེགས་འགྲུབ་བྱུང།གཞི་ཁྱོན་ཡན་གྱི་བཟོ་ལས་7%འཕར་བ་དང།རྩལ་མཐོ་ཐོན་ལས་དང་སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཚད་སོ་སོ་ནི་21%དང་16%ལ་བསླེབས་ཡོད་ཅིང།དྭངས་གཙང་ནུས་ཁུངས་ཀྱིས་བསྟུད་མར་ཆུ་ཚོད་168ལ་གློག་བཏོན་པས་འཛམ་གླིང་གི་ཟིན་ཐོ་གསར་པ་བསྐྲུན།འབྲུ་རིགས་ཐོན་ཚད་བསྟུད་མར་ལོ་བཅུ་ལ་ཏུན་ས་ཡ་ལས་བརྒལ་བ་དང།སྐྱེ་ལྡན་འཕང་འབྲས་ཐོན་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོ་ཡིན། ཞབས་ཞུའི་ལས་རིགས་7.9%འཕར་ཞིང།དཔལ་འབྱོར་འཕེལ་རྒྱས་ཐད་བྱས་རྗེས་བཞག་ཕྱོད་45.1%ལ་བསླེབས་ཡོད།རིག་གནས་ཡུལ་སྐོར་དུས་ཆེན་བདེ་བླག་ངང་སྤེལ་བ་དང། ཡུལ་སྐོར་མི་ཐེངས་དང་ཡུལ་སྐོར་ཡོང་འབབ་གཉིས་ཀ་20%ཡན་འཕར་ཡོད།དངུལ་རྩའི་ལས་ཁུངས་ཀྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་6000བརྒལ་བ་དང།སྤྱི་ཚོགས་ཀྱི་མ་དངུལ་བསྡུ་རུབ་གཞི་ཁྱོན་ལྡབ་1.6འཕར་ཡོད།གནམ་གྲུ་ཐང་ནས་འགྲུལ་བ་བསུ་སྐྱེལ་བྱས་ཚད་མི་ཐེངས་ས་ཡ་6བརྒལ་ཡོད། གློག་འཕྲིན་ལས་སྒོ་སྤེལ་ཚད་ལྡབ་1.4འཕར་བ་དང།གློག་རྡུལ་ཚོང་དོན་གྱི་ཉོ་ཚོང་འབོར་ཚད་30.8%འཕར་ཡོད།རྨང་གཞིའི་སྒྲིག་བཀོད་ཐད་ལ་ཤུགས་སྣོན་གསར་པ་བརྒྱབ་ཡོད།ཟི་ཁྲིན་ལྕགས་ལམ་གྱི་སྔོན་ཁྲིད་ལས་གྲྭ་བསྒྲུབ་མགོ་བརྩམས་པ་དང།གོར་ཁོར་དང་གོར་ཏུན་ལྕགས་ལམ་མགྱོགས་མྱུར་ངང་སྐྲུན་བཞིན་ཡོད། མེན་ཧའོ་ནས་འགག་ཆུང་དང།མཛོ་རྒན་རྭ་བར་ནས་གཅིག་སྒྲིལ། གསེར་ཆེན་ནས་ཡུལ་ཤུལ།ཡ་རྫི་ནས་དཔའ་ལུང་བཅས་ཀྱི་མཐོ་རིམ་གཞུང་ལམ་བསྐྲུན་ནས་རླངས་འཁོར་ཤར་གཏོང་བྱེད་ཀྱིན་ཡོད་ལ།གྲོང་གསེབ་གཞུང་ལམ་སྤྱི་ལེ་8600གསར་སྐྲུན་དང་བཅོས་སྐྲུན་བྱས།ན་གོར་མོའི་གནམ་གྲུ་ཐང་རྒྱས་སྐྲུན་ལས་གྲྭ་ལེགས་པར་གྲུབ་ནས་ལས་གཉེར་བྱེད་ཀྱིན་ཡོད་ལ།མདོ་ལའི་གནམ་གྲུ་ཐང་དུ་གནམ་གྲུ་འཕུར་བཤེར་བྱས་ཟིན།ན་རིང་ཆུ་བོའི་ཆུ་བེད་ལྟེ་གནས་འཛུགས་སྐྲུན་བྱེད་མགོ་བརྩམས་ཤིང།རྨ་ཆུའིའགྲམ་རྒྱུད་ཀྱི་ཆུ་མཛོད་ཆེན་པོ་བཞིའི་ཡུར་ཆུ་གཏོང་ཁུལ་གཙོ་གཞིའི་ལས་གྲྭ་ལེགས་འགྲུབ་བྱུང་བ་དང།རོང་འབྲོག་ཁུལ་གྱི་འཐུང་ཆུའི་བདེ་འཇགས་བརྟན་སྲུང་རིམ་སྤར་ལས་གྲྭས་མང་ཚོགས་ཁྲི་44.9ལ་ཕན་ཐོགས་ཡོད། གྲོང་གསེབ་གློག་དྲ་སྤྱི་ལེ་9176འཛུགས་སྐྲུན་དང་སྒྱུར་བཀོད་བྱས།སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་ལ་ཡར་རྒྱས་གསར་པ་ཐོབ་ཡོད།གཙང་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་ལམ་སྲོལ་ཚོད་ལྟའི་གནས་བདེ་བླག་ངང་སྤེལ་གྱིན་ཡོད་ལ།མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་ལམ་སྲོལ་ཚོད་ལྟའི་གནས་ཀྱི་ཇུས་གཞི་ལ་ཆོག་མཆན་ཐོབ།ཨ་ཆེན་གངས་རྒྱབ་འཛམ་གླིང་གི་རང་བྱུང་ཤུལ་ནོར་གྱི་མིང་ཐོ་རུ་བཀོད་པ་དང།མདོ་ལ་རིང་མོའི་རི་ཆུ་ནགས་ཞིང་མཚོ་སྤང་བཅས་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོ་བྱེད་པའི་རྒྱལ་ཁབ་ཀྱི་ཚོད་ལྟའི་ལས་གཞི་དངོས་སུ་བསྒྲུབ་མགོ་བརྩམས།ཆུ་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་བཙུགས་ཏེ། རིམ་ལྔའི་ཆུ་དཔོན་5622ཀྱིས་དངོས་སུ་ལས་འགན་སྒྲུབ་ཀྱིན་ཡོད།ས་ཁོངས་ལྗང་སྒྱུར་བྱས་པའི་རྒྱ་ཁྱོན་མུའུ་ས་ཡ་4ལས་བརྒལ་ཡོད་དེ། ལོ་རྒྱུས་ཐོག་ཆེས་མང་བ་ཡིན། ཀྲུང་དབྱང་གིས་ཁོར་སྲུང་ལྟ་ཞིབ་བྱེད་པའི་སྐབས་སུ་སྤྲད་པའི་ཁོར་ཡུག་གནད་དོན་2299ཡོངས་སུ་ཐག་གཅོད་བྱས།བཅོས་སྒྱུར་སྒོ་འབྱེད་ཐད་ནས་གོམ་པ་གསར་པ་སྤོས་ཡོད།ཤུགས་བཏོན་ནས་ལྷག་ལུས་ཐོན་ནུས་སེལ་ཐབས་དང།ཁྲོམ་ར་གཙང་བྲིན་སྐུལ་སྤེལ་བྱས་ཏེ། རྡོ་སོལ་ཏུན་ཁྲི་132ཀྱི་ཐོན་ནུས་སྐྱུང་བའི་ལས་འགན་བསྒྲུབས་པ་དང།ཁེ་ལས་ཀྱི་ལས་བཟོ་པ་3046ཁག་བགོས་བཀོད་སྒྲིག་བྱས་ཤིང།ཐད་འདོན་གློག་སོགས་ཀྱི་ཐབས་བཀོད་ལ་བརྟེན་ནས་ཁེ་ལས་ཀྱི་མ་རྩ་སྒོར་དུང་ཕྱུར70ཇེ་ཉུང་དུ་བཏང།གཤམ་སྤྲོད་དོ་དམ་ཞབས་ཞུ་གསུམ་གྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ནས།སྲིད་འཛིན་ཞིབ་མཆན་འགོད་པའི་དོན་ཚན44དོར་བའམ་ལེགས་སྒྲིག་བྱས་པ་དང།ཁེ་ལས་ཀྱི་དཔང་ཡིག་སོ་དྲུག་ཆིག་སྒྲིལདང་ཁེར་གཉེར་པའིདཔང་ལྔ་ཆིག་སྒྲིལལག་ལེན་དུ་བསྟར་བས།ཚོང་གཉེར་ཁོར་ཡུག་མངོན་གསལ་གྱིས་ཇེ་ལེགས་སུ་ཕྱིན་པ་དང། ཁྲོམ་རའི་གཙོ་གཞི་13%འཕར། གཞུང་དབང་ཁེ་ལས་ཀྱི་“3+10”ཡི་བཅོས་སྒྱུར་ཚོད་ལྟའི་གནས་ཀྱི་གསར་གཏོད་མ་ལག་གྲུབ་ཡོད།གྲོང་གསེབ་ཀྱི་ས་ཞིང་འགན་གཙང་ལེན་བདག་གཉེར་དབང་ཆ་གཏན་ཁེལ་ཐོ་འགོད་བྱ་བ་བདེ་བླག་ངང་སྤེལ་གྱིན་ཡོད་ལ།གྲོང་གསེབ་ཀྱི་ཐུན་མོང་རྒྱུ་ནོར་བདག་དབང་ལམ་ལུགས་དང་ས་རྒོད་གསར་སྦོལ་སོགས་ཀྱི་བཅོས་སྒྱུར་མགྱོགས་མྱུར་ངང་སྤེལ་གྱིན་ཡོད།ཀྲུང་ཡོབ་མེ་འཁོར་རྒྱུན་ལྡན་ངང་ལས་གཉེར་ཐུབ་པར་གྱུར་ཅིང།རང་གཉེར་ཚོང་རྫས་ཕྱིར་གཏོང་ནང་འདྲེན་བྱས་པའི་བསྡོམས་འབོར་45.1%ཡན་འཕར་བ་དང།ཚྭ་འགྱུར་ཐོན་རྫས་ཐོག་དང་པོར་ཡོ་རོབ་གླིང་དུ་ཕྱིར་གཏོང་བྱས།སྤྱི་ཚོགས་བྱ་གཞག་ཐད་འཕོ་འགྱུར་གསར་པ་བྱུང་ཡོད།འགན་བབས་སློབ་གསོའི་དུས་སྐབས་ཀྱི་སློབ་མ་རེའི་ཆ་སྙོམས་སྤྱི་སྤྱོད་གྲོན་དངུལ་གྱི་ཁ་གསབ་ཚད་གཞི་བསྟུད་མར་ཇེ་མཐོར་བཏང་བ་དང།རིག་གནས་སྡེ་བ་དང་ཁྱིམ་ཚང་དུ་སྐྱེལ་བའི་ལས་གྲྭ་སྲིད་འཛིན་སྡེ་བ་ཡོངས་ལ་ཁེབས་པར་གྱུར་ཡོད།རྒྱང་བསྒྲགས་བརྙན་འཕྲིན་གྱི་ཕྱོགས་བསྡུས་མི་འབོར་ཁེབས་ཕྱོད་98.4%ལ་བསླེབས་པ་དང། ཞིང་ཆེན་བརྒལ་ནས་ཡུལ་གཞན་དུ་སྨན་བཅོས་བྱས་པར་ཐད་ཀར་སྡོམ་རྩིས་རྒྱག་ཐུབ་པ་མངོན་འགྱུར་བྱས།རྩལ་སྦྱོང་ར་བ་ཆེ་གྲས་དག་རིན་མི་དགོས་པའམ་རིན་དམའ་མོ་བླངས་ནས་སྒོ་འབྱེད་བྱས་ཕྱོད་100%ལ་བསླེབས་པ་དང། ཟི་ལིང་གྲོང་ཁྱེར་རྒྱལ་ཡོངས་དཔལ་ཡོན་གྲོང་ཁྱེར་གྱི་གྲས་སུ་བདམས་ཐོན་བྱུང་བ་དང།ཟི་ལིང་དང་མཚོ་ནུབ།མཚོ་ལྷོ་ཅས་ནི་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་དུ་བསྐྲུན་ཡོད་པ་དང།ཡུལ་ཤུལ་གྲོང་ཁྱེར་ལ་རྒྱལ་ཁབ་ཀྱི་གཙང་དག་གྲོང་ཁྱེར་ཞེས་པའི་མཚན་སྙན་ཐོབ།ཧོར་གྲོང་ཕ་ས་གླིང་དེ་རྒྱལ་ཁབ་ཀྱི་A5རིམ་པའི་ཡུལ་སྐོར་མཛེས་ལྗོངས་སུ་བསྐྲུན་ཡོད།དམངས་ཚིས་བསོད་སྐལ་ཐད་ནས་འཐོར་འདེགས་གསར་པ་བྱུང་ཡོད།དབུལ་ཕོངས་རྫོང་7དང། དབུལ་ཕོངས་སྡེ་བ་525དང།དབུལ་ཕོངས་མི་གྲངས་ཁྲི་15.8དབུལ་ཕོངས་ལས་ཐར་ཡོད།དམངས་ཚིས་སྐོར་གྱི་ཚད་གཞི་ལེགས་སྒྲིག་ལས་འགན་13ཕྱོགས་ཡོངས་ནས་ལེགས་པར་གྲུབ་པ་དང།གྲོང་ཁྱེར་དམའ་སྲུང་གི་ཟླ་རེའི་མི་རེའི་ཆ་སྙོམས་ཚད་གཞི་དང་གྲོང་གསེབ་དམའ་སྲུང་གི་ལོ་རེའི་མི་རེའི་ཆ་སྙོམས་ཚད་གཞི་སོ་སོ་སྒོར་50དང་སྒོར་350ཇེ་མཐོར་བཏང།མཁར་གྲོང་གི་ལས་ཞུགས་མི་གྲངས་ཁྲི་6.1གསར་དུ་འཕར་བ་དང།རོང་འབྲོག་ཁུལ་གྱི་ངལ་རྩོལ་པ་གནས་སྤོ་ལས་ཞུགས་བྱས་པ་མི་ཐེངས་ཁྲི་108ཡོད། སློབ་ཆེན་མཐར་ཕྱིན་སློབ་མ་ལས་ཞུགས་བྱས་ཕྱོད་85%ཡན་ལ་བསླེབས་པ་དང།མཁར་གྲོང་གི་ཐོ་བཀོད་ལས་ཤོར་ཕྱོད་3.1%ཡིན།སྤྱི་ཚོགས་བཅོས་སྐྱོང་ཐད་ནས་དགེ་མཚན་ལྡན་པའི་གྲུབ་འབྲས་བླངས་ཡོད་པས།མི་དམངས་ཀྱི་བདེ་འཇགས་སྣང་བ་དང་བློ་ཡིད་ཚིམ་ཚད་རྒྱུན་མ་ཆད་པར་ཇེ་མཐོར་ཕྱིན།ལོ་མགོར་མི་དམངས་ལ་ཁས་བླངས་པའི་དམངས་ཚིས་སྐོར་གྱི་དོན་དག་བཅུ་བོ་ཁ་དན་ཚིག་ལ་གནས་པར་བསྒྲུབས་ཡོད།

འཐུས་མི་རྣམ་པ། 2017ལོའི་བྱ་བའི་ལས་འགན་མཐའ་དག་ལེགས་པར་གྲུབ་པས།སྐབས་འདིའི་སྲིད་གཞུང་གི་ལོ་ལྔའི་འགན་ཡུན་དམིགས་འབེན་མངོན་འགྱུར་བྱུང་བར་བཀྲ་ཤིས་རྫོགས་རྟགས་བྲིས་ཡོད།ལོ་ལྔའི་རིང། ང་ཚོས་ཞི་ཅིན་ཕིང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་བསྟར་མཐིལ་ཕྱིན་བྱས་ཤིང།ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་པ་དང། ལྷག་པར་དུ་2016ལོའི་ཟླ་8པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་ལ་གཟིགས་ཞིབ་ཏུ་ཕེབས་སྐབས་གནང་བའི་བླང་བྱ་གལ་ཆེན་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ།མཐུན་སྒྲིལ་འབད་བརྩོན་དང་དཀའ་སྤྱད་ལས་སྐྲུན་བྱས་པས། རེ་བའི་ས་བོན་བཏབ་ཅིང་།ལོ་ལེགས་འབྲས་བུ་སྨིན་ཡོད།ལོ་ལྔ་བོ་འདི་ནི་འབད་འབུངས་ཡར་བརྩོན་བགྱིས་པའི་ལོ་ལྔ་ཡིན།ས་གནས་ཐོན་སྐྱེད་བསྡོམས་ཐང་སྒོར་དུང་ཕྱུར་སྟོང་ཕྲག་གཉིས་པའི་སྐས་རིམ་དུ་འཛེགས་པ་དང།ལོ་རེར་ཆ་སྙོམས་ཀྱིས་8.7%འཕར།གཏན་འཇགས་རྒྱུ་ནོར་ཐད་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར་སྟོང་ཕྲག་གཉིས་ལས་བརྒལ་བ་དང།ཞིང་ཆེན་ཡོངས་ཀྱི་སྤྱིའི་རྒྱུ་སྟོབས་སྒོར་དུང་ཕྱུར་1650.8ལས་བརྒལ།སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་པོའི་སིལ་འཚོང་བསྡོམས་འབོར་ལོ་རེར་ཆ་སྙོམས་ཀྱིས་11.8%འཕར་ཡོད། སྒོར་དུང་ཕྱུར་སྟོང་ཅན་གྱི་ཐོན་ལས་བཞིདང། སྟོང་ཝ་བྱེ་བ་ཅནགྱི་སླར་སྐྱེས་རུང་བའི་ནུས་ཁུངས་རྟེན་གཞི་གཉིས། ལྗང་མདོག་ཐོན་ལས་ལག་རྩལ་མ་ལག་ཆེན་པོ་བརྒྱདབཅས་ལ་རགས་དབྱིབས་ཆགས་ཡོད།འཁོར་སྐྱོད་བཟོ་ལས་ཀྱི་འཕར་ཐང་གིས་ཟིན་པའི་སྡུར་ཚད་60%ལ་བསླེབས་པ་དང།རྒྱལ་ཡོངས་ཀྱི་སྐྱེ་ལྡན་ཕྱུགས་ལས་ཐོན་སྐྱེད་རྟེན་གཞི་ཆེས་ཆེ་བ་རང་ཞིང་དུ་ཚུགས་ཡོད།མཚོ་ཤར་ས་ཁུལ་བསྒྱུར་ནས་གྲོང་ཁྱེར་བཙུགས་པ་དང།ཞིང་ཆེན་ཡོངས་ཀྱི་མཁར་གྲོང་ཅན་དུ་བསྒྱུར་ཕྱོད་བརྒྱ་ཆའི་ཚེག་5.7འཕར་ནས་53.1%ལ་བསླེབས་ཡོད།ལོ་ལྔ་བོ་འདི་སྐྱེ་ཁམས་བཟང་ཕྱོགས་སུ་འཕེལ་བའི་ལོ་ལྔ་ཡིན། གདུང་བཞི་ཀ་བརྒྱདཀྱི་སྐྱེ་ཁམས་དཔལ་ཡོན་ལམ་ལུགས་རྒྱུན་མ་ཆད་པར་འཐུས་ཚང་དུ་བཏང།བརླན་སའི་རྒྱ་ཁྱོན་རྒྱལ་ཡོངས་ཀྱི་རྩེ་མོར་འཕར་ཡོད་པ་དང།གཙང་གསུམ་འབྱུང་ཡུལ་དུ་མཚོ་མོ་སྟོང་གིས་བརྒྱན་པའི་མཛེས་ལྗོངས་སླར་ཡང་མངོན།མཚོ་སྔོན་པོའི་ཆུ་ཁོངས་རྒྱ་ཁྱོན་ནི་ལོ་17རིང་གི་ཆེས་ཆེ་བར་འཕེལ་ཡོད་པ་དང།གསེར་ཉའི་ཐོན་ཁུངས་གྲངས་ཚད་ནི་སྲུང་སྐྱོང་བྱེད་མགོ་རྩོམ་པའི་དུས་ཀྱི་ཧ་ལམ་ལྡབ་30ཡིན། འབྲི་ཆུ་དང། རྨ་ཆུའི་གཞུང་རྒྱུན། རྫ་ཆུ། བར་དམ་ཆུ་བཅས་ཞིང་ཆེན་ཕྱིར་འབབ་པའི་བཅད་ངོས་ཀྱི་ཆུ་གཤིས་བསྟུད་མར་རིགསཔ་ཡན་དུ་བརྟན་པོར་གནས་ཡོད་ལ།ཙོང་ཆུ་ཞིང་ཆེན་ཕྱིར་འབབ་པའི་བཅད་ངོས་ཀྱི་ཆུ་གཤིས་རིགསཔའི་ཚད་གཞི་ལོངས་ཕྱོད100%ཡིན།ཞིང་ཆེན་ཡོངས་ཀྱི་ས་ངོས་ཆུ་གཤིས་ལེགས་པའི་སྡུར་ཚད་94.7%ལ་བསླེབས་པ་དང།ཞིང་ཆེན་ཡོངས་ཀྱི་མཁའ་དབུགས་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་སྡུར་ཚད་92.4%ལ་བསླེབས་ཡོད། ཟི་ལིང་གི་ལྷོ་རི་བྱང་རི་གཉིས་སུ་ནགས་ཚལ་ཁེབས་ཕྱོད་79%ལ་བསླེབས་ཡོད་ལ།ནུས་སྲི་སྙིགས་འཕྲི་ལ་ཕན་འབྲས་མངོན་གསལ་ཐོན་ཡོད།ལོ་ལྔ་བོ་འདི་དམངས་ཚིས་ལེགས་བཅོས་བྱས་པའི་ལོ་ལྔ་ཡིན།དབུལ་ཕོངས་མི་གྲངས་ཁྲི་90.7བརྟན་རླིང་ངང་དབུལ་ཕོངས་ལས་ཐར་བ་དང།མཁར་གྲོང་གི་གསར་དུ་འཕར་བའི་ལས་ཞུགས་མི་གྲངས་ཁྱོན་བསྡོམས་འབུམ་3ལས་བརྒལ་ཡོད།གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་སྤྱོད་འཐུས་ཡོང་འབབ་སོ་སོ་ལོ་རེར་ཆ་སྙོམས་ཀྱིས་9.7%དང་11.1%འཕར་ཡོད། བོད་ཁུལ་གྱི་སློབ་མ་ཡོད་དོ་ཅོག་དང།ཟི་ལིང་དང་མཚོ་ཤར་གྱི་དབུལ་ཕོངས་ཁྱིམ་ཚང་གི་སློབ་མ་ཀུན་ལ་ལོ་15ཡི་རིན་མེད་སློབ་གསོ་མངོན་འགྱུར་བྱས་ཡོད།མཐོ་རིམ་ལས་རིགས་སློབ་གླིང་3གསར་དུ་བཙུགས་པ་དང།སློབ་ཆེན་གྱི་བསླབ་ཚན་རྩེ་གྲས་སྔར་ལས་འཕགས་པར་འཛུགས་སྐྲུན་བྱས་ཡོད་ལ།མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་སློབ་ཁུལ་གསར་པ་དང་གཙང་གསུམ་མི་རིགས་སློབ་འབྲིང་ལེགས་འགྲུབ་བྱུང།ཞིང་ཆེན་ཡོངས་སུ་སྤྱི་པའི་རིག་གནས་ཞབས་ཞུ་དྲ་རྒྱ་རིམ་པ་ལྔ་བ་ཁེབས་ཕྱོད་95%ལ་བསླེབས་ཡོད་པ་དང།རིག་གནས་སྐྱེ་ཁམས་སྲུང་སྐྱོང་དངོས་བཤེར་ཁུལ་གསུམ་བཙུགས་པར་ཕན་འབྲས་རིམ་གྱིས་ཐོན་མགོ་བརྩམས་པ་དང།རིམ་པ་བཞི་བའི་གཟུགས་མེད་རིག་གནས་ཤུལ་རྫས་མིང་ཐོ་སྲུང་སྐྱོང་མ་ལག་ཕལ་ཆེར་གྲུབ་ཡོད་ལ།རྫོང་རིམ་པའི་རྒྱང་བསྒྲགས་བརྙན་འཕྲིན་ཁང་ཡོངས་ཁྱབ་ཏུ་འཛུགས་སྐྲུན་བྱས་ཡོད།སྤྱི་ཚོགས་འགན་བཅོལ་ལ་ཞུགས་ཚད་རྒྱ་བསྐྱེད་པའི་ལས་འགན་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱུང་ཞིང།རྒན་གསོ་དང་སྨན་བཅོས། དམའ་སྲུང་སོགས་གཞི་རྩའི་སྤྱི་པའི་ཞབས་ཞུ་ཡོངས་སུ་ཁེབས་ཡོད།སྤྱི་ཚོགས་རོགས་སྐྱོབ་ཀྱི་ཆུ་ཚད་རྒྱུན་མ་ཆད་པར་ཇེ་མཐོར་ཕྱིན།རྒྱལ་ཁབ་ཀྱི་ཕྱོགས་བསྡུས་གསོ་སྨན་བཅོས་སྒྱུར་གྱི་ཚོད་ལྟར་གནས་སུ་བསྐྱར་ཟློས་རུང་ཞིང་ཁྱབ་གདལ་ཐུབ་པའི་ཉམས་མྱོང་ཐོབ་ཡོད་ལ།བདེ་ཐང་མཚོ་སྔོན་2030”ཡི་འགུལ་སྐྱོད་འཆར་གཞི་ཕྱོགས་ཡོངས་ནས་ལག་བསྟར་བྱས།མི་རེའི་ཆ་སྙོམས་ཀྱི་རེ་སྨོན་ཚེ་ཚད་ལོ་71.7ལ་མཐོར་འདེགས་བྱུང་ཞིང།མི་རིགས་སོ་སོའི་མང་ཚོགས་ཀྱི་བདེ་ཐང་འགན་སྲུང་ཆུ་ཚད་རྒྱུན་མ་ཆད་པར་ཇེ་མཐོར་ཕྱིན། མཁར་གྲོང་གི་འགན་སྲུང་སྡོད་ཁང་རིགས་མི་འདྲ་བ་ཁྱོན་བསྡོམས་ཁྲི་38.7བསྐྲུན་དང་སྐྲུན་མུས་ཡོད་ལ།རོང་འབྲོག་ཁུལ་གྱི་སྡོད་ཁང་རིགས་མི་འདྲ་བ་ཁྲི་35གསར་དུ་བསྐྲུན་པ་དང། གྲོང་ཁྱེར་དང་གྲོང་གསེབ་མི་གྲངས་ཀྱི་སུམ་ཆའི་གཅིག་ཙམ་གྱི་སྡོད་ཁང་ཆ་རྐྱེན་ཇེ་ལེགས་སུ་བཏང་ཡོད།དངོས་གོང་འཕར་ཚད་3.1%ནས་1.5%ཡས་མས་སུ་མར་ཆག བསྟུད་མར་ཟླ་ངོ་86རིང་ལ་ཚབས་ཆེ་བ་དང་དེའི་ཡན་གྱི་དོན་རྐྱེན་བྱུང་མ་མྱོང་ཞིང།ཉེན་མེད་ཐོན་སྐྱེད་སྐོར་གྱི་དོན་རྐྱེན་བྱུང་ཚད་དང་ཤི་འདས་མི་གྲངས་གཉིས་ཀ་མར་ཆག་པམངོན་འགྱུར་བྱས།བུད་མེད་དང་བྱིས་པའི་བྱ་གཞག་ལ་འཕེལ་རྒྱས་མགྱོགས་པོ་བྱུང་ཡོད་པ་དང།དམག་ལོག་ལས་བསྒྱུར་དམག་མི་རྣམས་བཀོད་སྒྲིག་འཚམ་པོ་ཡག་པོ་བྱས།དབང་བོ་སྐྱོན་ཅན་གྱི་བྱ་གཞག་ལ་རྒྱུན་མི་ཆད་པར་ཤུགས་སྣོན་བརྒྱབ་པ་དང།མི་རིགས་སོ་སོའི་མང་ཚོགས་ཀྱི་ཐོབ་སྣང་སྐྱིད་སྣང་བདེ་སྣང་བསྟུད་མར་མཐོར་འདེགས་སུ་བཏང།ལོ་ལྔ་བོ་འདི་སྐྱེ་སྟོབས་འབར་བའི་ལོ་ལྔ་ཡིན།ཁྱོན་བསྡོམས་བཅོས་སྒྱུར་བྱེད་ཐབས་གལ་ཆེན་843བཏོན་པ་དང།སྐྱེ་ཁམས་དཔལ་ཡོན་དང་སྨན་བཅོས་འཕྲོད་བསྟེན།ཁྲིམས་འཛིན་ལམ་སྲོལ་གསུམ་གྱི་བཅོས་སྒྱུར་ཚོད་ལྟའི་གནས་ལ་ཡར་རྒྱས་ཆེན་པོ་ཐོབ།འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞིའི་རང་བཞིན་གྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ཞིང།གཤམ་སྤྲོད་དོ་དམ་ཞབས་ཞུ་གསུམ་དང། ཚོང་དོན་ལམ་ལུགས། གཞུང་དབང་ཁེ་ལས་དང་མ་རྩ།ནོར་ཁྲལ་དངུལ་རྩ། རོང་འབྲོག་ཁུལ།མ་རྩ་བསྡུ་འཇོག་བཅས་ཀྱི་བཅོས་སྒྱུར་བཅས་བསྟུད་མར་ཟབ་སྤེལ་བྱས་པ་དང། རིན་གོང་དང་གློག་ཤུགས་ལམ་སྲོལ།གཞུང་གི་རླངས་འཁོར་སོགས་ཀྱི་བཅོས་སྒྱུར་ཕྱོགས་ཡོངས་ནས་སྐུལ་སྤེལ་བྱས།ཕྱི་ཕྱོགས་སྒོ་འབྱེད་དང་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོབ་བྱས་པའི་གྲུབ་འབྲས་མངོན་པར་གསལ་ཞིང།མཚོ་སྔོན་ཚོང་གཏམས་ཚོགས་འདུ་དང་མཚོ་སྐོར་ལྕགས་རྟ་འགྲན་སྡུར་སོགས་ཀྱི་དཔལ་འབྱོར་ཉོ་ཚོང་དང་རིག་གནས་ལུས་རྩལ་བྱེད་སྒོའི་སྤུས་རྟགས་ཕན་འབྲས་འབུར་དུ་ཐོན་པ་དང།ཚའོ་ཅ་པའོ་ཁྲལ་སྲུང་ཟོང་འདྲེན་ལྟེ་གནས་ལེགས་འགྲུབ་བྱུང་སྟེ་ལས་གཉེར་བྱེད་ཀྱིན་ཡོད།སྐྱེ་ཁམས་དཔལ་ཡོན་སྔོན་སྐྱོད་ཁུལ་དང་འཁོར་སྐྱོད་དཔལ་འབྱོར་འཕེལ་རྒྱས་སྔོན་སྐྱོད་ཁུལ།མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་སྐྱོད་ཁུལ་བཅས་བསྐྲུན་པར་འབྲས་སུ་གཡུར་དུ་ཟ་བ་ཐོབ་ཡོད།ལོ་ལྔ་བོ་འདི་དྲང་བདེན་མ་འཆོལ་གསར་གཏོད་མ་ཆད་པའི་ལོ་ལྔ་ཡིན།ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱེད་སྒོ་དང་ནན་གསུམ་རྣལ་གསུམཆེད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ་དང།གཉིས་སློབ་གཅིག་བྱེདསློབ་སྦྱོང་སློབ་གསོ་རྒྱུན་ལྡན་ཅན་དང་ལམ་ལུགས་ཅན་དུ་སྒྱུར་བར་སྐུལ་འདེད་བྱས།རྒྱལ་སྲུང་དང་དམག་དཔུང་གི་དེང་རབས་ཅན་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་པ་དང།དམག་སྲིད་དང་དམག་དམངས་ཀྱི་འབྲེལ་བ་སྔར་བས་དམ་ཟབ་ཏུ་གྱུར།དམག་དམངས་འོ་ཆུ་མཉམ་འདྲེས་ཀྱིས་གཏིང་ཟབ་ཏུ་འཕེལ་རྒྱས་འགྲོ་བར་གོམ་ཁ་བརྟན་པོ་སྤོས།རང་རྟོགས་སྒོས་དམངས་ཆེན་གྱི་བཅའ་ཁྲིམས་ལྟ་སྐུལ་དང་བྱ་བའི་ལྟ་སྐུལ།སྲིད་གྲོས་ཀྱི་དམངས་གཙོ་ལྟ་སྐུལ་བཅས་དང་ལེན་བྱས། ལོ་ལྔའི་རིང་ལ།ཞིང་ཆེན་དམངས་ཆེན་ལ་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་མ་ཟིན་20ཕུལ་ཞིང། སྲིད་གཞུང་གི་སྒྲིག་ཡིག་21ལ་ཞིབ་གྲོས་བྱས་ཏེ་གྲོས་འཆམས་བྱུང་བ་དང།དམངས་ཆེན་འཐུས་མིའི་གྲོས་འཆར་2243དང་སྲིད་གྲོས་ཨུ་ཡོན་གྱི་གྲོས་གཞི་1707བསྒྲུབས།རིམ་པ་སོ་སོའི་སྲིད་གཞུང་གི་སྤྱི་པའི་ཡིད་རྟོན་ནུས་ཤུགས་དང་ལག་བསྟར་ནུས་ཤུགས་མངོན་གསལ་གྱིས་ཇེ་དྲག་ཏུ་ཕྱིན།ལོ་ལྔ་བོ་འདི་རྟིང་ཤུགས་འཕེལ་བའི་ལོ་ལྔ་ཡིན།གཞུང་ལམ་དང་ལྕགས་ལམ།མཁའ་འགྲུལ་བཅས་ལངས་གཟུགས་ཀྱི་འགྲིམ་འགྲུལ་དྲ་བའི་སྒྲོམ་གཞི་འཛུགས་ཀྱིན་པའི་སྒང་ཡིན་ལ།རིམ་པ་མཐོ་བའི་གཞུང་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཐག་སྤྱི་ལེ་3900ལ་བསླེབས་ཡོད་དེ།མྱུར་བགྲོད་གཞུང་ལམ་གྲོང་ཁྱེར་དང་ཁུལ་ཡོངས་སུ་ཁྱབ་ཅིང། རྫོང་མཁར་ཀུན་ལ་རིམ་པ་གཉིས་པའི་ཡན་གྱི་གཞུང་ལམ་ལས་ཡོད་པ་དང།ཟི་ལིང་བདེ་བགྲོད་ཀྱི་ཕྱི་སྐོར་ནང་དྲའིའགྲིམ་འགྲུལ་རྣམ་པ་རགས་རིམ་གྲུབ།མཚོ་སྔོན་མྱུར་བགྲོད་ལྕགས་ལམ་གྱི་དུས་རབས་སུ་བསྐྱོད་པ་དང།  གཙོ་གཅིག་ཕལ་དྲུགགི་དམངས་སྤྱོད་གནམ་གྲུ་ཐང་གི་རྣམ་པ་གྲུབ་ཡོད།འཇུ་ལག་ཆུ་བོ་ཙོང་ཆུར་འདྲེན་པའི་མ་ཡུར་ལེགས་འགྲུབ་བྱུང་སྟེ་ཆུ་འདྲེན་གྱིན་ཡོད།མཚོ་བོད་དང་མཚོ་ཞིན་གློག་ཤུགས་སྦྲེལ་དྲ་སྔ་གཞུག་ཏུ་ལེགས་འགྲུབ་བྱུང་སྟེ།རྫོང་ཁོངས་སུ་གློག་དྲ་ཆེན་པོ་ཡོངས་སུ་ཁེབས་པ་མངོན་འགྱུར་བྱས།མཐོ་སྒང་སྤྲིན་རྩིས་ཀྱི་གཞི་གྲངས་ཆེན་མོ་དང་མཚོ་སྔོན་གྱི་ནུས་ཁུངས་གསར་པའི་གཞི་གྲངས་ཆེན་མོའི་ལྟེ་གནས་དངོས་སུ་བེད་སྤྱོད་གཏོང་མགོ་བརྩམས།ཐགས་ཡངས་དྲ་རྒྱ་ཤང་དང་གྲོང་རྡལ་ཡོངས་སུ་ཁེབས་པ་དང།གྲོང་གསེབ་ཀྱི་གློག་རྡུལ་ཚོང་དོན་ཟོང་སྐྱེལ་དྲ་རྒྱའི་མ་ལག་རྒྱུན་མ་ཆད་པར་འཐུས་ཚང་དུ་བཏང།

འདས་པའི་ལོ་ལྔའི་རིང།མཚོ་སྔོན་གྱིས་གྲུབ་འབྲས་གཡུར་དུ་ཟ་བ་བླངས་པ་འདི། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་གྱི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཐམས་ཅད་གོམ་སྟབས་ཆེན་པོར་མདུན་དུ་བསྐྱོད་པའི་བསྡུས་རིས་ཤིག་ཡིན།ང་ཚོས་བླངས་པའི་གྲུབ་འབྲས་འདི་དག་རྩ་བ་དེད་ན།བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཞུམ་མེད་འགོ་ཁྲིད་དང་།ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མཚོ་སྔོན་ལ་དམིགས་བསལ་གྱི་ཐུགས་ཁུར་གནང་བ་ལས་ཐོབ་པ་ཡིན་ལ།སྐབས་སོ་སོའི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་རྨང་གཞི་ལེགས་པོར་བཏིང་བ་ལས་ཐོབ་པ་ཡིན།ཞིང་ཆེན་དམངས་ཆེན་དང་ཞིང་ཆེན་སྲིད་གྲོས།སྤྱི་ཚོགས་ཀྱི་ལས་རིགས་སོ་སོ་བཅས་ཀྱིས་རྒྱབ་སྐྱོོར་དང་ལྟ་སྐུལ་གནང་བ་ལས་ཐོབ་པ་ཡིན།ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་མཐུན་སྒྲིལ་ཡར་བརྩོན་བགྱིས་པ་ལས་ཐོབ་པ་ཡིན།མཚོ་སྔོན་དུ་བཅའ་སྡོད་ཀྱི་དམག་དཔུང་དང་དྲག་ཆས་ཉེན་རྟོག་དམག་དཔུང་གི་དཔོན་དམག་ཡོངས་ཀྱིས་རྒྱབ་སྐྱོར་ཤུགས་ཆེན་གནང་བ་ལས་ཐོབ་པ་ཡིན།མཚོ་སྔོན་ལ་རོགས་སྐྱོར་གནང་མཁན་གྱི་ཞིང་ཆེན་ནམ་གྲོང་ཁྱེར་དང་ཕྱོགས་སོ་སོའི་ལྷག་བསམ་རྣམ་དག་གི་རོགས་སྐྱོབ་ལས་ཐོབ་པ་ཡིན།འདི་ནས། ངས་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཚབ་བྱས་ཏེ།ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་དང། དམངས་ཆེན་འཐུས་མི་དང་སྲིད་གྲོས་ཨུ་ཡོན།དམངས་གཙོ་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། མི་དམངས་ཚོགས་པ།སྤྱི་ཚོགས་ལས་རིགས་སོ་སོའི་མི་སྣ།ཀྲུང་དབྱང་གི་མཚོ་སྔོན་དུ་བཅའ་སྡོད་བྱས་པའི་ལས་ཁུངས་དང་མཚོ་སྔོན་དུ་བཅའ་སྡོད་བྱས་པའི་མི་དམངས་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་གི་དཔོན་དམགདེ་བཞིན་མཚོ་སྔོན་གྱི་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་གྱི་རྒྱལ་ཁབ་ཕྱི་ནང་གི་གྲོགས་པོ་ཡོངས་ལ།བླ་ན་མེད་པའི་གུས་འདུད་ཕུལ་ཞིང་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས་པ་ཡིན།

འཐུས་མི་རྣམ་པ།ལོ་ལྔའི་འཕེལ་རྒྱས་བརྒྱུད་རིམ་ཁྲོད་དཀའ་ངལ་སྣ་ཚོགས་ཁྱད་དུ་བསད་པས།ལོ་ལྔར་བསགས་པའི་ཉམས་མྱོང་ཧ་ཅང་རྩ་ཆེན་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་བའི་སྟེང་དུ།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་བསླེབས་ཡོད་ཅེེས་བསྟན་ཞིང།ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་སྟེང་དུ།མཚོ་སྔོན་གྱི་འཕེལ་རྒྱས་ནི་མགོ་རྩོམ་ས་གསར་པར་འགྲེང་ཡོད་ཅེས་གསལ་བོར་བསྟན།དུས་དེ་ཉིད་ལ།ང་ཚོར་མྱོང་རྟོག་ཟབ་མོ་ཐོབ་པ་ནི།དུས་རབས་གསར་པ་དང་མགོ་རྩོམ་ས་གསར་པ་རུ་ངེས་པར་བསམ་བློ་གསར་པས་མཛུབ་ཁྲིད་བྱེད་དགོས་ཏེ།ཞི་ཅིན་ཕིང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲས་ཤིང་ལག་ལེན་ལ་མཛུབ་སྟོན་བྱེད་པ་དང།བྱ་བར་སྐུལ་འདེད་བྱེད་དགོས།དུས་རབས་གསར་པ་དང་མགོ་རྩོམ་ས་གསར་པ་རུ་ངེས་པར་འཕེལ་རྒྱས་འདུ་ཤེས་གསར་པ་ལག་བསྟར་མཐིལ་ཕྱིན་བྱེད་དགོས་ཏེ།ཐོག་མཐའ་བར་གསུམ་དུ་གསར་གཏོད་ནི་སྒུལ་ཤུགས་དང་པོ་དང་མཐུན་སྦྱོར་ནི་ནང་སྐྱེས་ཁྱད་ཆོས།ལྗང་མདོག་ནི་ཡོངས་ཁྱབ་རྣམ་པ། སྒོ་འབྱེད་ནི་ངེས་བརྒྱུད་ལམ་བུ།མཉམ་སྤྱོད་ནི་རྩ་བའི་དམིགས་ཡུལ་ཡིན་པ་རྒྱུན་འཁྱོངས་བྱེད་དགོས།དུས་རབས་གསར་པ་དང་མགོ་རྩོམ་ས་གསར་པ་རུ་ངེས་པར་འགྲོ་ལམ་གསར་པ་གཏོད་དགོས་ཏེ།གཡོ་བ་མེད་པར་འཕོ་འགྱུར་བཞིལག་ལེན་དུ་བསྟར་མཁན་བྱེད་པར་བརྩོན་པ་དང།འཕོ་འགྱུར་ཇེ་མགྱོགས་སུ་གཏོང་བཞིན་མཚོ་སྔོན་སྤུས་ཚད་མཐོན་པོར་འཕེལ་རྒྱས་ཡོང་བར་སྐུལ་འདེད་བྱེད་དགོས།དུས་རབས་གསར་པ་དང་མགོ་རྩོམ་ས་གསར་པ་རུ་ངེས་པར་གོ་རྟོགས་གསར་པ་ཡོད་དགོས་ཏེ།སྤྱི་ཚོགས་ཀྱི་འགལ་བ་གཙོ་བོའི་འགྱུར་བ་ཡང་དག་པར་ཁོང་དུ་ཆུད་པ་དང།མུ་མཐུད་འཕེལ་རྒྱས་སྨྲ་བ་དང་འཕེལ་རྒྱས་དུས་རིམ་སྨྲ་བ་ཕན་ཚུན་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས་བྱས་ནས།དུས་བསྟུན་མདུན་སྐྱོད་ཀྱིས་བྱ་བ་སོ་སོ་ལེགས་པོར་བསྒྲུབ་དགོས།དུས་རབས་གསར་པ་དང་མགོ་རྩོམ་ས་གསར་པ་རུ་ངེས་པར་སྒུལ་ནུས་གསར་པ་གསོ་སྐྱོང་བྱེད་དགོས་ཏེ།བཅོས་སྒྱུར་གྱིས་རྒྱབ་ནས་འདེད་པ་དང།སྒོ་འབྱེད་ཀྱིས་སྔུན་ནས་ཁྲིད་པ། གསར་གཏོད་ཀྱིས་ནང་ནས་སྒུལ་བ་རྒྱུན་འཁྱོངས་བྱས་ནས།ཉམ་ཐག་པའི་བྱེའུ་དག་དགུང་མཐོ་ས་དང་རྒྱང་རིང་སར་འཕུར་ཐུབ་པར་བྱེད་དགོས།དུས་རབས་གསར་པ་དང་མགོ་རྩོམ་གསར་པ་རུ་ངེས་པར་འཚོ་བ་གསར་པ་བསྐྲུན་དགོས་ཏེ།མི་དམངས་ཀྱིས་དགའ་སྐྱིད་འཚོ་བར་སྨོན་པ་དེ་འབད་བརྩོན་གྱི་དམིགས་ཡུལ་དུ་བཟུང་ནས།རིགས་སོ་སོའི་མི་དམངས་ལ་སྔར་བས་ཕྱུག་པོ་དང། སྔར་བས་བདེ་ཐང། སྔར་བས་བདེ་འཇགས།སྔར་བས་བག་ཕེབས་ཡིན་པའི་འཚོ་བ་རོལ་ཏུ་འཇུག་དགོས།དུས་རབས་གསར་པ་དང་མགོ་རྩོམ་ས་གསར་པ་རུ་ངེས་པར་བྱས་རྗེས་གསར་པ་འཇོག་དགོས་ཏེ།ནམ་ཡང་ལྷོད་གཡེང་མེད་པའི་བསམ་བློའི་འཁྱེར་སོ་དང་ཞུམ་མེད་མདུན་སྐྱོད་ཀྱི་འབད་པའི་རྣམ་འགྱུར་གྱིས།མཚོ་སྔོན་གསར་པ་ཞིག་བསྐྲུན་དགོས།

འཐུས་མི་རྣམ་པ།འདས་པའི་ལོ་ལྔའི་འབད་བརྩོན་བརྒྱུད་རིམ་དེ་ལོ་རྒྱུས་སུ་གྱུར་ཟིན་ལ།མཛེས་སྡུག་ལྡན་པའི་སང་ཉིན་ཚུར་འོང་གིན་འདུག  འདས་པ་ཕར་བསྐྱལ་ནས་མ་འོངས་པང་དུ་བསུ་དགོས་པས།ང་ཚོས་ངེས་པར་ཐོག་མཐའ་བར་གསུམ་དུ་སྡུག་འབྱུང་འདུ་ཤེས་བཟུང་ནས།བདེ་དུས་ཉེན་ཁ་མི་བརྗེད་ཅིང། བརྟན་དུས་སེམས་ཁྲལ་མི་འདོར་བ་བྱེད་དགོས་ཤིང།ཐོག་མཐའ་བར་གསུམ་དུ་མཚོ་སྔོན་སྔར་བཞིན་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་སྐབས་ཀྱི་རིམ་པ་དམའ་སར་ཡོད་ལ།དཔལ་འབྱོར་འཕེལ་རྒྱས་དོ་མི་མཉམ་ཞིང་ཆ་མི་ཚང་བ་གསལ་བོར་ངོས་ཟིན་དགོས།འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་ད་དུང་ཇེ་མཐོར་གཏོང་དགོས་པ་དང།སྤྱི་ཚོགས་འཚར་ལོངས་བྱུང་ཚད་དང་ཤེས་རིག་དར་ཚད་མུ་མཐུད་དུ་ཇེ་མཐོར་གཏོང་དགོས་པ།སྤྱི་ཚོགས་བཅོས་སྐྱོང་གི་ནུས་པ་དང་ཆུ་ཚད་ད་དུང་མཐོར་འདེགས་སུ་གཏོང་དགོས་པ་བཅས་ནི།སྔར་བཞིན་ང་ཚོའི་མདུན་དུ་ལྷགས་པའི་འགལ་བ་འབུར་ཐོན་ཡིན།གསར་གཏོད་ནུས་པ་མི་སྟོབས་པ་དང། ཁྲོམ་རའི་གསོན་ཤུགས་མི་འདང་བ།སྤྱི་མིན་དཔལ་འབྱོར་གྱི་འཕེལ་རྒྱས་ཆུ་ཚད་མི་མཐོ་བ།སྐྱེ་ཁམས་སྲུང་སྐྱོང་གི་ལས་འགན་ལྕི་ཞིང་ལམ་ཐག་རིང་བ།དབུལ་སྒྲོལ་འགག་གཏོར་གྱི་ལས་འགན་ལྗིད་རྫོབ་ཆེ་བ།དམངས་ཚིས་ལེགས་བཅོས་དང་སྤྱི་ཚོགས་འགན་སྲུང་ལ་ཞན་ཆ་ཅུང་མང་བ།སྤྱི་ཚོགས་འཆམ་མཐུན་དང་ཉེན་ཁ་སྔོན་འགོག་གི་རྟིང་གཞི་མི་བརྟན་པ་སོགས་ཀྱི་གནད་དོན་ནི་སྔར་བཞིན་ང་ཚོས་ཁ་གཏད་འཇལ་དགོས་པའི་འགྲན་སློང་ཡིན།ང་ཚོས་ངེས་པར་འགལ་བ་དང་གནད་དོན་འདི་དག་ལ་གདོང་གཏད་ནས། སྔར་བས་ཧུར་བརྩོན་གྱིས་ལས་ལ་གཞོལ་བ་དང་སྔར་བས་ཏན་ཏིག་གིས་བྱེད་ཐབས་སྤྱད་དེ་ཐག་གཅོད་དགོས་ཤིང།བློ་བརྟན་འགྱུར་མེད་ངང་སྐྱེ་སྟོབས་འབར་ཞིང་གསོན་ཤུགས་རྒྱས་པའི་མཚོ་སྔོན་དུས་རབས་གསར་པར་འཁྲིད་པ་དང།འོད་སྟོང་འབར་བའི་མདུན་ལམ་གསར་པར་སྐྱོད་དགོས།

གཉིས། སླད་མའི་ལོ་ལྔའི་བྱ་བའི་སྤྱི་ཁོག་བཀོད་པ།

འཐུས་མི་རྣམ་པ།ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་དུས་རབས་གསར་པ་འདིར། ལོ་བརྒྱ་གཉིསཀྱི་འབད་བརྩོན་དམིགས་འབེན་གྱི་ལོ་རྒྱུས་སྦྲེལ་མཚམས་འདིར།སྔར་ལས་ལྷག་པར་འབྱོར་ཕྱུག་དཔལ་ཡོན་འཆམ་མཐུན་མཛེས་སྡུག་ལྡན་པའི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱ་རྒྱུ་ནི།ང་ཚོའི་ཕྲག་ཏུ་བབས་པའི་འགན་འཁྲི་གལ་ཆེན་ཡིན།སླད་མའི་ལོ་ལྔ་ནི་རེ་ལྟོས་ཆེན་པོ་ཡོད་པའི་ལོ་ལྔ་ཡིན།ཏང་གི་ཚོགས་ཆེན་བཅུ་དགུ་བས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་རྒྱལ་ཁབ་འཛུགས་པའི་སྙེག་ལམ་གསར་པའི་མགོ་བརྩམས་ཤིང།ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་དང་རྒྱུན་མཐུད་ངང་འཕེལ་རྒྱས།གྲོང་གསེབ་དར་སྤེལ་སོགས་ལག་བསྟར་བྱེད་པའི་འཐབ་ཇུས་གལ་ཆེན་བཏོན་པ་དང།ནུབ་རྒྱུད་གསར་སྤེལ་ཆེན་མོར་སྐུལ་འདེད་བགྱིས་ནས་གནས་བབ་གསར་པ་ཆགས་སུ་འཇུག་པ་སོགས་ཀྱི་བཀོད་སྒྲིག་གལ་ཆེན་གནང་ཡོད་པས།མཚོ་སྔོན་ལ་འཕེལ་རྒྱས་དུས་སྐབས་ཡག་ཤོས་ཤིག་འཆར་ངེས་ཡིན་ཏེ། སྔ་ན་མེད་པའི་གོ་སྐབས་ཐོབ་ཡོད།སླད་མའི་ལོ་ལྔ་ནི་མི་དམངས་ཕྱུག་ཅིང་ཞིང་ཆེན་སྟོབས་པའི་ལོ་ལྔ་ཡིན།འཕེལ་རྒྱས་འདུ་ཤེས་གསར་པ་ཉིན་རེ་བཞིན་མི་སེམས་སུ་འཇགས་པ་དང།སྐྱེ་ཁམས་ཐོན་སྐྱེད་འཚོ་བ་གསུམ་གྱི་འབྲེལ་བ་རྒྱུན་མི་ཆད་པར་ཇེ་ལེགས་སུ་འགྲོ།རྒྱུ་འབྱོར་བ་ལྗང་མདོག་འཕེལ་རྒྱས་ཁྲོད་ནས་ཇེ་ཆེ་ཇེ་མང་དུ་འཕེལ་བ་དང།དམངས་ཚིས་ཐད་ཀྱི་ཞན་ཆ་དག་ཕྱོགས་ཡོངས་འབྱོར་འབྲིང་གི་རྟིང་མ་ལེན་པའི་ཁྲོད་ནས་རྒྱུན་མི་ཆད་པར་ཁ་གསབ་བགྱིད་ཅིང།མི་དམངས་ཀྱིས་དགའ་སྐྱིད་འཚོ་བར་སྨོན་པ་དེ་འཕེལ་རྒྱས་ཁྲོད་ནས་རིམ་གྱིས་མངོན་འགྱུར་འབྱུང།སླད་མའི་ལོ་ལྔ་ནི་རྨང་གཞི་བརྟན་པོ་འདིང་བའི་ལོ་ལྔ་ཡིན།བཅོས་སྒྱུར་སྒོ་འབྱེད་བྱེད་ཤུགས་མུ་མཐུད་དུ་ཇེ་ཆེར་གཏོང་བ་དང།འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞིའི་རང་བཞིན་གྱི་བཅོས་སྒྱུར་རྒྱུན་མི་ཆད་པར་ཟབ་སྤེལ་བྱེད།གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་ངང་འཕེལ་རྒྱས་འགྲོ་བ་དེ་འཕྲེད་གཞུང་གཉིས་སུ་སྐུལ་འདེད་བྱེད་པ་དང།རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་རིམ་པ་ཇེ་མཐོ་དང་ཕན་འབྲས་ཇེ་ལེགས་སུ་གཏོང།སྤྱི་པའི་ཞབས་ཞུའི་ཆུ་ཚད་དང་སྤུས་ཚད་སྔར་བས་ཇེ་མཐོར་གཏོང་བ་དང།ཐོན་ལས་དང་པོ་གཉིས་པ་གསུམ་པར་གཅིག་འགྱུར་འཆར་འགོད་ངང་སྐུལ་འདེད་བྱེད་ཅིང།སྒུལ་ནུས་གསར་པ་སྔར་བས་མང་པོ་བསྟུད་མར་འདོན་པས།མཚོ་སྔོན་འཕེལ་རྒྱས་འགྲོ་བའི་ཆ་རྐྱེན་སྔར་བས་བཟང་ཞིང་རྟིང་ཤུགས་སྔར་བས་ཆེ།སླད་མའི་ལོ་ལྔ་ནི་འགག་སྒྲོལ་དཀའ་སེལ་གྱི་ལོ་ལྔ་ཡིན།མགོ་རྩོམ་ས་གསར་པ་རུ་མཚོ་སྔོན་ལ་འཕེལ་རྒྱས་གསར་པ་ཐོབ་པར་སྐུལ་འདེད་བྱེད་ན།གདོང་གཏོད་དགོས་པའི་འགྲན་སློང་མི་ཉུང་བ་ཡོད་ལ། བརྒལ་དགོས་པའི་འགག་སྒོ་མི་ཉུང་བ་ཡོད་པར་མ་ཟད།སེལ་དགོས་པའི་དཀའ་གནད་ཀྱང་མི་ཉུང་བ་ཡོད་པས། ལམ་ཐག་རིང་བོར་འགྲིམ་དགོས་ཤིང།དཀའ་བ་མང་པོ་མྱོང་དགོས། ང་ཚོས་ངེས་པར་ལྷ་ཤིང་ཤུག་པ་བྲག་ལ་ཚུགས་པ་ནང་བཞིན།ལོ་རེ་ནས་ལོ་རེར་དོན་དག་རེ་རེ་ཏན་ཏིག་གིས་བསྒྲུབས་ཏེ།བརྗིད་ཉམས་ཆེ་བའི་དམིགས་འབེན་དག་ཅི་ཐུབ་ཀྱིས་མཛེས་སྡུག་ལྡན་པའི་དོན་དངོས་སུ་སྒྱུར་ཐབས་བྱེད་དགོས།

སླད་མའི་ལོ་ལྔའི་བྱ་བ་ལེགས་པོར་བསྒྲུབ་དགོས་ན།ང་ཚོས་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་གཏིང་ཟབ་ཏུ་ལག་བསྟར་དོན་འཁྱོལ་བྱེད་དགོས་ཤིང།ཞི་ཅིན་ཕིང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་འོག་ཏུ།ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་ཇུས་ཆོད་བཀོད་པ་ལྟར།ཏང་གིས་དཔལ་འབྱོར་བྱ་བར་འགོ་ཁྲིད་གནང་བ་རྒྱུན་འཁྱོངས་དང།གཏན་འཇགས་ངང་ཡར་རྒྱས་འགྲོ་བར་བརྩོན་པའི་བྱ་བའི་སྤྱིའི་མ་ཐིག་རྒྱུན་འཁྱོངས།འཕེལ་རྒྱས་འདུ་ཤེས་གསར་པ་རྒྱུན་འཁྱོངས།སྤུས་ཚད་དང་པོར་འཛིན་པ་དང་ཕན་འབྲས་དམིགས་སུ་འགེར་བ་རྒྱུན་འཁྱོངས།མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་འདུ་ཤེས་རྒྱུན་འཁྱོངས།འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞིའི་རང་བཞིན་གྱི་བཅོས་སྒྱུར་དེ་གཙོ་ཐིག་ཡིན་པ་རྒྱུན་འཁྱོངས་བཅས་བྱེད་དགོས་ལ།རང་རྒྱལ་གྱི་སྤྱི་ཚོགས་འགལ་བ་གཙོ་བོ་དེ་མཚོ་སྔོན་གྱི་མངོན་ཚུལ་བྱེ་བྲག་པར་བསྒྱུར་བ་དང་དམ་དུ་སྦྱར་ནས།མི་དམངས་ཀྱི་དགའ་སྐྱིད་འཚོ་བའི་རེ་སྨོན་གསར་པ་སྐོང་ཅི་ཐུབ་བགྱིད་པ་དང།གཅིག་གྱུར་འཆར་འགོད་ངང་ཕྱོགས་ལྔ་གཞི་གཅིགགི་སྤྱི་ཁོག་བཀོད་པ་སྐུལ་སྤེལ་དང་མཐུན་སྦྱོར་ངང་ཕྱོགས་ཡོངས་བཞིའིའཐབ་ཇུས་བཀོད་པ་སྐུལ་སྤེལ་བྱེད་དགོས་པ་དང།ཕྱོགས་ཡོངས་ནས་ཏན་ཏན་ཏིག་ཏིག་བཞིའིབླང་བྱ་གལ་ཆེན་དོན་ཐོག་ཏུ་འཁྱོལ་བར་བྱེད་པ་དང།ཤུགས་བཏོན་ནས་འཕོ་འགྱུར་བཞིསྐུལ་འདེད་དང།ཕྱོགས་ཡོངས་ནས་ལྔ་ཚན་བཅུ་གསུམ་པའིའཆར་འགོད་ལེགས་འགྲུབ་བྱེད་དགོས་པ་དང།རྒྱལ་ཡོངས་དང་འགྲོས་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ལེགས་འགྲུབ་བྱས་ཏེ།མགོ་རྩོམ་ས་གསར་པ་རུ་སྔར་ལས་ལྷག་པར་འབྱོར་ཕྱུག་དཔལ་ཡོན་འཆམ་མཐུན་མཛེས་སྡུག་ལྡན་པའི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་དགོས།

རང་ཞིང་གི་འཕེལ་རྒྱས་ཀྱི་སྤྱིའི་ཁོར་ཡུག་དང་བྱེ་བྲག་གི་ཆ་རྐྱེན་ལ་ཕྱོོགས་བསྡུས་དབྱེ་ཞིབ་བྱས་ཚེ།སླད་མའི་ལོ་ལྔ་ནི་གོམ་པ་གཉིས་སུ་དབྱེ་ནས་བཀོད་སྒྲིག་བྱས་ཆོག་སྟེ།གོམ་པ་དང་པོ་ནི། 2020ལོ་རག་ཏུ།རྒྱལ་ཡོངས་དང་འགྲོས་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ལེགས་འགྲུབ་བྱས་ཏེ།སྔར་ལས་ལྷག་པ་བཞིབསྐྲུན་པར་རྨང་གཞི་བརྟན་པོ་འདིང་དགོས།དེའི་དུས་སུ།རྒྱལ་ཁབ་ཀྱི་ད་སྤྱོད་ཚད་གཞི་འོག་གི་རོང་འབྲོག་ཁུལ་གྱི་དབུལ་ཕོངས་མི་གྲངས་ཚང་མ་དབུལ་ཕོངས་ལས་ཐར་བ་དང།དབུལ་ཕོངས་སྡེ་བ་ཡོངས་རྫོགས་དབུལ་ཕོངས་མིང་ཐོ་ལས་བསུབ་ཅིང། དབུལ་ཕོངས་རྫོང་ཐམས་ཅད་ཀྱི་དབུལ་ཕོངས་ཞྭ་མོ་ཕུད་ཐུབ།ཞིང་སྡེའི་ཐུན་མོང་དཔལ་འབྱོར་དར་ཞིང་རྒྱས་པར་འགྱུར་ལ།གྲོང་གསེབ་དར་སྤེལ་ཐད་ལ་ཡར་རྒྱས་ཆེན་པོ་ཐོབ།རྒྱལ་ནང་ཐོོན་སྐྱེད་བསྡོམས་ཐང་དང་གྲོང་ཁྱེར་རམ་གྲོང་གསེབ་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་2011ལོ་ལས་ལྡབ་གཅིག་འཕར་བ་དང།མི་རེའི་ཆ་སྙོམས་ཀྱི་རྒྱལ་ནང་ཐོན་སྐྱེད་བསྡོམས་ཐང་དང་གྲོང་ཁྱེར་རམ་གྲོང་གསེབ་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་ནི་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དང་བསྡུར་ན་ཧེ་བག་མུ་མཐུད་དུ་ཇེ་ཆུང་དུ་འགྲོ་ལ།མི་དམངས་ཀྱི་འཚོ་བའི་ཆུ་ཚད་དང་སྤུས་ཚད་མུ་མཐུད་དུ་ཇེ་མཐོར་འགྲོ།དུས་རབས་གསར་པའི་བླང་བྱ་དང་མཐུན་པའི་ཐོན་སྐྱེད་ནུས་ཤུགས་དང་ཐོན་སྐྱེད་འབྲེལ་བ་མུ་མཐུད་དུ་ཇེ་ལེགས་སུ་འགྱུར་ཞིང།གྲོང་ཁྱེར་གྱི་ཐེག་ཤུགས་དང་གྲོང་གསེབ་ཀྱི་འཚོ་སྡོད་འཚམ་ཚད།རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་ཁེབས་རྒྱ།གཞི་རྩའི་སྤྱི་པའི་ཞབས་ཞུའི་འགན་སྲུང་སྟོབས་ཤུགས།མི་དམངས་ཀྱི་བསམ་པའི་ཉམས་འགྱུར་བཅས་མངོན་གསལ་དུ་ཇེ་ལེགས་སུ་འགྲོ། འདོན་སྤྲོད་དང་དགོས་མཁོའི་འགལ་བ་སྔར་ལས་སེལ་ཞིང།སྐྱེ་ཁམས་དཔལ་ཡོན་སྔོན་སྐྱོད་ཁུལ་དང་འཁོར་སྐྱོད་དཔལ་འབྱོར་འཕེལ་རྒྱས་སྔོན་སྐྱོད་ཁུལ།མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་སྐྱོད་ཁུལ་བཅས་སྐས་རིམ་གསར་པར་འཛེགས་པ་དང།རྒྱལ་ཡོངས་ཀྱི་འཕེལ་རྒྱས་གནས་བབ་ཁྲོད་མཚོ་སྔོན་གྱི་གོ་གནས་སྔར་བས་ཇེ་མཐོར་འགྲོ།རིགས་སོ་སོའི་མི་དམངས་ཀྱི་མཚོ་སྔོན་ལ་བཅིངས་པའི་མོས་སེམས་དང་གཏོགས་སེམས།སྤོབས་སེམས་བཅས་སྔར་བས་ཇེ་དྲག་ཏུ་འགྱུར།རིགས་མི་འདྲ་བའི་འཇོན་མིས་ལས་དོན་སྒྲུབ་པ་དང་ལས་ལམ་བསྐྲུན་པའི་སྟོབས་ཤུགས་གཅིག་ལས་གཅིག་མགྱོགས་ཀྱིས་འཕེལ་བ་དང།དགའ་སྐྱིད་འཚོ་བ་བསྐྲུན་པའི་སྤྲོ་སེམས་རྦ་རླབས་བཞིན་དུ་འཕྱུར་འོང།གོམ་པ་གཉིས་པ་ནི། 2020ལོ་ནས་2022ལོར།ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ལེགས་འགྲུབ་བྱུང་བའི་རྨང་གཞིའི་སྟེང།  སྔར་ལས་ལྷག་པ་བཞིའིནང་དོན་མུ་མཐུད་དུ་ཕུན་སུམ་ཚོགས་པར་བཏང་སྟེ།རྒྱུ་མོད་དམངས་ཕྱུག་དང། སྒོ་འབྱེད་དཀྱེལ་ཡངས། རང་རྟོན་རབ་འཕེལ་གྱི་མཚོ་སྔོན་གསར་པ་བསྐྲུན་དགོས།དེའི་དུས་སུ།འཕེལ་རྒྱས་ཀྱི་སྤུས་ཚད་སྔར་བས་ལེགས་ཏེ།སྤུས་ཚད་བསྒྱུར་བཅོས་དང་ཕན་ཕྱོད་བསྒྱུར་བཅོས།སྒུལ་ཤུགས་བསྒྱུར་བཅོས་ལ་མགྱོགས་མྱུར་ངང་སྐུལ་འདེད་བྱེད་ཅིང།གཙོ་རྒྱུ་ཀུན་འདུས་ཀྱི་ཐོན་སྐྱེད་ལས་ཕྱོད་རྒྱུན་མི་ཆད་པར་ཇེ་མཐོར་འགྲོ།དངོས་གཞིའི་དཔལ་འབྱོར་དང་ཚན་རྩལ་གསར་གཏོད། དེང་རབས་དངུལ་རྩ།མི་ཤུགས་ཐོན་ཁུངས་བཅས་མཉམ་སྡེབ་ངང་འཕེལ་རྒྱས་འགྲོ་བའི་ཐོན་ལས་མ་ལག་མགྱོགས་པོར་བསྐྲུན་ཞིང།ཁྲོམ་རའི་རྐྱེན་སྲོལ་ལ་ཕན་ནུས་ལྡན་པ་དང། གཙོ་གཞི་བྱེ་བྲག་པར་སྐྱེ་སྟོབས་འབར་བ།སྤྱི་ཁོག་སྙོམས་སྒྲིག་ལ་ཚད་ཡོད་པའི་དཔལ་འབྱོར་ལམ་སྲོལ་རིམ་གྱིས་འགྲུབ་པ་དང།ཕྱོགས་བསྡུས་དཔལ་འབྱོར་གྱི་སྟོབས་ཤུགས་བསྟུད་མར་ཇེ་དྲག་ཏུ་འགྱུར།སྐྱེ་ཁམས་ཁོར་ཡུག་སྔར་བས་མཛེས་ཏེ།སྤྱི་ཚོགས་ཡོངས་ཀྱི་རང་བྱུང་ཁམས་ལ་བརྩི་འཇོག་དང་རང་བྱུང་ཁམས་ལ་བསྟུན་ཐབས།རང་བྱུང་ཁམས་ལ་སྲུང་སྐྱོང་བྱེད་པའི་བློ་རྩ་སྔར་བས་སྲ་ཞིང་བརྟན་ལ།སྐྱེ་ཁམས་དམིགས་བཀར་དང་ལྗང་མདོག་འཕེལ་རྒྱས་ཀྱི་གྲུབ་འབྲས་སྔར་བས་མངོན་པར་གསལ།རང་བྱུང་ཁམས་ནི་ལྷིང་འཇགས་དང་འཆམ་མཐུན།མཛེས་སྡུག་ཏུ་འགྱུར་བའི་རྨང་གཞི་སྔར་བས་སྟུག་པོར་ཆགས། ནམ་མཁའ་སྔར་ལས་བསང་བ་དང།རི་ཀླུང་སྔར་ལས་སྔོ་བ། ཆུ་བོ་སྔར་ལས་དྭངས་པ། ས་གཞི་སྐྱེད་ཚལ་དུ་གྱུར་པའི་མཛེས་ལྗོངས་ངང་གིས་མངོན་ལ།མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡིན་པའི་དེང་རབས་ཅན་འཛུགས་སྐྲུན་གྱི་གནས་བབ་གསར་པ་ཕལ་ཆེར་འགྲུབ་ཡོང།དཔལ་ཡོན་རྒྱས་ཚད་སྔར་བས་མཐོ་སྟེ།སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་ཕྱོགས་ཡོངས་ནས་ལག་ལེན་བྱེད་ཅིང།མི་དམངས་ལ་དད་མོས་ཆེ་བ་དང། རྒྱལ་ཁབ་ལ་སྟོབས་ཤུགས་ལྡན་པ།མི་རིགས་ལ་རེ་བ་ཡོད་པའི་འདུན་པ་ཤུགས་ཆེན་པོས་དར་སྤེལ་བཏང་ནས།མི་དམངས་ཀྱི་བསམ་བློའི་སད་རྟོགས་དང་ཀུན་སྤྱོད་ཆུ་ཚད།ཤེས་རིག་བྱང་ཚད་བཅས་ཡོངས་ཁྱབ་ཏུ་ཇེ་མཐོར་འགྲོ།རིག་གནས་ཐོན་ལས་དང་རིག་གནས་བྱ་གཞག་མགྱོགས་པོར་འཕེལ་རྒྱས་འབྱུང་བ་དང།རིག་གནས་ཀྱི་རང་རྟོན་དང་རིག་གནས་ཀྱི་རང་རྟོགས།རིག་གནས་ཀྱི་གོང་བུར་སྒྲིལ་ཤུགས་བཅས་སྔར་བས་གསལ་བོར་མངོན།དངོས་པོའི་དཔལ་ཡོན་དང་ཆབ་སྲིད་དཔལ་ཡོན། བསམ་པའི་དཔལ་ཡོན། སྤྱི་ཚོགས་དཔལ་ཡོན།སྐྱེ་ཁམས་དཔལ་ཡོན་བཅས་སྔར་བས་མཐུན་སྦྱོར་ངང་འཕེལ་རྒྱས་སུ་འགྲོ།མི་དམངས་ཀྱི་འཚོ་བ་སྔར་བས་སྐྱིད་དེ།བཅོས་སྒྱུར་འཕེལ་རྒྱས་ཀྱི་འབྲས་བུ་སྔར་བས་མང་པོ་སྔར་བས་དྲང་སྙོམས་ངང་མི་དམངས་ཡོངས་ལ་ཕན་ཞིང།དམངས་ཚིས་སྐོར་གྱི་དགེ་མཚན་སྔར་བས་མང་པོ་འགན་སྲུང་ཐུབ་ཅིང།དམངས་ཚིས་སྐོར་གྱི་སྡུག་བསྔལ་སྔར་བས་མང་པོ་སེལ་ཐུབ། མི་དམངས་བདེ་སྡོད་ལས་བརྩོན་གྱི་རྨང་གཞི་དང་ཆ་རྐྱེན་སྔར་བས་ལེགས་བཅོས་བྱེད་པ་དང།མི་བུ་ཚང་མས་ལས་ལམ་སྐྲུན་པ་དང་ཁྱིམ་ཚང་ཐམས་ཅད་ལས་ལ་བྲེལ་བའི་སྤྱི་ཚོགས་རྣམ་པ་ལེགས་པོ་ཆགས།མི་དམངས་ཀྱི་ཐོབ་སྣང་སྐྱིད་སྣང་བདེ་སྣང་སྔར་བས་ཕུན་སུམ་ཚོགས་ཤིང།སྔར་བས་འགན་སྲུང་ཡོད་ལ། སྔར་བས་རྒྱུན་མཐུད་རུང་བ་ཡིན།སྤྱི་ཚོགས་བཅོས་སྐྱོང་སྔར་བས་དྲང་སྟེ།དྲང་སྙོམས་དྲང་བདེན་ནི་རྩ་བའི་རིན་ཐང་གི་གནས་ཚད་འཛིན་ས་རུ་འགྱུར་ཞིང།ཁྲིམས་སྐྱོང་མཚོ་སྔོན་དང་བདེ་འཇགས་མཚོ་སྔོན།དྲང་རྟོན་མཚོ་སྔོན་བཅས་ཀྱི་འཛུགས་སྐྲུན་ལ་དགེ་མཚན་ལྡན་པའི་ཕན་འབྲས་ཐོན།སྤྱི་པའི་བདེ་འཇགས་ཀྱི་གནས་བབ་སྔར་བས་གཏན་འཇགས་ཡིན་ཞིང།མི་རིགས་འགྲིག་མཐུན་དང་ཆོས་ལུགས་འཇམ་མཐུན། སྤྱི་ཚོགས་འཆམ་མཐུན་ཡིན་ལ།མཉམ་སྐྲུན་མཉམ་སྐྱོང་མཉམ་སྤྱོད་ཀྱི་སྤྱི་ཚོགས་བཅོས་སྐྱོང་རྣམ་པ་ལེགས་པོ་ཆགས་ཐུབ།

འཐུས་མི་རྣམ་པ།སྐབས་གསར་པའི་སྲིད་གཞུང་གི་འགན་ཡུན་ལོ་ལྔ་ནི།སྙེག་ལམ་གསར་པའི་སྒོ་མོ་འབྱེད་པ་དང་འགན་འཁྲི་གསར་པ་ཕྲག་ཏུ་ལེན་པའི་ལོ་ལྔ་ཡིན།སླད་མའི་ལོ་ལྔའི་ནང་སྲིད་གཞུང་གི་འགན་འཁུར་ནི།ཡིད་ཆེས་དང་སྤོབས་པར་བརྟེན་ནས་གསར་གཏོད་ཡར་བརྩོན་ལ་འབད་པ་དང།བློ་གྲོས་དང་སྡུག་རུས་ལ་བརྟེན་ནས་བྱ་གཞག་ལ་བྱས་རྗེས་འཇོག་པ།དངོས་སྒྲུབ་དང་དངོས་འབྲས་ལ་བརྟེན་ནས་མི་སེམས་འགུགས་པ་བཅས་བྱེད་དགོས་ཤིང། མཐའ་གཅིག་ཏུ་རྒྱུན་འཁྱོངས་བྱེད་པབཞི་བསྒྲུབ་ཐུབ་དགོས་ཏེ།གཅིག་ནི་ཏང་གི་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་མཐའ་གཅིག་ཏུ་རྒྱུན་འཁྱོངས་བྱེད་དགོས།འདུ་ཤེས་བཞིརྒྱུད་ལ་བརྟན་པོར་ཆགས་སུ་འཇུག་པ་དང།བསམ་བློའི་སྟེང་ཆབ་སྲིད་སྟེང་བྱ་སྤྱོད་སྟེང་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་ལ་གཅིག་མཐུན་ཚད་མཐོ་ཡོང་བ་སྲུང་འཛིན་བྱེད་པ་དང།ཏང་གི་ལམ་ཐིག་དང་བྱེད་ཕྱོགས་དང་སྲིད་ཇུས་བློ་ཐག་རྦད་ཆོད་ཀྱིས་ལག་བསྟར་མཐིལ་ཕྱིན་བྱས་ཏེ།ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་པ་སོ་སོ་དངོས་གནས་དོན་ཐོག་ཏུ་འཁྱོལ་ཞིང་འབྲས་བུ་མངོན་སུམ་ཐོབ་པ་ཁག་ཐེག་བྱེད་དགོས།གཉིས་ནི་མི་དམངས་ཀྱི་གཙོ་གཞིའི་གོ་གནས་མཐའ་གཅིག་ཏུ་རྒྱུན་འཁྱོངས་བྱེད་དགོས།སྲིད་གཞུང་གི་བྱ་བ་མཐའ་དག་ཏུ་མི་དམངས་ཀྱི་འདོད་བློ་རྣམ་པར་མངོན་པ་དང།མི་དམངས་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་པ།མི་དམངས་ཀྱི་ལྟ་སྐུལ་དང་ལེན་བགྱིད་པ་བཅས་བྱེད་དགོས་ལ།མི་དམངས་ཀྱི་བདེ་སྐྱིད་ནི་དམིགས་འབེན་དང་པོ་དང།མི་དམངས་ཀྱི་རེ་སྨོན་ནི་ལས་འགན་དང་པོ།མི་དམངས་ཀྱི་འབོད་སྐུལ་ནི་བརྡ་རྟགས་དང་པོར་བརྩིས་ཏེ།བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་དགོས།གསུམ་ནི་སྲིད་གཞུང་གི་སྤྱོད་གཙང་རང་མདངས་མཐའ་གཅིག་ཏུ་རྒྱུན་འཁྱོངས་བྱེད་དགོས།ཀྲུང་དབྱང་གི་གཏན་འབེབས་བརྒྱད་དང་ཞིང་ཆེན་ཏང་ཨུའི་ཐབས་བཀོད་འགའི་དགོངས་དོན་བློ་ཐག་རྦད་ཆོད་ཀྱིས་ལག་བསྟར་མཐིལ་ཕྱིན་བྱེད་པ་དང།ནམ་ཡང་གཡོ་བ་མེད་པར་སྤྱོད་ཚུལ་བཞིཡོ་བསྲང་བྱས་ཏེ། ཐོག་མཐའ་བར་གསུམ་དུ་དབང་ཆ་དྲང་བཞག་གིས་བཀོལ་བ་དང།སྤྱོད་གཙང་དྲང་བདེན་འཛིན་པ། འགན་འཁྲི་འབད་པས་སྒྲུབ་པ།ལས་གཞོལ་ལས་སྐྲུན་བགྱིད་པ་བཅས་བྱེད་དགོས།བཞི་ནི་མཚོ་སྔོན་ལ་དགའ་ཞེན་དང་མཚོ་སྔོན་འཛུགས་སྐྲུན།མཚོ་སྔོན་ལ་སྐྱེས་འབུལ་བ་མཐའ་གཅིག་ཏུ་རྒྱུན་འཁྱོངས་བྱེད་དགོས།སྤྱི་ལེ་གྲུ་བཞི་མ་ཁྲི་72ཀྱིི་ས་གཞི་ཁྱོན་ཆེན་པོ་འདི་ལ་གུས་སེམས་དང་བཅས། ས་སྟེང་སྐྱེ་དགུ་ཡོངས་ལ་གཅེས་སྐྱོང་བྱེད་ཅིང།དཀའ་སྤྱད་འབད་བརྩོན་གྱི་བསམ་བློའི་ཁྱིམ་གཞིས་བརྟན་པོར་བསྐྲུན་ཏེ།བྱས་རྗེས་རང་ལ་བདག་དགོས་མེད་སྙམ་པའི་འདུན་པར་བརྟེན་ནས།དུས་རབས་ཀྱིས་བསྩལ་པའི་འགན་འཁྲི་ལེགས་པོར་བསྒྲུབ་དགོས།

འཐུས་མི་རྣམ་པ། གཙང་གསུམ་འབྱུང་ཡུལ་དང་ཁུ་ནུ་རི་བོ་ནི་མཚོ་སྔོན་གྱི་རྟགས་མཚན་ཡིན་ལ།མཚོ་སྔོན་གྱི་མིང་བྱང་ཡང་ཡིན།མཚོ་སྔོན་གྱི་སླད་མའི་ལོ་ལྔའི་བྱ་བ་ཇུས་འགོད་བྱེད་ན།གཙང་བོ་གསུམ་གྱི་འབྱུང་ཡུལ་མཐོང་འདྲའི་མིག་རྒྱ་ཡངས་པོ་དང།ཁུ་ནུ་རི་བོའི་རྩེ་མོར་སོན་འདྲའི་བློ་དཀྱེལ་ཆེན་པོ་ཡོད་དགོས།མཚོ་སྔོན་གྱི་དོན་དག་ཆེན་པོ་འཁོས་ཆུང་གིས་བསྒྲུབ་མི་རུང་ལ།མཚོ་སྔོན་གྱི་དོན་དག་ངོ་མ་ཟོལ་བཅོས་ཀྱིས་བསྒྲུབ་མི་རུང།མཚོ་སྔོན་ལས་འགོངས་པའི་བློ་མིག་གིས་མཚོ་སྔོན་ལ་ཞིབ་ལྟ་བྱེད་པ་དང།མ་འོངས་པར་ཁ་ཕྱོགས་ནས་མཚོ་སྔོན་འཛུགས་སྐྲུན་ལེགས་པོ་བྱེད་དགོས།མཚོ་སྔོན་གྱི་སླད་མའི་ལོ་ལྔའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྤྱི་ཁོག་བསམ་གཞིག་ནི།ཏན་ཏན་ཏིག་ཏིག་བཞིདང།འཕོ་འགྱུར་བཞི།”  “ཅན་བཞི་འགྲོས་མཉམ།”  “སྔར་ལས་ལྷག་པ་བཞི།”  “འཇོན་ཐང་བཞིབཅས་འཆང་གཟུང་གཙོ་བོ་ཡིན་པའི་འཐབ་ཇུས་བཞི་ཅན་ལྔཇུས་འགོད་དང་ལག་བསྟར་བྱེད་དགོས།ཏན་ཏན་ཏིག་ཏིགབཞི་ནི་མཚོ་སྔོན་གྱི་བྱ་བ་ལེགས་པོར་བསྒྲུབ་པའི་རྩ་བའི་གཞི་འཛིན་ས་ཡིན་ལ།འཕོ་འགྱུར་བཞིནི་ཏན་ཏན་ཏིག་ཏིག་བཞིའིབླང་བྱ་གལ་ཆེན་དོན་འཁྱོལ་བྱེད་པའི་ཐབས་ལམ་ཡིན།ཅན་བཞི་འགྲོས་མཉམནི་ཏན་ཏན་ཏིག་ཏིག་བཞིདང་འཕོ་འགྱུར་བཞིམངོན་འགྱུར་བྱེད་པའི་འདེགས་ཤུགས་ནུས་ལྡན་ཡིན།སྔར་ལས་ལྷག་པ་བཞིནི་སྟོབས་འབྱོར་དམངས་གཙོ་དཔལ་ཡོན་འཆམ་མཐུན་མཛེས་སྡུག་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་བསྐྲུན་པའི་རེ་སྨོན་མཚོ་སྔོན་ནས་བྱེ་བྲག་ཏུ་མངོན་པ་ཡིན།འཇོན་ཐང་བཞིནི་དམིགས་འབེན་དང་ལས་འགན་སོ་སོ་ལེགས་འགྲུབ་འབྱུང་བའི་གཞི་རྩའི་འགན་སྲུང་ཡིན།

(གཅིག)ཏན་ཏན་ཏིག་ཏིག་བཞིའིབླང་བྱ་གལ་ཆེན་དོན་འཁྱོལ་བྱེད་པའི་འཐབ་ཇུས་ལག་བསྟར་བགྱི་དགོས།ཤུགས་རྒྱག་ས་ནི་སྤུས་ཚད་མཐོན་པོར་འཕེལ་རྒྱས་གཏོང་བའི་ཐོག་ཏུ་ཡོད།གཅིག་ནི་ཏན་ཏན་ཏིག་ཏིག་གིས་དཔལ་འབྱོར་རྒྱུན་མཐུད་སྐྱོན་བྲལ་ངང་གོང་དུ་འཕེལ་བར་སྐུལ་འདེད་གཏོང་དགོས།འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞིའི་རང་བཞིན་གྱི་བཅོས་སྒྱུར་ནི་གཙོ་ཐིག་བྱས་ཏེ།འཕེལ་རྒྱས་གཏོང་ཐབས་འཕོ་འགྱུར་དང་དཔལ་འབྱོར་སྒྲིག་གཞི་ལེགས་སྒྱུར།འཕར་སྣོན་སྒུལ་ཤུགས་བརྗེ་སྒྱུར་བཅས་ཇེ་མགྱོགས་སུ་གཏོང་དགོས་པ་དང།སྤུས་ཚད་ལ་བརྟེན་ནས་ཞིང་ཆེན་སྟོབས་ལྡན་དུ་སྐྲུན་པའི་འཐབ་ཇུས་ལག་བསྟར་བྱས་ཏེ། ལྗང་མདོག་ཐོན་ལས་ལག་རྩལ་མ་ལག་ཆེན་པོ་བརྒྱདབསྟུད་མར་འཛུགས་སྐྱོང་བྱེད་པར་ཤུགས་འདོན་པ་དང།ཞིང་ཕྱུགས་ལས་ཀྱི་ཐོན་ལས་སྒོར་དུང་ཕྱུར་བརྒྱ་ཅན་བཞིདང་བཟོ་ལས་ཀྱི་ཐོན་ལས་སྒོར་དུང་ཕྱུར་སྟོང་ཅན་བཞིམགྱོགས་པོར་གསོ་སྐྱོང་བྱེད་དགོས།རིག་གནས་དང་ཡུལ་སྐོར་ཟབ་མོར་འདྲེས་པར་སྐུལ་འདེད་གཏོང་བ་དང།མི་རིགས་གསོ་སྨན་བྱ་གཞག་ཐད་ལ་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་དགོས།ལག་རྩལ་གསར་པ་དང་ཐོན་ལས་གསར་པ།ལས་རྣམ་གསར་པ་བཅས་ཀྱི་ཁྱབ་གདལ་དང་རིམ་འཕར་ཇེ་མགྱོགས་སུ་བཏང་ནས།དཔལ་འབྱོར་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་བར་སྐུལ་འདེད་གཏོང་དགོས། འགྲོས་མགྱོགས་པོའི་འཕར་སྣོན་ནས་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཀྱི་ཕྱོགས་སུ་འཁོར་ནས།དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་དགོས།གཉིས་ནི་ཏན་ཏན་ཏིག་ཏིག་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པར་སྐུལ་འདེད་གཏོང་དགོས།གྲོན་ཆུང་སྔོན་ཐོབ་དང་སྲུང་སྐྱོང་སྔོན་ཐོབ།རང་བྱུང་སླར་གསོ་བཅས་གཙོ་ཡིན་པའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང།སྤྱི་ཚོགས་རིང་ལུགས་ཀྱི་སྐྱེ་ཁམས་དཔལ་ཡོན་ལྟ་བ་རྒྱུད་ལ་ཟབ་མོར་ཆགས་སུ་འཇུག་དགོས།སྐྱེ་ཁམས་དུམ་ལེབ་ཆེན་པོ་ལྔ་འཆང་གཟུང་བྱས་ཤིང།རི་ཆུ་ནགས་ཞིང་མཚོ་སྤང་བཅས་ཀྱི་མ་ལག་བཅོས་སྐྱོང་ལ་གཅིག་གྱུར་འཆར་འགོད་བྱས་ཏེ།གཙང་གསུམ་འབྱུང་ཡུལ་དང་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལེགས་པོ་བྱེད་པ་དང།སྐྱེ་ཁམས་རྩོལ་ནུས་ཀྱི་རིམ་པ་མཐོར་འདེགས་དང།ཐོན་ཁུངས་གྲོན་ཆུང་གི་ཕན་ཕྱོད་མཐོར་འདེགས།ཁོར་ཡུག་བཅོས་སྐྱོང་གི་སྤུས་ཚད་མཐོར་འདེགས།རྒྱལ་ཁོངས་ལྗང་སྒྱུར་གྱི་འགྲོས་ཚད་མཐོར་འདེགས།  སྐྱེ་ཁམས་ལམ་ལུགས་ཀྱི་འཛུགས་སྐྱོང་བཅས་འགུལ་སྐྱོད་ཆེན་པོ་ལྔ་ལེགས་པོར་སྤེལ་ནས།རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་གལ་ཆེན་སྲ་ཞིང་བརྟན་པོར་བསྐྲུན་དགོས།གསུམ་ནི་ཏན་ཏན་ཏིག་ཏིག་གིས་དམངས་ཚིས་འགན་སྲུང་དང་ལེགས་བཅོས་བྱེད་ཅིང་སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས།དཔལ་འབྱོར་གྱི་འཕེལ་རྒྱས་རྒྱུན་མཐུད་རུང་བ་དང་རྒྱུ་སྟོབས་ཀྱི་འདེགས་སྐྱོར་འགན་སྲུང་ཐུབ་པའི་རྨང་གཞིའི་སྟེང་དུ།མང་ཚོགས་ཀྱི་སེམས་ཁམས་དང་སྤྱི་ཚོགས་ཀྱི་བདེ་སྡུག་ལ་ཕྱོགས་ཡོངས་ནས་དབྱེ་ཞིབ་བྱས་ཏེ།འབུར་དུ་ཐོན་པའི་དམངས་ཚིས་སྐོར་གྱི་གནད་དོན་ཐག་གཅོད་ལེགས་པོ་བྱེད་པ་དང། སྤྱི་ཚོགས་སྲིད་ཇུས་ཀྱི་ཞབས་སྐྱོར་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ།གཞི་རྩའི་སྤྱི་པའི་ཞབས་ཞུ་ལ་ཤུགས་སྣོན་དང།གཞི་རྩའི་དམངས་ཚིས་འགན་སྲུང་ལ་ཤུགས་སྣོན།གཞི་རིམ་གྱི་རྨང་གཞིའི་བྱ་བར་ཤུགས་སྣོན་རྒྱག་དགོས།ཚེ་སྲོག་བླ་ན་མེད་པ་དང་བདེ་འཇགས་ཨང་དང་པོ་ཡིན་པའི་བསམ་བློ་དར་སྤེལ་དང།ཧུར་བརྩོན་ཡར་རྒྱས་ཀྱི་སྤྱི་ཚོགས་སེམས་ཁམས་གསོ་སྐྱོང་བྱེད་པ་དང།སྤྱི་ཚོགས་ཀྱི་འགལ་བ་དུས་ཐོག་ཏུ་སྡུམ་སེལ་བྱས་ཏེ།རྒྱལ་ཁབ་ཀྱི་བདེ་འཇགས་ནུས་ལྡན་སྒོས་སྲུང་སྐྱོང་དང།སྤྱི་ཚོགས་ཁྱོན་ཡོངས་རྒྱུན་མཐུད་ངང་གཏན་འཇགས་ཡོང་བ་སྲུང་འཛིན་བྱེད་དགོས།བཞི་ནི་ཏན་ཏན་ཏིག་ཏིག་གིས་ཏང་ནང་གི་ཆབ་སྲིད་འཚོ་བར་ཤུགས་སྣོན་པ་དང་ཚད་ལྡན་དུ་གཏོང་དགོས།དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་ལྟར།སྐྱེ་ཁམས་གཉིསམཉམ་དུ་སྐྱོང་བ་དང་འགན་འཁྲི་གཉིསམཉམ་དུ་འཁུར་བ་རྒྱུན་འཁྱོངས་དང།ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་ནན་སྲུང་བྱེད་དགོས།ལས་ཁུངས་དང་སྲིད་འཛིན་ལམ་ལུགས་བཅོས་སྒྱུར་ཟབ་སྤེལ་དང།སྲིད་འཛིན་ལྟ་རྟོག་དང་རྩིས་བཤེར་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་དགོས།ཏང་སྐྱོང་འགན་འཁྲི་མངོན་སྒྱུར་དང་དཔུང་སྡེའི་ནུས་པ་ལེགས་སྒྱུར།རྩ་འཛུགས་འཛུགས་སྐྱོང་དྲག་སྒྱུར། སྤྱོད་ཚུལ་འཛུགས་སྐྱོང་བརྗེ་སྒྱུར་བཅས་ཀྱི་བྱ་བ་ལེགས་པོར་བསྒྲུབས་ནས།སྲིད་གཞུང་གི་སྲིད་སྐྱོང་བའི་ནུས་པ་དང་ཆུ་ཚད་རྒྱུན་མི་ཆད་པར་ཇེ་མཐོར་གཏོང་དགོས།

(གཉིས)འཕོ་འགྱུར་བཞིའིརིག་ལམ་གསར་པ་སྐུལ་སྤེལ་བྱེད་པའི་འཐབ་ཇུས་ལག་བསྟར་བགྱི་དགོས།ཤུགས་རྒྱག་ས་ནི་འཕོ་འགྱུར་ཇེ་མགྱོགས་སུ་གཏོང་བའི་ཐོག་ཏུ་ཡོད།གཅིག་ནི་དཔལ་འབྱོར་གྱི་ཞིང་ཆེན་ཆུང་བ་ནས་སྐྱེ་ཁམས་ཀྱི་ཞིང་ཆེན་ཆེན་པོར་འགྱུར་བ་ཇེ་མགྱོགས་སུ་གཏོང་དགོས།ལྗང་མདོག་ཐཱན་དམའ་འཁོར་སྐྱོད་ངང་འཕེལ་རྒྱས་འགྲོ་བའི་དཔལ་འབྱོར་མ་ལག་དང།ཁྲོམ་རའི་ཕྱོགས་ཁྲིད་ཀྱི་ལྗང་མདོག་ལག་རྩལ་གསར་གཏོད་མ་ལགདྭངས་གཙང་ཐཱན་དམའ་དང་ཉེན་མེད་ཕན་མཐོའི་ནུས་ཁུངས་མ་ལག་བཅས་བསྟུད་མར་འཛུགས་སྐྱོང་བྱེད་པ་དང།ཟོར་ཡང་དང་ཚད་རན། ལྗང་མདོག ཐཱན་དམའ་བཅས་ཀྱི་འཚོ་བ་རོལ་སྟངས་དར་སྤེལ་གཏོང་དགོས།གྲོན་ཆུང་ཅན་གྱི་ལས་ཁུངས་དང། ལྗང་མདོག་ཁྱིམ་ཚང། ལྗང་མདོག་སློབ་གྲྭ།ལྗང་མདོག་སྡེ་ཁུལ། ལྗང་མདོག་ཕྱོགས་སྐྱོད་བཅས་ལྗང་མདོག་ཕྲ་ཕུང་ལས་གྲྭ་ལྔགསར་སྐྲུན་གྱི་འགུལ་སྐྱོད་སྤེལ་ནས།ལྗང་མདོག་གི་འཕེལ་རྒྱས་འགྲོ་སྟངས་དང་ཐོན་སྐྱེད་བྱེད་སྟངས་ཆགས་སུ་འཇུག་དགོས་ཤིང།ཐོན་སྐྱེད་མ་ལག་དང་འཚོ་བའི་མ་ལག་འཁོར་སྐྱོད་སྦྲེལ་མཐུད་བྱས་ཏེ།སྐྱེ་ཁམས་དཔལ་ཡོན་གྱི་ལམ་སྲོལ་བཅོས་སྒྱུར་ཇེ་མགྱོགས་སུ་གཏོང་བ་དང་མཛེས་སྡུག་ལྡན་པའི་ཀྲུང་གོ་བསྐྲུན་པའི་ཆེད་དུ་མཚོ་སྔོན་གྱི་ཚད་ནས་ཧུར་བརྩོན་བགྱི་དགོས།གཉིས་ནི་མི་འབོར་གྱི་ཞིང་ཆེན་ཆུང་བ་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཞིང་ཆེན་ཆེན་པོར་འགྱུར་བ་ཇེ་མགྱོགས་སུ་གཏོང་དགོས།ཕྱོགས་ཡོངས་ནས་ཏང་གི་མི་རིགས་སྲིད་ཇུས་དང་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལག་བསྟར་མཐིལ་ཕྱིན་བྱེད་པ་དང།མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་ཟབ་སྤེལ་བགྱི་དགོས།རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་སྐྱོད་གྲོང་ཁྱེར་དང་ཁུལ་གསར་སྐྲུན་རིམ་སྤར་གྱི་བྱེད་སྒོ་གཏིང་ཟབ་ཏུ་སྤེལ་བ་དང།ལྔ་ཚན་བཅུ་གསུམ་པའིབོད་ཁུལ་འཕེལ་རྒྱས་འཆར་འགོད་དང་མཚོ་སྔོན་ཁ་གཏད་རོགས་སྐྱོར་འཆར་འགོད་མགྱོགས་པོར་ལག་བསྟར་བྱེད་པ་དང།སི་ཁྲོན་དང་ཀན་སུའུ་ལ་འབྲེལ་མཚམས་ཀྱི་ས་ཁུལ་བདེ་འགོད་དང་དར་སྤེལ་ལས་གྲྭ་སྐུལ་སྤེལ་གཏོང་དགོས།མི་རིགས་སོ་སོའི་བར་འབྲེལ་འདྲིས་དང་བརྗེ་རེས་དང་མཉམ་འདྲེས་བྱེད་པར་ཤུགས་སྣོན་རྒྱག་པ་དང།མི་རིགས་སོ་སོ་སེའུ་འབྲུའི་འབྲས་བུ་བཞིན་གོང་བུ་གཅིག་ཏུ་འཐམས་ནས།མི་རིགས་མཐུན་སྒྲིལ་ཡར་ཐོན་ཡོང་བའི་ཆེད་དུ་མཚོ་སྔོན་གྱི་ཉམས་མྱོང་དང་མཚོ་སྔོན་གྱི་བློ་གྲོས་སྔར་བས་མང་བོ་འབུལ་དགོས།གསུམ་ནི་ས་གནས་ཀྱི་འཕེལ་རྒྱས་འཐབ་ཇུས་ལ་ཞིབ་འཇུག་བྱེད་པ་ནས་རྒྱལ་ཁབ་ཀྱི་འཐབ་ཇུས་ནང་འདྲེས་པར་འགྱུར་བ་ཇེ་མགྱོགས་སུ་གཏོང་དགོས།ཤུགས་བཏོན་ནས་ཀྲུང་ཧྭའི་ཆུ་མཛོདལ་སྲུང་སྐྱོབ་ལེགས་པོ་བྱེད་དགོས།རྒྱུད་གཅིག་ལམ་གཅིགདང་འབྲི་ཆུའི་དཔལ་འབྱོར་རྒྱུད།ས་ཁོངས་མཐུན་སྦྱོར་འཕེལ་རྒྱས། ནུབ་རྒྱུད་གསར་སྤེལ་ཆེན་པོ། ལན་ཟི་གྲོང་ཁྱེར་ཁྱུ་ཚོགས།མི་འབོར་ཅུང་ཉུང་བའི་མི་རིགས་གོང་སྤེལ། དབུལ་སྒྲོལ་འགག་གཏོར།མཚོ་སྔོན་ཁ་གཏད་རོགས་སྐྱོར།ཤར་རྒྱུད་ནུབ་རྒྱུད་ཀྱི་དབུལ་སྐྱོར་མཉམ་ལས་སོགས་ཀྱི་འཐབ་ཇུས་གོ་སྐབས་དམ་འཛིན་བྱས་ཏེ།རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་ནང་བླ་ལྷག་གིས་འདྲེས་སུ་འཇུག་དགོས། དྭངས་གཙང་ནུས་ཁུངས་ཀྱི་དཔེ་སྟོན་ཞིང་ཆེན་འཛུགས་པའི་གོ་སྐབས་དམ་འཛིན་བྱས་ཏེ།འོད་ཝོལ་གློག་འདོན་དེ་གཞི་ཁྱོན་དགེ་མཚན་དང་ལས་ཕྱོད་དགེ་མཚན།ཁྲོམ་རའི་དགེ་མཚན་བཅས་ལྡན་པའི་གཙོ་རྟེན་ཐོན་ལས་ཁྱད་ཆོས་ཅན་དུ་བསྐྲུན་ཏེ།མཚོ་སྔོན་ནི་རྒྱལ་ཁབ་ཀྱི་ནུས་ཁུངས་གསར་པའི་ཐོན་ལས་རྟེན་གཞི་གལ་ཆེན་དུ་བསྒྱུར་དགོས།2022ལོའི་དགུན་དུས་ཨོ་ཕིག་འགྲན་ཚོགས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ།མཚོ་སྔོན་གྱི་ཁྱད་རྟགས་མཚོན་ཐུབ་པའི་བཀྲ་ཤིས་གཡང་རྟེན་དང་དྲན་རྟེན་ཤུགས་ཆེན་པོས་མཚམས་སྦྱོར་བྱས་ནས།རབ་མཛེས་མཚོ་སྔོན་གྱི་སྙན་གྲགས་དང་ཤུགས་རྐྱེན་ཇེ་ཆེར་གཏོང་དགོས།བཞི་ནི་རོང་འབྲོག་པས་སྣ་རྐྱང་གི་འདེབས་འཛུགས་དང་གསོ་སྤེལ་དང་སྐྱེ་ཁམས་བདག་སྐྱོང་བྱེད་པ་ནས་སྐྱེ་ཁམས་དང་ཐོན་སྐྱེད་དང་འཚོ་བ་བཟང་གཤིས་ཀྱིས་འཁོར་སྐྱོད་བྱེད་པར་འགྱུར་བ་ཇེ་མགྱོགས་སུ་གཏོང་དགོས།སྲིད་གཞུང་ནི་གཙོ་ཁྲིད་དང་ཁེ་ལས་ནི་གཙོ་གཞི་བྱེད་ཅིང།སྤྱི་ཚོགས་རྩ་འཛུགས་དང་མང་ཚོགས་མཉམ་དུ་ཞུགས་པའི་ཁོར་ཡུག་བཅོས་སྐྱོང་མ་ལག་འཛུགས་སྐྱོང་བྱེད་དགོས་ལ།མི་དམངས་ཀྱི་ཉིན་བཞིན་ཇེ་ཆེར་འགྲོ་བཞིན་པའི་མཛེས་སྡུག་གི་སྐྱེ་ཁམས་ཁོར་ཡུག་ཐད་ཀྱི་དགོས་མཁོ་སྐོང་བ་དེ་ཕྱོགས་སྟོན་བྱས་ཏེ།ཐོན་ཁུངས་ཁོར་ཡུག་གིས་ཐེག་ཐུབ་པའི་ཁྱད་ལྡན་ཐོན་ལས་ཤུགས་ཆེན་པོས་གོང་དུ་སྤེལ་དགོས།ལས་རིགས་སློབ་གསོ་དང་ལག་རྩལ་གསོ་སྦྱོང་ལ་ཤུགས་སྣོན་པ་བརྒྱུད་དེ།རོང་འབྲོག་པར་སྐྱེ་ཁམས་ཀྱི་སྤྱི་ཕན་རང་བཞིན་གྱི་ལས་གནས་སྔར་བས་མང་པོ་མཁོ་སྤྲོད་བྱེད་དགོས།སྲོལ་རྒྱུན་རིག་གནས་ཀྱི་གཏིང་ཤུགས་སྔོག་འདོན་དང།ཁྱད་ལྡན་ངལ་ལས་ཀྱི་ཚོང་རྟགས་བཟོ་སྐྲུན་བྱས་ཏེ། རོང་འབྲོག་པ་ཞེས་པའི་མིང་བབ་དེའང་ལས་རིགས་མཆོག་ཏུ་གྱུར་པ་ཞིག་ཏུ་སྒྱུར་དགོས།ཞིང་ཕྱུགས་ལས་ཀྱི་བདག་གཉེར་གཙོ་གཞི་གསར་པ་གསོ་སྐྱོང་བྱེད་པའི་ལས་གྲྭ་ལག་བསྟར་བྱས་ཏེ།དུད་ཁྱིམ་ཆུང་བ་རྣམས་དེང་རབས་ཞིང་ཕྱུགས་ལས་ཀྱི་འཕེལ་རྒྱས་དང་སྦྲེལ་མཐུད་འཚམ་པོ་བྱེད་པར་སྐུལ་འདེད་གཏོང་བ་དང།ཞིང་ཕྱུགས་ལས་ནི་འདེབས་གསོ་སྣ་རྐྱང་བྱེད་པ་ནས་འདེབས་གསོ་དང་ཕྱིར་འཚོང་གཏིང་ཟབ་ཏུ་འདྲེས་པར་འགྱུར་བ་དང།གྲངས་ཚད་ཅན་ནས་སྤུས་ཚད་ཕན་འབྲས་ཅན་དུ་འགྱུར་བ།བཏབ་(གསོས)པ་ལེགས་པ་ནས་བཙོངས་པ་སྔར་ལས་ལེགས་པར་འགྱུར་བར་སྐུལ་འདེད་བྱས་ཏེ།སྐྱེ་ཁམས་སྲུང་སྐྱོང་དང་ཐོན་སྐྱེད་འཕེལ་རྒྱས། འཚོ་བ་འབྱོར་ཕྱུག་བཅས་གསུམ་པོར་ཕན་པའི་ལམ་བུ་ཞིག་གཏོད་དགོས།

(གསུམ)ཅན་བཞི་འགྲོས་མཉམའཕེལ་རྒྱས་ལ་གཅིག་གྱུར་འཆར་འགོད་བྱེད་པའི་འཐབ་ཇུས་ལག་བསྟར་བགྱི་དགོས།ཤུགས་རྒྱག་ས་ནི་གཅིག་གྱུར་འཆར་འགོད་ངང་སྐུལ་སྤེལ་གཏོང་བའི་ཐོག་ཏུ་ཡོད།གཅིག་ནི་ཆ་འཕྲིན་ཅན་དང་བཟོ་ལས་ཅན་གཏིང་ཟབ་ཏུ་འདྲེས་པར་སྐུལ་སྤེལ་གཏོང་དགོས།ཤུགས་བཏོན་ནས་སྦྲེལ་དྲ+བཟོ་སྐྲུན་ལས་རིགས་དང།སྦྲེལ་དྲའི་གསར་གཏོད་འཕེལ་རྒྱས། གཞི་གྲངས་ཆེན་པོའི་འཕེལ་རྒྱས་བཅས་འགུལ་སྐྱོད་འཆར་གཞི་ཆེན་པོ་གསུམལག་བསྟར་བྱས་ཏེ།སྦྲེལ་དྲ་དང་གཞི་གྲངས་ཆེན་པོ་ནི་ཁེ་ལས་ཀྱི་ཞིབ་འཇུག་གསར་སྤེལ་དང་ཇུས་འགོད། ཐོན་སྐྱེད་བཟོ་སྐྲུན།བདག་གཉེར་དོ་དམ།ཕྱིར་འཚོང་ཞབས་ཞུ་བཅས་ཀྱི་ཁྲོད་དུ་ཕྱོགས་བསྡུས་སྣ་འདུས་སྒོས་ཉེར་སྤྱོད་བྱེད་པར་སྐུལ་འདེད་གཏོང་བ་དང།བཟོ་ལས་སྒྲིག་གཞིའི་སྤྱི་ཡོངས་ལེགས་སྒྱུར་དང་རིམ་སྤར་བྱེད་པར་སྐུལ་འདེད་གཏོང་དགོས།གཉིས་ནི་བཟོ་ལས་ཅན་དང་མཁར་གྲོང་ཅན་བཟང་གཤིས་ཀྱིས་མཉམ་འགུལ་བྱེད་པར་སྐུལ་སྤེལ་གཏོང་དགོས།ཐོན་སྐྱེད་ནུས་ཤུགས་གོང་སྤེལ་དང།ཐོན་སྐྱེད་འབྲེལ་བ་བསྒྱུར་བཅོས།གྲོང་ཁྱེར་དང་གྲོང་གསེབ་ཀྱི་འབྲེལ་བ་ལེགས་སྒྲིག་བཅས་བྱེད་ཅིང།ཤུགས་བཏོན་ནས་ཐོན་ལས་དང་གྲོང་ཁྱེར་མཉམ་འདྲེས་ངང་འཕེལ་རྒྱས་གཏོང་བའི་འགུལ་སྐྱོད་འཆར་གཞི་ལག་བསྟར་བྱེད་དགོས་ལ།དཔལ་འབྱོར་གླིང་ཁུལ་ཅན་དུ་བསྒྱུར་བ་དང། གླིང་ཁུལ་ཐོན་ལས་ཅན་དུ་བསྒྱུར་བ།ཐོན་ལས་ཁྱུ་འདུས་ཅན་དུ་བསྒྱུར་བར་སྐུལ་འདེད་བྱས་ནས།བཟོ་ལས་ཅན་གྱིས་མཁར་གྲོང་ཅན་ལ་སྒུལ་ཤུགས་དང་གསོན་ཤུགས་སྦྱིན་པ་དང།མཁར་གྲོང་ཅན་གྱིས་བཟོ་ལས་ཅན་ལ་འཁུར་ཐེག་བར་སྟོང་སྩོལ་བའི་མཉམ་སྐུལ་མཉམ་འགུལ་མངོན་འགྱུར་བྱེད་དགོས།གསུམ་ནི་མཁར་གྲོང་ཅན་དང་ཞིང་ལས་དེང་རབས་ཅན་ཕན་ཚུན་མཐུན་སྦྱོར་བྱེད་པར་སྐུལ་སྤེལ་གཏོང་དགོས།ཤུགས་བཏོན་ནས་ས་ཁོངས་འཕེལ་རྒྱས་ཀྱི་བཀོད་པ་ལེགས་སྒྱུར་བྱས་ཏེ།འཚོ་བ་དང་ལས་ཀར་འཕྲོད་པའི་ཟི་ལིང་ཆེན་པོདང། གྲོང་ཁྱེར་གྲོང་གསེབ་ལ་གཅིག་གྱུར་འཆར་འགོད་བྱེད་ཅིང་ཞིང་ལས་དེང་རབས་ཅན་ཡིན་པའི་མཚོ་ཤར་གསར་པ།སྒོ་མོ་ཕྱེས་པའི་ཚྭ་འདམ།ཁྱད་ཆོས་ལྡན་པའི་མཚོ་སྐོར་མུ་ཁྱུད།”  ལྗང་མདོག་གི་གཙང་གསུམ་འབྱུང་ཡུལབཅས་བསྐྲུན་དགོས།གང་ཟག་ལྟེ་བར་འཛིན་པའི་མཁར་གྲོང་ཅན་གསར་པ་སྐུལ་སྤེལ་བྱེད་པ་དང།ཞིང་ཕྱུགས་ལས་དང་ཡུལ་སྐོར་སྤྲོ་གསེང། སོ་ནམ་ཉམས་ལེན། རིག་གནས་རྒྱུད་འཛིན།བདེ་སྲུང་ཁམས་གསོ་སོགས་གཏིང་ཟབ་ཏུ་འདྲེས་པར་སྐུལ་འདེད་གཏོང་དགོས།རིག་གནས་ཡོད་པ་དང། ཐོན་ལས་ཡོད་པ། འདེགས་སྐྱོར་ཡོད་པ།ཚོང་རྟགས་ཡོད་པའི་མཐོ་སྒང་གི་ཁྱད་ཆོས་ཅན་གྱིི་མཛེས་པའི་མཁར་གྲོང་ཆུང་ཆུང་སྔར་བས་མང་པོ་བསྐྲུན་པ་དང།བྱེ་ཐང་ཆེན་པོ་དང། ཁ་བའི་ཡུལ་ལྗོངས། ཞིང་སྡེའི་མཛེས་ལྗོངས། གསར་བརྗེའི་ཡུལ་སྐོར།སྲོལ་རྒྱུན་དམངས་སྲོལ་བཅས་ལ་བརྟེན་པའི་སྤྲོ་གསེང་ཞིང་ཕྱུགས་ལས་སྔར་བས་མང་པོ་བསྐྲུན་ཏེ།ཞིང་ཕྱུགས་ལས་ནི་ནང་སྙིང་ཅན་གྱི་འཕེལ་རྒྱས་ལམ་བུར་བསྐྱོད་དགོས།ཞིང་ཕྱུགས་ལ་རྒྱུས་མངའ་བ་དང། ཞིང་ཕྱུགས་ལ་སེམས་སྤྲོ་བ། ཞིང་ཕྱུགས་ལ་དོན་སྒྲུབ་པའི་ཞིང་གསུམ་ཕྱུགས་གསུམབྱ་བའི་དཔུང་སྡེ་གསོ་སྐྱོང་དང་སྐྱེད་སྲིང་བྱེད་པ་དང།ཞིང་གསུམ་ཕྱུགས་གསུམདེང་རབས་ཅན་དུ་བསྒྱུར་བར་སྐུལ་འདེད་བཏང་སྟེ།བཟོ་ལས་ཀྱིས་ཞིང་ལས་སྐུལ་བ་དང། གྲོང་ཁྱེར་གྱིས་གྲོང་གསེབ་ཁྲིད་པ། གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་འཆར་འགོད་བྱེད་པའི་གནས་བབ་གསར་པ་ཆགས་སུ་འཇུག་དགོས།

(བཞི)སྔར་ལས་ལྷག་པ་བཞིའིགོམ་སྟབས་ཇེ་མགྱོགས་སུ་གཏོང་བའི་འཐབ་ཇུས་ལག་བསྟར་བགྱི་དགོས།ཤུགས་འདོན་ས་ནི་འབྲས་བུ་གཡུར་དུ་ཟ་བ་ལེན་པའི་ཐོག་ཏུ་ཡོད།གཅིག་ནི་སྔར་ལས་འབྱོར་ཕྱུག་ལྡན་པའི་མཚོ་སྔོན་གསར་པ་བསྐྲུན་དགོས།སྤུས་ཚད་མཐོན་པོར་འཕེལ་རྒྱས་གཏོང་བ་དམིགས་འབེན་བྱས་ཏེ།མཚོ་སྔོན་གྱི་ནུས་ཁུངས་དང་ཐོན་ཁུངས་ཀྱི་གཞན་ལས་ལྷག་པའི་དགེ་མཚན་འདོན་སྤེལ་གལ་ལེགས་བྱེད་ཅིང།རྒྱལ་ཁབ་ཀྱི་འཁོར་སྐྱོད་དཔལ་འབྱོར་ཚོད་ལྟའི་ཁུལ་དང་མཐོ་གསར་ལག་རྩལ་གྱི་ཐོན་ལས་གླིང་ཁུལ།དེ་བཞིན་རིགས་མི་འདྲ་བའི་ཐོན་ལས་གླིང་ཁུལ་བཅས་ཀྱི་འཛུགས་སྐྲུན་གོམ་འགྲོས་ཇེ་མགྱོགས་སུ་གཏོང་དགོས།སྲོལ་རྒྱུན་ཐོན་ལས་སྒྱུར་བཀོད་མཐོར་འདེགས་དང།གསར་དར་ཐོན་ལས་དར་རྒྱས་གོང་སྤེལ་དུ་གཏོང་བ་དང།གཙོ་རྟེན་ཐོན་ལས་སྔར་ལས་མང་པོ་གསོ་སྐྱོང་བྱེད་དགོས་ལ། དེང་རབས་ཞབས་ཞུ་ལས་རིགས་ཀྱི་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་དགོས།དཔལ་འབྱོར་བསྡོམས་འབོར་ད་དུང་སྒོར་དུང་ཕྱུར་སྟོང་གཅིག་གི་སྐས་རིམ་དུ་འཛེགས་པར་སྐུལ་འདེད་བྱེད་དགོས།ལྕགས་ལམ་དང་གཞུང་ལམ། མཁའ་འགྲུལ། སྦུག་ལམ། གློག་དྲ། ཆ་འཕྲིན།ཟོང་སྐྱེལ་སོགས་རྨང་གཞིའི་སྒྲིག་བཀོད་ཀྱི་དྲ་རྒྱ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང།ཞིང་ཆེན་ཕྱི་རུ་བསྐྱོད་པའི་ལམ་མི་འདྲ་བ་སྣ་ཚོགས་མགྱོགས་མྱུར་ངང་ཤར་སྐྱོད་ཐུབ་པར་བྱེད་ཅིང།སྔར་ལས་མགྱོགས་ཤིང་བདེ་བའི་ཕྱོགས་བསྐྱོད་དང་སྐྱེལ་འདྲེན་དྲ་རྒྱ་འཛུགས་སྐྱོང་བྱས་ནས།མཚོ་སྔོན་ནི་རྒྱལ་ཡོངས་དང་འཛམ་གླིང་གི་ཕྱོགས་སུ་བླ་ལྷག་གིས་བསྐྱོད་ཐུབ་པར་བྱེད་དགོས།དམངས་ཚིས་ལས་གཞི་དང་ལས་གྲྭ་ཤུགས་ཆེན་པོས་ལག་བསྟར་བྱས་ཏེ།འབྱོར་ཕྱུག་ལྡན་པའི་མཚོ་སྔོན་གསར་པའི་གྲུབ་འབྲས་ཀྱིས་རིགས་སོ་སོའི་མི་དམངས་ལ་དངོས་པོའི་ཐད་གྱ་ནོམ་པ་དང་བསམ་པའི་ཐད་ཕུན་སུམས་ཚོགས་པའི་འགན་སྲུང་འདོན་སྤྲོད་བྱས་ཏེ།རིགས་སོ་སོའི་མི་དམངས་ལ་བྱིས་དུས་སྐྱོང་མཁན་ཡོད་པ་དང། སློབ་དུས་ཁྲིད་མཁན་ཡོད་པ།ལས་ཀར་ཐོབ་ཆ་ཡོད་པ། ན་དུས་སྨན་བཅོས་ཡོད་པ། རྒས་དུས་འཚོ་རྟེན་ཡོད་པ།སྡོད་པར་ཁང་པ་ཡོད་པ།གཉོམ་ཆུང་སྐྱོར་མཁན་ཡོད་པའི་ཐད་ནས་ཐོབ་སྣང་སྔར་ལས་མང་པོ་ཡོད་པ་ཁག་ཐེག་བྱེད་དགོས།གཉིས་ནི་སྔར་ལས་དཔལ་ཡོན་རྒྱས་པའི་མཚོ་སྔོན་གསར་པ་བསྐྲུན་དགོས།དམངས་ཡོངས་འགུལ་སྐྱོད་བྱེད་པ་དང་ལས་བྱེད་པས་ལམ་སྣ་འཁྲིད་པ་རྒྱུན་འཁྱོངས་དང།ཁྱིམ་ཚང་ནས་བསྒྲུབ་མགོ་རྩོམ་ཞིང་བྱིས་པ་ནས་དམ་འཛིན་བྱས་ཏེ།མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་གསར་སྐྲུན་བྱེད་སྒོ་ཧུར་ཐག་གིས་སྤེལ་བ་དང།བདེ་ཐང་དཔལ་ཡོན་ཅན་གྱི་འཚོ་བ་རོལ་སྟངས་དར་སྤེལ་བཏང་ནས།རིགས་སོ་སོའི་མི་དམངས་ཀྱིས་དཔལ་ཡོན་རྒྱས་པའི་མཚོ་སྔོན་གསར་པ་བསྐྲུན་པའི་ནང་གནས་སྒུལ་ཤུགས་ནུས་ལྡན་སྒོས་སྐུལ་སློང་བྱེད་དགོས།ཐབས་བཀོད་གོ་ཆོད་འཐེན་ནས། སྐྱིད་སྡུག་ཅི་ཡོང་ཆེ་སྒྲུབ་ཆེ་གཉེར་བྱེད་པ་དང།ཚེ་འདས་རྒྱས་མཆོད་དང་ཚེ་ལྡན་མུག་གསོ་བྱེད་པ། ངོ་སོ་གང་ཆེ་བསྡུར་བ་སོགས་ཀྱི་གོམས་སྲོལ་ངན་པ་གཏན་འགོག་བྱེད་དགོས་ལ།མང་ཚོགས་ལ་སློབ་གསོ་གཏོང་བ་དང་དམངས་སྲོལ་གཞུང་དྲང་དུ་བསྒྱུར་ནས།བསམ་པའི་དཔལ་ཡོན་གྱི་ངང་ཚུལ་གསར་པ་ཆགས་སུ་འཇུག་དགོས།ངལ་རྩོལ་གཟི་བརྗིད་དུ་བརྩི་བའི་སྤྱི་ཚོགས་སྲོལ་བཟང་དང་ཡག་ཐོག་ཡག་བརྩེགས་ལ་བརྩོན་པའི་ལས་བཀུར་སྲོལ་བཟང་སྤེལ་ནས།བློ་བརྟན་འགྱུར་མེད་ངང་ཐོན་སྐྱེད་གོང་དུ་འཕེལ་བ་དང། འཚོ་བ་འབྱོར་ཕྱུག་ལྡན་པ།སྐྱེ་ཁམས་བཟང་ཞིང་ལེགས་པའི་དཔལ་ཡོན་གོང་སྤེལ་གྱི་ལམ་དུ་སྐྱོད་དགོས།མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཁྲོད་འདུས་པའི་བསམ་བློ་འདུ་ཤེས་དང།མི་ཆོས་སྙིང་སྟོབས། ཀུན་སྤྱོད་ཚད་གཞི་བཅས་སྔོག་འདོན་གཏིང་ཟབ་དང།ཀུན་སྤྱོད་མིག་དཔེ་འཛུགས་སྐྱོང་ལས་གྲྭ་ལག་བསྟར་གཏིང་ཟབ་བྱེད་པ་དང།ཀྲུང་གོའི་མ་རྡུལ་མཁར་རྒྱལ་ཁབ་རིམ་པའི་རྒྱལ་གཅེས་རིང་ལུགས་སློབ་གསོ་དང་ཕུགས་བསམ་འདུ་ཤེས་སློབ་གསོའི་དཔེ་སྟོན་རྟེན་གཞི་ཚད་ཐིག་མཐོན་པོར་སྐྲུན་དགོས།རིག་གནས་དམངས་ཕན་ལས་གྲྭ་ལག་བསྟར་གཏིང་ཟབ་བྱེད་པ་དང།མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་པར་གཏོང་བ་དང།སྔར་ལས་དཔལ་ཡོན་ཅན་གྱི་བྱེད་ཐབས་ལ་བརྟེན་ནས་དཔལ་ཡོན་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ།དཔལ་ཡོན་གྱི་ཕྲ་ཕུང་མཚོ་སྔོན་དུ་དར་ཞིང་འཕེལ་བར་བྱེད་དགོས།གསུམ་ནི་སྔར་ལས་འཆམ་མཐུན་ཡིན་པའི་མཚོ་སྔོན་གསར་པ་བསྐྲུན་དགོས།མི་རིིགས་སོ་སོའི་མང་ཚོགས་ལ་ཆེས་མཁོ་ཞིང་ཆེས་སེམས་ཁྲལ་དང་ཆེས་རེ་སྨོན་བྱེད་པའི་གནད་དོན་བཟུང་སྟེ།མི་རིགས་སོ་སོའི་མང་ཚོགས་ཀྱིས་ཆེས་དོ་ཁུར་བྱེད་ཅིང་ཆེས་ཁར་ཐུག་དང་ཆེས་མངོན་སུམ་ཡིན་པའི་ཁེ་ཕན་གནད་དོན་ཐག་གཅོད་ལེགས་པོ་བྱེད་དགོས།སྤྱི་པའི་ཞབས་ཞུ་མ་ལག་འཐུས་ཚང་དུ་གཏོང་བ་དང།མི་རིགས་སོ་སོའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་སྲུང་བྱས་ཏེ།མི་དམངས་མང་ཚོགས་ཀྱི་ཉིན་བཞིན་ཇེ་ཆེར་འགྲོ་བཞིན་པའི་དགའ་སྐྱིད་འཚོ་བའི་དགོས་མཁོ་རྒྱུན་མི་ཆད་པར་སྐོང་དགོས།སྤྱི་ཚོགས་རོགས་སྐྱོབ་དང་སྤྱི་ཚོགས་དགེ་ཕན། དགེ་ལས་བྱ་གཞགལྟ་སྐྱོང་བདེ་འགོད་སོགས་ཀྱི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང།མི་འབོར་ན་རྒས་ཅན་དུ་འགྱུར་བར་ཧུར་ཐག་གིས་གདོང་གཏད་ནས།ན་རྒས་སྐོར་གྱི་བྱ་གཞག་དང་ཐོན་ལས་མགྱོགས་པོར་འཕེལ་རྒྱས་སུ་གཏོང་དགོས།ལས་ཁུངས་ཀྱི་ལས་བྲལ་ལས་འཁྱུར་ངལ་གསོ་པ་དང། ཁེ་ལས་མ་ལག་གི་ལས་བྲལ་འཁྱུར་ངལ་གསོ་པ།གྲོང་གསེབ་ཀྱི་རྒན་པ་རིགས་གསུམབཅས་ཀྱི་བྱ་བ་ལེགས་པོར་བསྒྲུབ་དགོས།སྤྱི་ཚོགས་དྲང་བདེན་དང་དྲང་སྙོམས་ཡོང་བར་རྒྱུན་མི་ཆད་པར་སྐུལ་འདེད་བཏང་སྟེ།སྤྱི་ཚོགས་བཅོས་སྐྱོང་གོ་ཆོད་དང་སྤྱི་ཚོགས་སྒྲིག་ལམ་བཟང་པོ་ཆགས་སུ་འཇུག་དགོས།སྤྱི་ཚོགས་འགལ་བ་སྔོན་འགོག་དང་སྡུམ་སེལ་བྱེད་པའི་རྐྱེན་སྲོལ་འཛུགས་པར་ཤུགས་སྣོན་བརྒྱབ་སྟེ།མི་དམངས་ནང་ཁུལ་གྱི་འགལ་བ་ཡང་དག་པར་ཐག་གཅོད་བྱེད་དགོས།སྡེ་ཁུལ་བཅོས་སྐྱོང་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང།སྤྱི་ཚོགས་བཅོས་སྐྱོང་གི་ལྟེ་བ་གཤམ་སྤོ་བྱེད་པར་སྐུལ་འདེད་བྱས་ཏེ།རིམ་པ་སྔར་ལས་མཐོ་བའི་སྤྱི་ཚོགས་འཆམ་མཐུན་ཡོང་བ་མངོན་འགྱུར་བྱེད་དགོས།བཞི་ནི་སྔར་ལས་མཛེས་སྡུག་ལྡན་པའི་མཚོ་སྔོན་གསར་པ་བསྐྲུན་དགོས།འབྲི་ཆུའི་རིག་གནས་དང་རྨ་ཆུའི་རིག་གནས་ཀྱི་གཏིང་གཞི་སྔོག་འདོན་བྱེད་པ་དང།རི་ཆུ་གྲགས་ཅན་དང་ནམ་ཟླ་བསིལ་མོའི་བརྗོད་བྱ་བེད་སྤྱོད་ལེགས་པོ་གཏོང་བར་བརྩོན་དགོས།མཚེའུ་དང་བརླན་སའི་སྲུང་སྐྱོང་རྒྱུན་མི་ཆད་པར་ཇེ་དྲག་ཏུ་གཏོང་བ་དང།མཚོ་སྔོན་གྱི་རི་རྒྱུད་དང་ཆུ་རྒྱུད། མི་རྒྱུད།རིག་གནས་ཀྱི་རྒྱུད་བཅས་ཕན་ཚུན་རྣམ་པར་བཀྲ་བའི་ངོ་མཚར་གྱི་ལེའུ་མུ་མཐུད་དུ་འབྲི་དགོས།རྒྱལ་ཡོངས་སུ་མིང་དུ་གྲགས་པའི་ཡུལ་སྐོར་གནས་མཆོག་དང་བདེ་གསོ་རྟེན་གཞི།རིག་གནས་གསར་འདོན་གླིང་བཅས་མགྱོགས་པོར་བསྐྲུན་ཏེ།མཛེས་སྡུག་ལྡན་པའི་མཚོ་སྔོན་འདི་མཛེས་སྡུག་ལྡན་པའི་ཀྲུང་གོའི་མིང་བྱང་མཛེས་ཤོས་སུ་བསྒྱུར་དགོས།

(ལྔ)འཇོན་ཐང་བཞིཇེ་སྟོབས་སུ་གཏོང་བའི་འཐབ་ཇུས་ལག་བསྟར་བགྱི་དགོས།ཤུགས་འདོན་ས་ནི་རྒྱུན་མི་ཆད་པར་མཐོར་འདེགས་སུ་གཏོང་བའི་ཐོག་ཏུ་ཡོད།གཅིག་ནི་སློབ་སྦྱོང་དང་ཆབ་སྲིད་འགོ་ཁྲིད་ཀྱི་འཇོན་ཐང་ཇེ་སྟོབས་སུ་གཏོང་དགོས།དོན་ཀུན་ལ་གཞིག་པ་ནི་ཤེས་བྱ་སློབ་པའི་ཐབས་དམ་པའོ།།”  ཆབ་སྲིད་འཇོན་ཐང་ཇེ་སྟོབས་སུ་གཏོང་ན།ངེས་པར་སློབ་སྦྱོང་ལ་ཤུགས་སྣོན་རྒྱག་པ་ནས་མགོ་རྩོམ་དགོས། རིམ་པ་སོ་སོའི་སྲིད་གཞུང་དང་ལས་བྱེད་མི་སྣ་དག་གིས་ཤེས་བྱ་གསར་པ་སློབ་སྦྱོང་དང་འཇོན་ཐང་གསར་པ་ཁོང་དུ་ཆུད་པར་བྱེད་པའི་རང་རྟོགས་བསམ་པ་དང་མྱུར་མཁོ་བསམ་པ་ཇེ་དྲག་ཏུ་གཏོང་བ་དང།སློབ་སྦྱོང་གཙིགས་སུ་བཟུང་སྟེེ། རྒྱུན་མི་ཆད་པར་ཤེས་བྱ་གསར་པ་ཁོང་དུ་ཆུད་པ་དང།ཁྱབ་ཁོོངས་གསར་པ་རྒྱུས་ལོན་པ། མཐོང་རྒྱ་གསར་པ་རྒྱ་བསྐྱེད་པ་བརྒྱུད།འགན་འཁྲི་སྒྲུབ་པའི་ནུས་པ་དང་དོན་དག་སྒྲུབ་པའི་འཇོན་ཐང་ཕྱོགས་ཡོངས་ནས་ཇེ་མཐོར་གཏོང་དགོས།གཉིས་ནི་བཅོས་སྒྱུར་གསར་གཏོད་དང་ཚན་རིག་དང་མཐུན་པར་འཕེལ་རྒྱས་གཏོང་བའི་འཇོན་ཐང་ཇེ་སྟོབས་སུ་གཏོང་དགོས།ནམ་ཡང་རེངས་པོར་མི་འགྱུར་ཞིང་ནམ་ཡང་རང་སོར་མི་ལུས་པར།ངེར་པར་དུས་བསྟུན་མདུན་སྐྱོད་དང་བཅོས་སྒྱུར་གསར་གཏོད་བྱེད་དགོས།རིམ་པ་སོ་སོའི་སྲིད་གཞུང་དང་ལས་བྱེད་མི་སྣ་དག་གིས་རྒྱུན་མི་ཆད་པར་རང་ངོས་གཙང་སྒྱུར་དང་རང་ངོས་འཐུས་ཚང།རང་ངོས་གསར་སྒྱུར། རང་ངོས་མཐོར་འདེགས་ཀྱི་ནུས་པ་ཇེ་སྟོབས་སུ་བཏང་ནས།དུས་རབས་གསར་པར་སྙེག་པ་དང། དུས་རབས་གསར་པར་བསྟུན་པ།དུས་རབས་གསར་པར་འདྲེས་པ་བཅས་ལ་བརྩོན་པ་བསྐྱེད་དགོས།གསུམ་ནི་ཁྲིམས་ལྟར་སྲིད་སྐྱོང་བ་དང་མང་ཚོགས་ཀྱི་བྱ་བ་སྒྲུབ་པའི་འཇོན་ཐང་ཇེ་སྟོབས་སུ་གཏོང་དགོས།སྲིད་གཞུང་ནི་མི་དམངས་ལ་བརྟེན་ནས་བྱུང་ཞིང་མི་དམངས་ལ་བརྟེན་ནས་དར་བ་ཡིན་པས།མི་དམངས་ལ་བློ་དཀར་ན་ད་གཟོད་རྐང་འོག་བརྟན་པོ་ཡོང་བ་ཡིན།རིམ་པ་སོ་སོའི་མི་དམངས་སྲིད་གཞུང་དང་ལས་བྱེད་མི་སྣ་དག་གིས་མི་དམངས་དགེ་རྒན་དུ་བསྟེན་ཅིང།མི་དམངས་ལ་སློབ་སྦྱོང་བྱེད་པ་དང། མི་དམངས་དང་བདེ་སྡུག་མཉམ་མྱོང་བྱས་ཏེ།མི་དམངས་ལ་སྙིང་ཉེ་བའི་མི་དེ་བྱེད་དགོས། ང་ཚོས་མི་དམངས་ཕྲག་ཏུ་བླངས་ན་ད་གཟོད་མི་དམངས་ཀྱིས་ང་ཚོ་སེམས་ལ་འཇོག་སྲིད།དུས་རབས་ནི་རྒྱུགས་ཤོག་འགོད་མཁན་ཡིན་པའི་དབང་དུ་བཏང་ན།སྲིད་གཞུང་ནི་རྒྱུགས་ལན་འདེབས་མཁན་དང། མི་དམངས་ནི་རྒྱུགས་ཤོག་ལྟ་མཁན་ཡིན་པས།ཁྲིམས་ལྟར་སྲིད་སྐྱོང་བ་དེར་ངེས་པར་མང་ཚོགས་ཀྱི་ཁས་ལེན་ཐོབ་དགོས།བཞི་ནི་དོན་འཁྱོལ་དམ་འཛིན་དང་ཉེན་ཁར་ཁ་ལོ་སྒྱུར་བའི་འཇོན་ཐང་ཇེ་སྟོབས་སུ་གཏོང་དགོས།བཀོད་སྒྲིག་གིས་ཆ་གཅིག་ཟིན་པའི་དབང་དུ་བཏང་ན།དོན་འཁྱོལ་གྱིས་ཆ་དགུ་ཟིན་ཡོད་པས།དོན་འཁྱོལ་བྱེད་པའི་ནུས་པ་ནི་རིམ་པ་སོ་སོའི་སྲིད་གཞུང་དང་ལས་བྱེད་མི་སྣའི་ནུས་པ་གལ་ཆེ་ཤོས་དེ་ཡིན།འབྱོར་ཕྱུག་དཔལ་ཡོན་འཆམ་མཐུན་མཛེས་སྡུག་ལྡན་པའི་མཚོ་སྔོན་གསར་པ་བསྐྲུན་པའི་འཆར་གཞི་བཟང་བོ་དེ་ནི།ལྟད་མོར་ངོམ་བྱེད་ཙམ་དང་བསྔགས་བརྗོད་བྱ་ཡུལ་ཙམ་ཞིག་མ་ཡིན་པར།ལུས་སྟོད་བསྒུར་ནས་དངོས་གནས་དྲང་གནས་ཀྱིས་བསྒྲུབ་དགོས་པ་ཞིག་ཡིན།དམིགས་འབེན་རེ་རེ་བཞིན་སོ་སོར་དབྱེ་ཞིང། ལས་འགན་རེ་རེ་བཞིན་དོན་འཁྱོལ་བྱེད་པ་དང།དུས་མཚམས་རེ་རེ་བཞིན་སྐུལ་སྤེལ་བྱས་ཏེ།མགོ་ཡོད་མཇུག་ཡོད་དང་ལས་མཁས་སྒྲུབ་མཁས་བྱེད་དགོས།

འཐུས་མི་རྣམ་པ། འཐབ་ཇུས་བཞི་ཅན་ལྔནི་སྲིད་གཞུང་མ་ལག་གིས་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་ལག་བསྟར་མཐིལ་ཕྱིན་བྱེད་པའི་ལག་ལེན་གལ་ཆེན་ཡིན་ལ།ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་བླང་བྱ་དོན་འཁྱོལ་བྱེད་པའི་ཐབས་བཀོད་གལ་ཆེན་ཡིན་པ་མ་ཟད།མཚོ་སྔོན་གསར་པ་འཛུགས་སྐྲུན་གྱི་ལས་འགན་གལ་ཆེན་ཡང་ཡིན་པས།ང་ཚོས་དུས་ཡུན་རིང་བོར་རྒྱུན་འཁྱོངས་ལྷོད་མེད་ཀྱིས་ལག་བསྟར་བྱེད་དགོས་ཤིང། འགྲོས་མཉམ་གཅིགམངོན་འགྱུར་དང་སྔར་ལས་ལྷག་པ་བཞིའཛུགས་སྐྲུན་བྱེད་པའི་ཆེད་དུ་རྨང་གཞི་སྲ་ཞིང་བརྟན་པོ་བཏིང་སྟེ།མཚོ་སྔོན་གྱི་སྔར་ལས་མཛེས་སྡུག་ལྡན་པའི་མ་འོངས་གསར་གཏོད་བྱེད་པར་འབད་དགོས།

གསུམ། 2018ལོའི་བྱ་བ་གཙོ་བོ་བཀོད་སྒྲིག

ད་ལོ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་མཐིལ་ཕྱིན་བྱེད་པའི་ལོ་མགོ་མ་ཡིན་ལ།ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་དོན་འཁྱོལ་གཏིང་ཟབ་བྱེད་པའི་ལོ་གལ་ཆེན་ཞིིག་ཀྱང་ཡིན།ང་ཚོས་ཞི་ཅིན་ཕིང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་དགོངས་པའི་མཛུབ་སྟོན་ལ་བརྟེན་ནས།ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་ཇུས་ཆོད་བཀོད་པ་ལྟར།ཞིང་ཆེན་ཏང་ཨུ་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་བླང་བྱ་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ།དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་བྱ་བ་མཐའ་དག་ལེགས་པོར་བསྒྲུབ་དགོས།

ད་ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་སྔོན་དཔག་དམིགས་འབེན་གཙོ་བོ་ནི།ས་གནས་ཀྱི་ཐོན་སྐྱེད་བསྡོམས་ཐང་7%ཡས་མས་འཕར་བ་དང།སྡོད་དམངས་ཡོངས་ཀྱི་མི་རེའི་ཆ་སྙོམས་སྤྱོད་འཐུས་ཡོང་འབབ་9%འཕར་བ། མཁར་གྲོང་གི་ལས་ཞུགས་མི་གྲངས་ཁྲི་6གསར་དུ་འཕར་བ། རོང་འབྲོག་ཁུལ་གྱི་ངལ་རྩོལ་པ་མི་ཐེངས་ཁྲི་105གནས་སྤོ་ལས་ཞུགས་བྱེད་པ།མཁར་གྲོང་གི་ཐོ་བཀོད་ལས་ཤོར་ཕྱོད་3.5%ནང་ཚུན་དུ་ཚོད་འཛིན་བྱེད་པ།སྡོད་དམངས་ཀྱི་འཛད་སྤྱོད་རིན་གོང་འཕར་ཚད་3%ནང་ཚུན་དུ་ཚོད་འཛིན་བྱེད་པ།གྲོང་ཁྱེར་གཙོ་གྲས་ཀྱི་མཁའ་དབུགས་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་སྡུར་ཚད་78%ཡན་ལ་སླེབས་པ།ཙོང་ཆུ་ཞིང་ཆེན་ཕྱིར་འབབ་པའི་བཅད་ངོས་ཀྱི་ཆུ་གཤིས་རིགསཔ་བརྟན་རླིང་ངང་བཟང་ཕྱོགས་སུ་འཕེལ་བ་བཅས་ཡིན།

གོང་དུ་བརྗོད་པའི་དམིགས་འབེན་འདི་དག་མངོན་འགྱུར་བྱེད་དགོས་ན།གཤམ་གྱི་ཕྱོགས་བརྒྱད་ཀྱི་བྱ་བ་གཙོ་གནད་དུ་བཟུང་སྟེ་ལེགས་པོར་བསྒྲུབ་དགོས།

(གཅིག)བློ་ཐག་རྦད་ཆོད་ཀྱིས་འགག་གཏོར་གཡུལ་འཐབ་ཆེན་པོ་གསུམ་ལེགས་པོར་བཤམས་ནས།ཕྱོགས་ཡོངས་འབྱོར་འབྲིང་གི་རྟིང་མ་ལེན་པར་རྨང་གཞི་སྲ་བརྟན་འདིང་དགོས།སྲིད་ཇུས་གསེག་གཞོལ་བྱེད་ཚད་ཇེ་ཆེར་གཏོང་བ་དང།གནད་ཁེལ་གྱིས་ཤུགས་རྒྱག་པར་རྩེ་གཅིག་ཏུ་དམིགས་ཏེ། ཆེས་སྲ་ཞིང་མཁྲེགས་པའི་འགག་སྒོ་གཏོར་དགོས།ཉེན་ཁ་ཆེན་པོ་སྔོན་འགོག་དང་སེལ་ཐབས་ཀྱི་འགག་གཏོར་གཡུལ་འཐབ་ལེགས་པོར་བཤམ་དགོས།ཁྲིམས་མིན་གྱི་མ་དངུལ་བསྡུ་རུབ་སོགས་ཁྲིམས་འགལ་སྲོལ་འགལ་གྱི་དངུལ་རྩའི་བྱེད་སྒོ་ལ་རྡུང་རྡེག་ཚ་ནན་གཏོང་བ་དང།དངུལ་རྩའི་ཁྲོམ་རའི་འཇའ་ཤིང་མཐོན་པོར་འཇོག་པའི་གླགས་འཚོལ་འུད་སྒྲོག་གི་བྱ་སྤྱོད་བཀག་སྡོམ་བྱེད་དགོས།ཕན་ནུས་ལྡན་པའི་སྒོ་ནས་དངུལ་ཁང་གི་དངུལ་བུན་མི་ལེགས་པ་སྔོན་འགོག་དང་ཐག་གཅོད་བྱེད་པ་དང།ཉེན་ཁར་ལྟ་འཇལ་ཉེན་ཟོན་དང་འཕྲལ་བསྟུན་ཐག་གཅོད་བྱེད་པར་ཤུགས་སྣོན་རྒྱག་དགོས།གོ་རིམ་ལྡན་པའི་སྒོ་ནས་རྒྱུ་ནོར་མི་ལེགས་པ་དང་གྲིབ་གཟུགས་དངུལ་ཁང།སྦྲེལ་དྲའི་དངུལ་རྩ་སོགས་འབུར་ཐོན་གྱི་ཉེན་ཁའི་གནས་སེལ་བར་བྱེད་པ་དང།ས་ཁོངས་རང་བཞིན་དང་མ་ལག་རང་བཞིན་གྱི་དངུལ་རྩའི་ཉེན་ཁ་མི་འབྱུང་བའི་གཞི་ཐིག་མཐའ་གཅིག་ཏུ་བརྟན་སྲུང་བྱེད་དགོས།སྲིད་གཞུང་གི་བུ་ལོན་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང། བསགས་གྲངས་གཟབ་ནན་གྱིས་ཐག་གཅོད་དང་འཕར་གྲངས་ནུས་ལྡན་སྒོས་བཀག་སྡོམ་བྱས་ཏེ།ས་གནས་སྲིད་གཞུང་གི་མི་མངོན་པའི་བུ་ལོན་ཉེན་ཁ་ཧུར་ཐག་གིས་སེལ་ཐབས་བྱེད་དགོས། ཁང་པ་ནི་འཚོ་བའི་གནས་མལ་ཡིན་གྱི། སྦིར་འཚོང་རྒྱག་བྱེད་མིནཞེས་གནས་ངེས་རྒྱུན་འཁྱོངས་བྱེད་པ་དང།རིགས་དབྱེ་ནས་སྙོམས་སྒྲིག་དང་གྲོང་ཁྱེར་རམ་ས་ཁུལ་ལ་གཞིགས་ནས་ཇུས་འདོན་པ་མུ་མཐུད་དུ་ལག་ལེན་བྱས་ནས།ས་ཁང་ཐོན་ལས་ཀྱི་ཁྲོམ་ར་བརྟན་རླིང་སྐྱོན་བྲལ་ངང་འཕེལ་རྒྱས་སུ་འགྲོ་བ་སྲུང་འཛིན་བྱེད་དགོས།གཙོ་གཞི་མང་པོའི་འདོན་སྤྲོད་དང་ཐབས་ལམ་མང་པོའི་འགན་སྲུང།གླས་ཉོ་གཉིས་ཀ་མཉམ་སྤེལ་གྱི་སྡོད་ཁང་ལམ་ལུགས་མགྱོགས་པོར་འཛུགས་པ་དང། ས་ཁང་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་ཡུན་ཕན་རྐྱེན་སྲོལ་འཛུགས་སྐྱོང་དང་འཐུས་ཚང་དུ་གཏོང་དགོས།གནད་ཁེལ་དབུལ་སྒྲོལ་གྱི་འགག་གཏོར་གཡུལ་འཐབ་ལེགས་པོར་བཤམ་དགོས།འབུར་ཐོན་གྱི་ཚོད་འཛིན་གནད་དོན་ཐག་གཅོད་རྒྱུ་གཙོ་གནད་དང།དབུལ་སྐྱོར་ལས་གྲྭ་གལ་ཆེན་དང་སྡེ་བའམ་ཁྱིམ་ཚང་དུ་རོགས་སྐྱོར་བྱེད་པ་འཆང་བཟུང་བྱས་ནས།རྒྱབ་སྐྱོར་དང་འགན་སྲུང་མ་ལག་ཇེ་དྲག་ཏུ་གཏོང་དགོས།སྲིད་ཇུས་གསེག་གཞོལ་དང་དབུལ་སྐྱོར་མ་དངུལ་ཧྲིལ་སྡེབ་བྱེད་ཤུགས་ཇེ་ཆེར་བཏང་སྟེ།དབུལ་ཕོངས་ཚབས་ཆེན་གྱི་བཙན་རྫོང་གཏོར་རྒྱུ་གཙོ་གནད་དུ་འཛིན་དགོས།དབུལ་སྐྱོར་དང་བློ་སྐྱོར་དང་རིག་སྐྱོར་བཅས་ཟུང་སྦྲེལ་དང།མྱུར་སྐྱོབ་དཀའ་སེལ་དང་ནང་སྐྱེས་དབུལ་སྒྲོལ་ཟུང་སྦྲེལ།མྱུར་སྒྲུབ་ལས་གཞི་གོང་སྤེལ་དང་ཁྱད་ལྡན་ཐོན་ལས་གསོ་སྐྱོང་ཟུང་སྦྲེལ་བཅས་བྱས་ཏེ།དབུལ་ཕོངས་མི་འབོར་གྱི་ནང་སྐྱེས་སྒུལ་ཤུགས་སྐུལ་སློང་བྱེད་པར་ཤུགས་རྒྱག་དགོས།ཤར་རྒྱུད་ནུབ་རྒྱུད་ཀྱི་དབུལ་སྐྱོར་མཉམ་ལས་དང་མཚོ་སྔོན་ཁ་གཏད་རོགས་སྐྱོར་གཉིས་ཀ་ཧུར་ཐག་གིས་སྦྲེལ་མཐུད་བྱེད་པ་དང།དབུལ་ཕོངས་སྡེ་བ་མཐོར་འདེགས་ལས་གྲྭ་བསྟུད་མར་སྐུལ་སྤེལ་བྱེད་དགོས།བདེ་ཐང་དབུལ་སྐྱོར་གཏིང་ཟབ་ཏུ་སྤེལ་བ་དང། དུད་ཁྱིམ་9631ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོ་བྱེད་དགོས།ལོ་འདིའི་ནང་དབུལ་ཕོངས་རྫོང་12ཀྱི་དབུལ་ཕོངས་ཞྭ་མོ་འཕུད་པ་དང།དབུལ་ཕོངས་སྡེ་བ་500དབུལ་ཕོངས་མིང་ཐོ་ལས་ཕྱིར་འཐེན་པ་དང།དབུལ་ཕོངས་མི་འབོར་ཁྲི་15དབུལ་ཕོངས་ལས་ཐར་ཐབས་བྱེད་དགོས་ལ།ཕྱོགས་ཡོངས་ནས་དབུལ་སྐྱོར་མ་དངུལ་གྱི་གྲུབ་འབྲས་དོ་དམ་བྱེད་དགོས།དབུལ་ཕོངས་ལས་ཐར་ཟིན་པའི་མི་རྣམས་ནི། འགག་གཏོར་དུས་ཡུན་ནང་དུ་དབུལ་སྒྲོལ་སྲིད་ཇུས་ལས་ཕུད་མི་རུང།སྦགས་བཙོག་འགོག་བཅོས་ཀྱི་འགག་གཏོར་གཡུལ་འཐབ་ལེགས་པོར་བཤམ་དགོས།ཀྲུང་དབྱང་ཁོར་སྲུང་ལྟ་སྐུལ་གྱིས་བཏོན་པའི་གནད་དོན་དག་ཐེར་ཡོ་བསྲང་བྱེད་པར་ཤུགས་སྣོན་རྒྱག་དགོས།རླུང་ཁམས་ཆེན་མོའི་སྦགས་བཙོག་མཉམ་འགོག་མཉམ་འཛིན་བྱེད་པར་ཤུགས་སྣོན་དང།གྲོང་ཁྱེར་གྱི་ཐལ་རྡུལ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་དགོས།རྡོ་སོལ་སྦར་བའི་ཁྲོ་ཐབ་གཙང་བཟོ་བཅོས་སྒྱུར་དང།རྡོ་སོལ་བསྐྱུར་ནས་སོལ་རླུང་བཀོལ་བ་དང་རྡོ་སོལ་བསྐྱུར་ནས་གློག་བཀོལ་བ་བཅས་ལ་སྐུལ་འདེད་བྱེད་དགོས།གློག་སྦྱོར་སྒྲིག་ཆས་སྒྱུར་བཀོད་བྱེད་པ་དང་སྡོད་དམངས་ཀྱིས་སོལ་རླུང་དང་གློག་བཀོལ་ནས་དྲོད་སྐོལ་བར་གསབ་དངུལ་སྟེར་བ་སོགས་ཀྱི་བྱ་བ་གཅིག་གྱུར་འཆར་འགོད་ངང་ལེགས་པོར་བསྒྲུབ་དགོས།བཟོ་ལས་བཙོག་ཆུ་གཅིག་བསྡུས་སྒོས་ཐག་གཅོད་ལེགས་པོ་བྱེད་པ་དང།མཁར་གྲོང་གི་བཙོག་ཆུ་དང་གད་སྙིད་གཙང་སེལ་སྒྲིག་བཀོད་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་རྒྱག་དགོས་པ་མ་ཟད།རིམ་བཞིན་རོང་འབྲོག་ཁུལ་དུ་རྒྱ་བསྐྱེད་དགོས།འཐུང་ཆུའི་འབྱུང་ཡུལ་གལ་ཆེན་ལ་སྲུང་སྐྱོང་ལེགས་པོ་བྱེད་པ་དང།ཙོང་ཆུའི་ཕྱོགས་བསྡུས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་དགོས་ལ།ཕྱོགས་ཡོངས་ནས་ཆུ་དཔོན་ལམ་ལུགས་ལག་ལེན་དུ་བསྟར་བའི་རྨང་གཞིའི་སྟེང་དུ་མཚོ་དཔོན་ལམ་ལུགས་ལག་བསྟར་བགྱི་དགོས།བྱ་ཕྱུགས་གསོ་སྤེལ་གྱི་སྦགས་བཙོག་འགོག་བཅོས་དང་སྙིགས་རྫས་ཐོན་ཁུངས་སུ་བསྒྱུར་ནས་བེད་སྤྱོད་པར་སྐུལ་འདེད་བྱེད་པ་དང།ཞིང་ལས་ཀྱི་ངོས་ཁུངས་སྦགས་བཙོག་འགོག་བཅོས་བྱེད་ཤུགས་ཇེ་ཆེར་གཏོང་བ་དང།འཚོ་བའི་གད་སྙིགས་རིགས་དབྱེ་བ་དང་གནོད་མེད་ཅན་དུ་བསྒྱུར་བར་ཤུགས་སྣོན་བརྒྱབ་སྟེ།ཁོར་ཡུག་ལེགས་བཅོས་བྱས་པའི་གྲུབ་འབྲས་མང་ཚོགས་ཀྱིས་དངོས་སུ་མྱོང་ཚོར་ཐུབ་པར་བྱེད་དགོས།

(གཉིས)འཕེལ་རྒྱས་འདུ་ཤེས་གསར་པ་ལག་ལེན་བྱས་ཏེ།འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞིའི་རང་བཞིན་གྱི་བཅོས་སྒྱུར་ལ་ཕན་འབྲས་མངོན་སུམ་ཐོབ་པར་སྐུལ་འདེད་བྱེད་དགོས།གསར་གཏོད་ཀྱི་འདེད་སྐུལ་ནུས་པ་ཇེ་དྲག་དང་དངོས་གཞིའི་དཔལ་འབྱོར་འཕེལ་རྒྱས་སུ་བཏང་ནས།འདོན་སྤྲོད་མ་ལག་གི་སྤུས་ཚད་ཏན་ཏིག་གིས་ཇེ་མཐོར་གཏོང་དགོས།གསར་གཏོད་ཀྱིས་འཕེལ་རྒྱས་ལ་འདེད་སྐུལ་བྱེད་པའི་རྒྱུན་སྐྱོང་དགོས།གསར་གཏོད་མ་ལག་འཛུགས་པར་ཤུགས་སྣོན་རྒྱག་པ་དང།མཚོ་སྔོན་གྱི་རྒྱལ་ཁབ་རིམ་པའི་མཐོ་གསར་ཁུལ་གྱི་ལམ་སྲོལ་རྐྱེན་སྲོལ་མཐུན་འགྲིག་ཡོང་བ་བྱེད་དགོས།གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་དང་མཐོ་སྒང་གི་ཞིང་ཕྱུགས་ལས།བོད་སྨན་དང་སྨན་སོ་མ་གསར་སྤེལ་སོགས་རྒྱལ་ཁབ་ཀྱི་གཙོ་གནད་དངོས་བཤེར་ཁང་འཛུགས་པའི་ཆུ་ཚད་མཐོར་འདེགས་སུ་གཏོང་བ་དང།མཐོ་གསར་ལག་རྩལ་གྱི་ཁེ་ལས་དང་ཚན་རྩལ་ཅན་གྱི་ཁེ་ལས་གསོ་སྐྱོང་བྱེད་ཤུགས་ཇེ་ཆེར་གཏོང་དགོས།མཉམ་ལས་དང་གསར་གཏོད་ལ་ཤུགས་སྣོན་བརྒྱབ་སྟེ།མཉམ་སྤྱོད་དཔལ་འབྱོར་དང་གྲངས་འཛིན་དཔལ་འབྱོར།སྐྱེ་དངོས་དཔལ་འབྱོར་སོགས་ལས་རྣམ་གསར་པ་དང་མ་དཔེ་གསར་པ་གསོ་སྐྱོང་བྱེད་དགོས།སྤུས་ཚད་མཐོན་པོའི་སྒོ་ནས་ཟུང་སྐྲུནདཔེ་སྟོན་རྟེན་གཞི་དང་ཆེད་ལས་ཅན་གྱི་དམངས་སྐྲུན་བར་སྟོང་འཛུགས་དགོས།མཐོ་རྩེའི་གསར་གཏོད་འཇོན་མི་སྟོང་གི་འཆར་གཞིདང་མཚོ་སྔོན་མཁས་པའི་འཆར་གཞིབཅས་ཤུགས་ཆེན་པོས་ལག་བསྟར་བྱེད་དགོས།ཤུགས་བཏོན་ནས་གོ་འཕེར་ནུས་རྩལ་འཇོན་མི་གསོ་སྐྱོང་བྱེད་པ་དང། དམག་དམངས་ཐོན་ལས་མཉམ་འདྲེས་དཔེ་སྟོན་སྣེ་ཁྲིད་འགུལ་སྐྱོདསྤེལ་དགོས། སློབ་ཆེན་མཐར་ཕྱིན་སློབ་མ་དང་དམག་ལོག་ལས་སྒྱུར་དམག་མི།གླ་རྒྱག་ཞིང་པ་རྣམས་གྲོང་གསེབ་ཏུ་ལོག་པའམ་གྲོང་གསེབ་ཏུ་བསྐྱོད་ནས་གསར་གཏོད་དང་ལས་སྐྲུན་བྱེད་པར་སྐུལ་མ་བཏང་སྟེ།གསར་གཏོད་དང་ལས་སྐྲུན་གྱི་རིམ་པ་ཇེ་མཐོར་སྤར་དགོས།དངོས་གཞིའི་དཔལ་འབྱོར་ཤུགས་ཆེན་པོས་གོང་དུ་སྤེལ་དགོས།གཙོ་རྒྱུའི་བཀོད་སྒྲིག་ལེགས་སྒྱུར་བྱས་ཏེ།གཙོ་ལས་འབུར་ཐོན་གྱི་དགེ་མཚན་ལྡན་པའི་ཁེ་ལས་སྐོར་ཞིག་གསོ་སྐྱོང་དང།འཕེལ་རྒྱས་གཏིང་ཤུགས་ལྡན་པའི་ཁེ་ལས་འབྲིང་ཆུང་ཕྲན་གསུམ་སྐོར་ཞིག་འདེགས་སྐྱོར།ཕྱོགས་བསྡུས་ཁེ་ཕན་བཟང་བའི་རྡང་སྲིང་རྡང་གསབ་ལས་གཞི་སྐོར་ཞིག་ཚུར་འགུགས་བཅས་བྱས་ཏེ།གཞི་ཁྱོན་ཡན་གྱི་ཁེ་ལས་40གསོ་སྐྱོང་དང་ཁེ་ལས་འབྲིང་ཆུང་1000གསར་སྣོན་བྱེད་པར་འབད་དགོས།བཟོ་སྐྲུན་ལས་རིགས་ཀྱི་རྐང་འཛིན་འགྲན་རྩོད་ནུས་པ་ཇེ་དྲག་ཏུ་གཏོང་བའི་ལོ་གསུམ་འགུལ་སྐྱོད་འཆར་གཞི་དང་རེབ་གསར་པའི་ལག་རྩལ་སྒྱུར་བཀོད་དང་རིམ་སྤར་ལས་གྲྭ་ལག་བསྟར་བྱེད་ཅིང།བཟོ་སྐྲུན་ལས་རིགས་དེ་གྲངས་འཛིན་ཅན་དང་དྲ་རྒྱ་ཅན། རིག་སྟོབས་ཅན།ལྗང་མདོག་ཅན་དུ་འཕོ་འགྱུར་འབྱུང་བར་སྐུལ་འདེད་གཏོང་དགོས། ཁྲལ་གཅོག་དཔང་འཕྲི་ཚད་འདེགསགསུམ་གྱི་ཐབས་བཀོད་དོན་འཁྱོལ་བྱེད་པ་དང།སྦྲེལ་དྲ་དང་གཞི་གྲངས་ཆེན་མོ་དང་མིས་བཟོས་རིག་སྟོབས་བཅས་དངོས་གཞིའི་དཔལ་འབྱོར་ལ་ཟབ་འདྲེས་བྱེད་པར་སྐུལ་འདེད་གཏོང་དགོས།ཁེ་ལས་པའི་སྙིང་སྟོབས་སྐུལ་སློང་དང་སྲུང་སྐྱོང་བྱེད་པ་དང།ངལ་རྩོལ་དཔེ་བཟང་གི་སྙིང་སྟོབས་དང་བཟོ་བོའི་སྙིང་སྟོབས་དར་སྤེལ་བྱས་ཏེ།ཤེས་ཡོན་ཅན་དང་ནུས་རྩལ་ཅན།གསར་གཏོད་ཅན་གྱི་ངལ་རྩོལ་པའི་དཔུང་དམག་འཛུགས་སྐྱོང་བྱེད་དགོས།གསུམ་དོར་གཅིག་གཅོག་གཅིག་གསབབསྟུད་མར་སྐུལ་སྤེལ་བྱེད་དགོས།ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན་གྱི་ཐབས་ལ་བརྟེན་ནས་ཨར་འདམ་དང་གློག་རྡོ།ཐཱན་འགྱུར་སྭེལ། བསྲེས་ལྕགས་སོགས་ལས་རིགས་ཀྱི་ཐོན་ནུས་འདོར་བ་རྒྱུན་འཁྱོངས་བྱེད་དགོས།སྡོད་ཁང་བོགས་གཏོང་ཁྲོམ་ར་དང་ལྷག་པར་ཡུན་རིང་བོགས་གཏོང་བྱེད་པ་འཕེལ་རྒྱས་སུ་གཏོང་བ་དང།ཞིང་ཆེན་གྲོང་ཁྱེར་(ཁུལ)རྫོང་བཅས་རིམ་པ་གསུམ་དྲ་སྦྲེལ་བྱས་པའི་ཁང་པ་བོགས་གཏོང་དང་ཕྱིར་འཚོང་གི་སྤྱི་པའི་ཞབས་ཞུ་ལས་སྟེགས་འཛུགས་དགོས།སྡོད་ཁང་བོགས་གཏོང་ཚོད་ལྟའི་གནས་སྐྱེད་སྲིང་བྱེད་པ་དང།ཡོང་འབབ་དམའ་འབྲིང་ཅན་གྱི་སྡོད་ཁང་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་འགན་སྲུང་བྱ་བ་ལེགས་པོར་བསྒྲུབ་དགོས།ས་ཁང་ཐོན་ལས་གསར་སྤེལ་ཁེ་ལས་ཀྱིས་བསྐྲུན་དང་སྐྲུན་བཞིན་པའི་ཚོང་སྤྱོད་ཁང་པ་དག་ཆ་རྐྱེན་ངེས་ཅན་འོག་ཏུ་ཁྱིམ་ཚང་སྡོད་ཁང་དང་རྒན་གསོ།ཡུལ་སྐོར། གློག་རྡུལ་ཚོང་དོན་སོགས་སུ་སྤྱོད་པའི་ཁང་པར་བསྒྱུར་ཆོགགཙོ་གནད་ཁེ་ལས་ཀྱིས་ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན་གྱི་སྒོ་ནས་བུ་ལོན་མ་རྐང་དུ་བསྒྱུར་བ་དང་ཟླ་སྒྲིལ་བསྐྱར་སྒྲིག་བྱེད་པ་སོགས་ཀྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ་དང།ཁེ་ལས་ཀྱིས་རང་དགར་སྐྱུར་བའི་མ་རྩ་ཕན་སྒྱུར་བྱེད་པར་བརྟེན་ནས་བུན་འགན་སྒྲིག་གཞི་ཇེ་ལེགས་སུ་གཏོང་བར་རྒྱབ་སྐྱོར་བྱེད་དགོས།ལམ་ལུགས་རང་བཞིན་གྱི་ཉོ་ཚོང་དང་ཁྲལ་རིན། གཙོ་རྒྱུའི་མ་རྩ་ཇེ་དམའ་རུ་གཏོང་བ་དང།ཁེ་ལས་དང་འབྲེལ་བའི་གླ་རིན་དང་སྒེར་གཅོད་རང་བཞིན་གྱི་བར་སྨྱན་ཞབས་ཞུ་གཙང་སེལ་དང་ཚད་ལྡན་དུ་གཏོང་དགོས།ཞན་ཆ་ཁ་གསབ་ཀྱི་བྱ་བ་སོ་སོ་གཅིག་གྱུར་འཆར་འགོད་ངང་ལེགས་པོར་བསྒྲུབ་དགོས།

(གསུམ)ཚན་རིག་དང་མཐུན་ཞིང་གནད་ལ་ཁེལ་བར་ཐབས་ཇུས་ལག་བསྟར་བྱས་ཏེ།དཔལ་འབྱོར་ནི་ལུགས་མཐུན་གྱི་བར་ཁོངས་སུ་འཁོར་རྒྱུག་བྱེད་པ་སྲུང་འཛིན་བྱེད་དགོས།གནད་འགག་ཚིགས་མཚམས་དམ་འཛིན་བྱེད་པ་དང།རྒྱུད་མཐུད་ནུས་ལྡན་སྒོས་ཤུགས་བརྒྱབ་སྟེ།དཔལ་འབྱོར་བརྟན་རླིང་ངང་བཟང་ཕྱོགས་སུ་འཕེལ་བའི་གནས་ཚུལ་སྲ་བརྟན་དུ་གཏོང་དགོས། ཤུགས་བཏོན་ནས་ཕན་ལྡན་གྱི་མ་དངུལ་གཏོང་འཇོག་གི་རྒྱ་བསྐྱེད་དགོས།ལས་གཞི་བྱུང་ལོའི་བྱེད་སྒོསྤེལ་ནས། ཁྱོན་ཡོངས་རང་བཞིན་དང་རྨང་གཞིའི་རང་བཞིན།འཐབ་ཇུས་རང་བཞིན་གྱི་ལས་གྲྭ་དང་ལས་གཞི་གལ་ཆེན་སྐོར་ཞིག་ཇུས་འགོད་དང་གྲབས་གསོག་བྱེད་དགོས་པ་དང།གོར་ཁྲིན་ལྕགས་ལམ་སོགས་ཀྱི་ལས་གཞིའི་དུས་སྔོན་བྱ་བ་སྒྲུབ་མགོ་རྩོམ་པར་འབད་དགོས།མ་དངུལ་གཏོང་འཇོག་འཆར་གཞི་དང་ལས་གཞིའི་མ་དངུལ་གཏོང་སྤྲོད་ཇེ་མགྱོགས་སུ་གཏོང་བ་དང། མ་དངུལ་སྔ་འདོན་གྱིས་ལས་གཞི་སྐོར་ཞིག་སྒྲུབ་མགོ་བརྩམས་ཏེ།མགྱོགས་མྱུར་ངང་དངོས་གཞིའི་གྲངས་ཚད་འགྲུབ་པར་བྱེད་པ་དང།སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་གྱི་མ་དངུལ་གཏོང་འཇོག་7%ཡས་མས་འཕར་དགོས།ཤུགས་བཏོན་ནས་བཟོ་ལས་ཀྱི་འཕར་སྣོན་བརྟན་སྲུང་བྱེད་དགོས།བཟོ་ལས་རྨང་བརྟན་འཕེལ་རྒྱས་ལོའི་བྱེད་སྒོ་སྤེལ་བ་དང།ལག་རྩལ་གསར་པ་དང་བཟོ་རྩལ་གསར་པ། རྒྱུ་ཆ་གསར་པ། སྒྲིག་ཆས་གསར་པ་བཅས་བཀོལ་ནས།ཚྭ་མཚོའི་རྫས་བཟོ་དང་མདོག་ལྡན་ལྕགས་ཞུ། ནུས་ཁུངས་རྫས་བཟོ། ཨར་ལས་རྒྱུ་ཆ།ཡང་བཟོ་འཐག་ལས་སོགས་སྲོལ་རྒྱུན་ཐོན་ལས་སྒྱུར་བཀོད་དང་མཐོར་འདེགས་བྱེད་པ་དང། ལྕགས་རིགས་མའེ་གཞི་གཅིག་ཅན་དང་ལེ་གཅིག་ཐང་ཚྭ་མཚོའི་ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་སོགས་ལས་གཞི་ལེགས་འགྲུབ་བྱེད་དགོས།ཚྭ་མཚོའི་ཐོན་ཁུངས་གསར་སྤེལ་དེ་རྒྱལ་ཁབ་འཐབ་ཇུས་ཀྱི་གོ་གནས་སུ་ཡར་སྟོད་དགོས།ལི་གློག་ཐོན་ལས་དང་འོད་ཝོལ་བཟོ་སྐྲུན་གྱི་ནུས་བསྐྱེད་རིམ་སྤར་དང། སྒྲིག་ཆས་བཟོ་སྐྲུན་དང་སྐྱེ་དངོས་ཐོན་སྐྱེད་ཀྱི་འཕེལ་རྒྱས།རྒྱུ་ཆ་གསར་པའི་ཐོན་ལས་སྦྲེལ་རྡང་བསྲིངས་བརྐྱངས། གནད་འགག་ལག་རྩལ་ཐོད་རྒལ།ཆ་འཕྲིན་ལག་རྩལ་ཉེར་སྤྱོད་དཔེ་སྟོན་བཅས་ལས་གྲྭ་ཆེན་པོ་ལྔ་ལག་བསྟར་བྱེད་དགོས།པི་ཡ་ཏིས་ཀྱི་ལི་གློག་སྨན་དང་གསེར་སྦྱངས་ཁུ་ནུའི་ལི་ཚྭ། ཀྲུང་ལི་འོད་སྐུད།སོལ་བཟོས་སིན་ཐིན་སོགས་ཀྱི་ལས་གཞི་སྐུལ་སྤེལ་བྱེད་དགོས། ཁེ་ལས་རེར་སྲིད་ཇུས་རེལྟར་རྡོ་སོལ་དང།གློག རླངས་སྣུམ། སོལ་རླུང།སྐྱེལ་འདྲེན་སོགས་གཙོ་རྒྱུ་མཐུན་སྦྱོར་དང་འགན་སྲུང་བྱེད་པའི་བྱ་བ་ལེགས་པོར་སྒྲུབ་པ་དང།ཐོན་ལས་སྟོད་སྨད་སྦྲེལ་མཐུད་དམ་པོ་བྱེད་དགོས། སྐྲུན་བཞིན་པའི་ལས་གཞི་ལ་རྗེས་འདེད་ཞབས་ཞུ་སྒྲུབ་པ་དང།ཁེ་ལས་ལ་ཐོན་ལས་རྒྱ་སྐྱེད་དང་འཚོང་རྒྱུག་སྐུལ་འདེད་ཀྱི་རོགས་རམ་བྱེད་དགོས།ཤུགས་བཏོན་ནས་འཛད་སྤྱོད་ཀྱི་རིམ་པ་འཕར་བར་སྐུལ་འདེད་བྱ་དགོས།ཞབས་ཞུ་ལས་རིགས་ཀྱི་སྤུས་ཚད་མཐོར་འདེགས་དང་ཞབས་ཞུ་ལས་རིགས་ཚད་ལྡན་ཅན་འཕེལ་རྒྱས་ཀྱི་ཆེད་དམིགས་འགུལ་སྐྱོད་སྤེལ་བ་དང།རེབ་གསར་པའི་ཞབས་ཞུ་ལས་རིགས་ཀྱི་ཕྱོགས་བསྡུས་བཅོས་སྒྱུར་གྱི་ཚོད་ལྟའི་གནས་གཏིང་ཟབ་ཏུ་སྐུལ་སྤེལ་བྱེད་དགོས།འཛད་སྤྱོད་རྒྱ་བསྐྱེད་ཀྱི་འགུལ་སྐྱོད་ཆེན་པོ་བཅུལག་བསྟར་བྱེད་པར་སྐུལ་འདེད་གཏོང་བ་དང།སྤྱི་ཚོགས་སྟོབས་ཤུགས་ཀྱིས་ཡུལ་སྐོར་དང་རིག་གནས། ལུས་རྩལ། བདེ་ཐང།རྒན་གསོ་སོགས་བདེ་སྐྱིད་ཐོན་ལས་ཤུགས་ཆེན་པོས་སྐུལ་འདེད་གཏོང་དགོས།ཁྱིམ་སྡོད་དང་སྡེ་ཁུལ་གྱི་རྒན་གསོ་ཞབས་ཞུའི་རྒྱལ་ཁབ་རིམ་པའི་བཅོས་སྒྱུར་ཚོད་ལྟའི་གནས་སྤེལ་བ་དང།བདེ་གསོ་ཐོན་ལས་མགྱོགས་པོར་འཕེལ་རྒྱས་སུ་གཏོང་དགོས། འཛད་སྤྱོད་དངོས་པོའི་བཟོ་ལས་ཀྱི་རིགས་སྣ་འཕར་སྣོན་དང་རྒྱུ་སྤུས་མཐོར་འདེགས།ཚོང་རྟགས་གསར་སྐྲུན་བྱེད་པར་སྐུལ་འདེད་དང།གྲངས་འཛིན་ཁྱིམ་ཚང་དང་རྒྱང་རིང་གཏན་འབེབས།རོལ་མྱོང་མཉམ་སྤྱོད་སོགས་ཀྱི་འཛད་སྤྱོད་མ་དཔེ་གསར་པ་འཕེལ་རྒྱས་སུ་གཏོང་དགོས།ཞབས་ཞུ་འཛད་སྤྱོད་དང་ནུས་སྲི་ཁོར་སྲུང་ཐཱན་དམའ་སོགས་ལྗང་མདོག་འཛད་སྤྱོད་ལ་སྐུལ་འདེད་གཏོང་དགོས།མིང་གྲགས་ཅན་གྱི་གློག་རྡུལ་ཚོང་དོན་ལས་སྟེགས་ལ་སྦྲེལ་ནས།ཞིང་ཆེན་ནང་ཁུལ་གྱི་ཐོན་རྫས་དྲ་ལམ་ནས་ཕྱིར་འཚོང་བའི་དངུལ་འབོར་ཇེ་མང་དུ་གཏོང་དགོས།སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་པོའི་སིལ་འཚོང་བསྡོམས་འབོར་9%ཡས་མས་འཕར་དགོས།ཤུགས་བཏོན་ནས་རིག་གནས་དང་ཡུལ་སྐོར་གཏིབ་ཟབ་ཏུ་འདྲེས་པར་སྐུལ་འདེད་བྱེད་དགོས།ཁུ་ནུ་རིག་གནས་དང་ཙོང་ཆུ་རིག་གནས་སོགས་ནང་དོན་ཕུན་སུམ་ཚོགས་པ་དག་གཏིང་ཟབ་ཏུ་སྔོག་འདོན་བྱེད་པ་དང།བློ་ཞིབ་མོས་ལཱ་ཅའི་རྒྱལ་ཁབ་གནའ་རྫས་བརྟག་དཔྱད་རྗེས་ཤུལ་གླིང་ག་སྐྲུན་པ་དང།རེབ་གོང་རིག་གནས་སྒྱུ་རྩལ་གོང་དུ་སྤེལ་བར་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་བ་དང།ཡུལ་སྐོར་དང་རིག་གནས་ཀྱི་ཐོན་ལས་ལ་གཅིག་གྱུར་འཆར་འགོད་ཀྱིས་མཉམ་དུ་འཕེལ་རྒྱས་སུ་གཏོང་དགོས།ཡུལ་སྐོར་ལས་རིགས་ནི་ས་ཁོངས་ཡོངས་ཁྱབ་ཅན་དང་དུས་ཚིགས་ཡོངས་ཁྱབ་ཅན།རིགས་སྣ་མང་པོ་ཅན་དུ་མགྱོོགས་མྱུར་ངང་འཕེལ་རྒྱས་སུ་གཏོང་བ་དང། རིག་སྟོབས་ཡུལ་སྐོརའཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས།ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་20%འཕར་བ་མངོན་འགྱུར་བྱེད་དགོས།སྤྱོད་ཁང་གསར་བརྗེའིལོ་གསུམ་གྱི་འགག་གཏོར་འཆར་གཞི་སྐུལ་སྤེལ་དང།སྐྱེ་ཁམས་ཡུལ་སྐོར་དང་རང་གིས་རླངས་འཁོར་སྐོར་བའི་ཡུལ་སྐོར་གྱི་དཔེ་སྟོན་ཞིང་ཆེན་གསར་སྐྲུན་བྱེད་དགོས།བཙུན་མོ་དམར་ཡག་དང་ཚྭ་ཁའི་ཚྭ་མཚོ་སོགས་A5རིམ་པའི་མཛེས་ལྗོངས་སུ་བསྐྲུན་པར་སྐུལ་འདེད་བྱེད་པ་དང།བློ་ཞིབ་མོས་ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་ཐོན་རྫས་ཚོགས་ཆེན་འཚོག་པར་གྲ་སྒྲིག་བྱེད་དགོས།

(བཞི)སྐྱེ་ཁམས་དཔལ་ཡོན་གྱི་ལམ་སྲོལ་བཅོས་སྒྱུར་གྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་སྟེ།ལྗང་མདོག་འཕེལ་རྒྱས་ལ་ཡར་རྒྱས་གསར་པ་ཐོབ་པར་སྐུལ་འདེད་བྱེད་དགོས།སྐྱེ་ཁམས་སྲུང་སྐྱོང་དམིིགས་སུ་བཀར་བར་བརྟེན་ནས་དཔལ་འབྱོར་འཕེལ་རྒྱས་མཐུན་སྦྱོར་ངང་སྐུལ་སྤེལ་བྱེད་དགོས།  ལྗང་མདོག་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་དགོས།ལྗང་མདོག་གི་བཟོ་སྐྲུན་ལས་གྲྭ་ཤུགས་ཆེན་པོས་ལག་བསྟར་བྱེད་པ་དང།སྐྱེ་ཁམས་བེད་སྤྱོད་ཅན་དང་འཁོར་སྐྱོད་ཕན་མཐོ་ཅན། ཐཱན་དམའ་དྭངས་གཙང་ཅན།ཁོར་ཡུག་བཅོས་སྐྱོང་ཅན་གྱི་ལྗང་མདོག་ཐོན་ལས་ལས་གཞི་སྐོར་ཞིག་ཇུས་འགོད་བྱས་ཏེ།དྭངས་གཙང་ནུས་ཁུངས་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་དགོས།གཙང་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་གི་ལྗང་མདོག་དངུལ་བསྡུ་བཅོས་སྒྱུར་ཚོད་ལྟའི་གནས་ལེགས་པོར་སྒྲུབ་པ་དང།ཐཱན་འབུད་དབང་དང་སྦགས་བཙོག་འབུད་དབང་།ནུས་ཁུངས་སྤྱོད་དབང་སོགས་ཁོར་ཡུག་ཁེ་དབང་གི་མ་དངུལ་བསྡུ་རུབ་ཡོ་བྱད་ཧུར་ཐག་གིས་འཚོལ་ཞིབ་བྱེད་དགོས།གྲོན་ཆུང་དང་ཞིབ་བསྡུས་དང་འཁོར་སྐྱོད་ངང་བེད་སྤྱོད་པའི་ཐོན་ཁུངས་ལྟ་བ་རྒྱུད་ལ་ཆགས་སུ་འཇུག་པ་དང།བཟོ་ལས་ནུས་སྲི་དང་ལྗང་མདོག་ཚད་ལྡན་ཅན་གྱི་འགུལ་སྐྱོད་སྤེལ་དགོས།བཟོ་ལས་ཀྱི་ཁེ་ལས་ནུས་ཕྱོད་མདུན་དུ་རྒྱུག་མཁནལམ་ལུགས་དོན་ཐོག་ཏུ་འཁྱོལ་བར་བྱེད་པ་དང། ནུས་སྲི་སྙིགས་ཕྲིའི་ཚད་ཐིག་རྒྱལ་ཁབ་ཀྱིས་གཏན་ལ་ཕབ་པའི་དམིགས་འབེན་གྱི་མན་ཆད་དུ་ཚོད་འཛིན་བྱེད་དགོས།ལྗང་མདོག་ལམ་ལུགས་འཐུས་ཚང་དུ་གཏོང་དགོས།བར་སྟོང་འཆར་འགོད་ལམ་ལུགས་ཀྱི་བཅོས་སྒྱུར་ཟབ་སྤེལ་དང།རྒྱལ་ཁྱབ་སྤྱི་གླིང་ལམ་སྲོལ་གྱི་ཚོད་ལྟའི་གནས་ལེགས་པོར་སྒྲུབ་དགོས།སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་བྱེད་པའི་ལམ་སྲོལ་གྱི་ཚོད་ལྟའི་གནས་སྤེལ་བ་དང།རྒྱལ་ཁབ་སྤྱི་གླིང་གཙོ་གཞི་བྱས་པའི་རང་བྱུང་སྲུང་སྐྱོང་བྱེད་སའི་མ་ལག་འཛུགས་སྐྱོང་ལ་འཚོལ་ཞིབ་བྱེད་དགོས།གཞུང་དབང་རང་བྱུང་ཐོན་ཁུངས་དང་རྒྱུ་ནོར་དོ་དམ་དང།སྐྱེ་ཁམས་ཁོར་ཡུག་གི་ལྟ་སྐུལ་དོ་དམ། སྐྱེ་ཁམས་བར་སྟོང་གི་སྤྱོད་སྒོ་དོ་དམ་ཚོད་འཛིན།སྐྱེ་ཁམས་སྐྱིན་གསབ་སོགས་སྐྱེ་ཁམས་དཔལ་ཡོན་གྱི་ལམ་སྲོལ་བཅོས་སྒྱུར་དོན་འཁྱོལ་དང་ཟབ་སྤེལ་བྱེད་དགོོས།ཚན་རིག་དང་མཐུན་པར་ཁུལ་གསུམ་ཐིག་གསུམགྱི་དབྱེ་མཚམས་གཏན་ལ་འབེབས་པ་དང།ཐཱན་འདུས་ཉོ་ཚོང་གི་ཚོད་ལྟའི་གནས་སྐུལ་སྤེལ་བྱེད་དགོས། ཁོར་སྲུང་ལས་ཁུངས་ཀྱི་ལྟ་འཇལ་ལྟ་ཞིབ་ཁྲིམས་བསྟར་བཅས་ལ་ཐད་ཀའི་དོ་དམ་བྱེད་པའི་ལམ་ལུགས་བཅོས་སྒྱུར་ལེགས་འགྲུབ་ཡོང་བར་བྱེད་དགོས།ལྗང་མདོག་ལས་གྲྭར་དམ་འཛིན་ནན་མོ་བྱེད་དགོས།གཙང་གསུམ་འབྱུང་ཡུལ་གྱི་ལས་སྐབས་གཉིས་པ་དང།མཚོ་སྔོན་པོའི་མཐའ་སྐོར་གྱི་ལས་སྐབས་གཉིས་པ། རང་བྱུང་ནགས་ཚལ་སྲུང་སྐྱོང།ས་ཆུ་སྲུང་འཛིན་སོགས་གཙོ་གནད་སྐྱེ་ཁམས་ལས་གཞི་སྐུལ་སྤེལ་བྱེད་དགོས།རྨོ་སྐྱུར་ནགས་འཛུགས་རྩྭ་གསོ་མུ་མཐུད་དུ་ལག་བསྟར་བྱེད་པ་དང།མདོ་ལ་རིང་མོའི་རི་ཆུ་ནགས་ཞིང་མཚོ་སྤང་བཅས་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོའི་ཚོད་ལྟའི་གནས་ལེགས་པོར་སྒྲུབ་དགོས།མདོ་ལ་རིང་མོའི་སྐྱེ་ཁམས་སྤོ་སྣུར་གྱི་ཚོད་ལྟའི་གནས་སྤེལ་མགོ་རྩོམ་པ་དང།རྒྱལ་ཁབ་ཀྱི་ཙོང་ཆུའི་ནགས་ར་གཞི་ཁྱོན་ཅན་འཛུགས་སྐྲུན་གྱི་ཚོད་ལྟའི་གནས་དང་ཟི་ལིང་སྐྱེ་ཁམས་ནགས་ཚལ་གླིང་གའི་འཛུགས་སྐྲུན་ལ་དམ་འཛིན་བྱེད་དགོས།བརླན་སའི་སྲུང་སྐྱོང་དང་སླར་གསོ་ལ་ཤུགས་སྣོན་རྒྱག་པ་དང། ས་ནག་གྲམ་པ་ཚན་རིག་དང་མཐུན་པར་བཅོས་སྐྱོང་བྱེད་ཤུགས་ཇེ་ཆེར་གཏོང་དགོོས།སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོའི་ཆེད་ལས་ཁེ་ལས་གསོ་སྐྱོང་བྱེད་པ་དང།རྒྱལ་ཁོངས་ལྗང་བསྒྱུར་ཇེ་མགྱོགས་སུ་གཏོང་བའི་ལོ་གསུམ་འགུལ་སྐྱོད་ཀྱི་འཆར་གཞི་ལག་བསྟར་བྱས་ཏེ།བཙུགས་ནགས་མུའུ་ས་ཡ་4གསར་དུ་འཕར་དགོས།

(ལྔ)སྤྱི་ཚོགས་ཀྱི་འགལ་བ་གཙོ་བོར་རྩེ་གཅིག་ཏུ་དམིགས་ཏེ།འཕེལ་རྒྱས་ཀྱི་ཁྲོད་ནས་དམངས་ཚིས་འགན་སྲུང་དང་ལེགས་བཅོས་བྱེད་དགོས།གཞི་རྩའི་སྤྱི་པའི་ཞབས་ཞུ་ཆ་སྙོམས་ཅན་དུ་སྒྱུར་བའི་འཆར་འགོད་དང་གསལ་ཐོ་དོན་འཁྱོལ་དང།དམངས་ཚིས་སྐོར་གྱི་ལས་གཞི་དང་ལས་གྲྭ་ལག་བསྟར་བྱས་ཏེ། གཞི་རྩའི་སྤྱི་པའི་ཞབས་ཞུའི་ཚད་ལྡན་ཅན་དུ་བསྒྱུར་བར་སྐུལ་འདེད་བྱེད་དགོས།  ལས་ཞུགས་དང་ཡོང་འབབ་འཕར་སྣོན་གྱི་ཐད་ནས།ལས་ཞུགས་རོགས་སྐྱོར་གྱི་བྱེད་སྒོ་སྣ་ཚོགས་སྤེལ་བ་དང།སློབ་ཆེན་མཐར་ཕྱིན་སློབ་མ་དང། ཐོན་ནུས་དོར་ནས་ཁག་བགོས་བགྱིས་པའི་ལས་བཟོ་པ།གསར་སྐྱེས་གླ་རྒྱག་ཞིང་པ། ལས་ཞུགས་དཀའ་ངལ་ཡོད་མཁན།དམག་ལོག་ལས་སྒྱུར་བཀོད་སྒྲིག་བྱས་པའི་མི་སྣ་སོགས་གཙོ་གནད་མི་ཚོགས་ཀྱི་ལས་ཞུགས་བྱ་བ་ལེགས་པོར་བསྒྲུབས་ཏེ།སློབ་ཆེན་མཐར་ཕྱིན་སློབ་མའི་ལས་ཞུགས་བྱས་ཕྱོད་85%ཡན་ལ་སླེབས་པ་ཁག་ཐེག་བྱེད་དགོས།ལས་ཁུངས་དང་ཁེ་ལས་དོན་ལས་སྡེ་ཚན་གྱི་ཟླ་ཕོགས་ལམ་ལུགས་བཅོས་སྒྱུར་ཟབ་སྤེལ་བྱས་ཏེ།ཐབས་ལམ་མང་པོ་ནས་ནུས་རྩལ་འཇོན་མི་དང་ལས་རིགས་རོང་འབྲོག་པ་གསར་པ། ཚན་རྩལ་མི་སྣ།གཞི་རིམ་ལས་བྱེད་པ་སོགས་ཀྱི་ཡོང་འབབ་འཕར་སྣོན་བྱེད་དགོས།སློབ་གསོ་འཕེལ་རྒྱས་ཀྱི་ཐད་ནས།སློབ་གསོའི་བཀོད་པ་ལེགས་སྒྱུར་བྱེད་པ་དང།སྐབས་གསུམ་པའི་སློབ་སྔོན་སློབ་གསོའི་འགུལ་སྐྱོད་འཆར་གཞི་དང་མཐོ་འབྲིང་གི་འགག་གཏོར་འཆར་གཞི་ཕྱོགས་ཡོངས་ནས་སྒྲུབ་མགོ་བརྩམས་ཏེ།གཞུང་གཉེར་སློབ་སྔོན་སློབ་གསོ་དང་མཐོ་འབྲི་སྐབས་ཀྱི་སློབ་གསོའི་ཐོན་ཁུངས་རྒྱ་བསྐྱེད་དགོས་པ་དང།འགན་བབས་སློབ་གསོའི་སྐབས་ཀྱི་སློབ་ཤོར་ཚོད་འཛིན་དང་སློབ་གྲངས་སྲུང་འཛིན་གྱི་བྱ་བར་ཤུགས་སྣོན་རྒྱག་དགོས།སློབ་གསོའི་ཐོན་ཁུངས་མི་འདང་བ་མི་ལེགས་པ་དང་སློབ་གསོའི་སྤུས་ཚད་མི་མཐོ་བ་སོགས་ཀྱི་འབུར་ཐོན་གནད་དོན་ཤུགས་བཏོན་ནས་ཐག་གཅོད་དགོས་པ་དང།ཕྲུ་གུ་སྙོར་སྐྱོང་དང་བྱིས་པའི་སྔ་དུས་སློབ་གསོའི་ཞབས་ཞུ་དགོས་མཁོ་ཐག་གཅོད་པར་ཞིབ་འཇུག་བྱེད་དགོས།ལས་རིགས་སློབ་གསོའི་གཙོ་གཅིག་ཕལ་ལྔསྲིད་ཇུས་མ་ལག་འཛུགས་སྐྱོང་བྱེད་དགོས།སློབ་ཆེན་དོན་སྙིང་ལྡན་པར་འཕེལ་རྒྱས་དང།ཐོན་ལས་དང་སློབ་ཁྲིད་མཉམ་འདྲེས་ཡོང་བར་སྐུལ་འདེད་བྱེད་དགོས།རིག་གནས་དམངས་ཕན་གྱི་ཐད་ནས།བོད་ཆཱང་དབྱི་གསུམ་གྱི་རིག་གནས་ཐོན་ལས་ཁྱམས་རིང་དང་རྒྱལ་ཁབ་ཀྱི་རིག་གནས་འཛད་སྤྱོད་ཚོད་ལྟའི་གྲོང་ཁྱེར་འཛུགས་སྐྲུན་ལ་ཧུར་ཐག་གིས་སྐུལ་འདེད་བྱེད་དགོས།སྡེ་བ་རིམ་པའི་ཕྱོགས་བསྡུས་རིག་གནས་ཞབས་ཞུ་ལྟེ་གནས་540བསྐྲུན་ཚར་དགོས་ལ།རྒྱང་བསྒྲགས་བརྙན་འཕྲིན་སྡེ་བ་ཀུན་ཏུ་ཁྱབ་པ་དེ་ཁྱིམ་ཚང་ཀུན་ཏུ་ཁྱབ་པར་རིམ་སྤར་བྱེད་དགོས།འཕྲོད་བསྟེན་བདེ་ཐང་ཐད་ནས།རིམ་དབྱེ་སྨན་བཅོས་དང་ཁྱིམ་ཚང་སྨན་པའི་ཆིངས་བཞག་ཞབས་ཞུ།ཞིང་ཆེན་བརྒལ་ནས་ཡུལ་གཞན་དུ་སྨན་བཅོས་བྱས་པར་ཐད་ཀར་སྡོམ་རྩིས་རྒྱག་པ་སོགས་གཏིང་ཟབ་ཏུ་སྤེལ་བ་དང།དེང་རབས་སྨན་ཁང་གི་དོ་དམ་ལམ་ལུགས་འཐུས་སྒོ་ཚང་བར་གཏོང་དགོས།ཐུམ་པའི་ནད་སོགས་འགོས་ནད་ཆེ་གྲས་དང་ས་གནས་ནད་གཞི་འགོག་བཅོས་བྱེད་ཤུགས་ཇེ་ཆེར་གཏོང་བ་དང།ཀུན་ཤེས་སྨན་པ་སྐྱེད་སྲིང་བྱེད་པར་ཤུགས་སྣོན་རྒྱག་དགོས།རིག་སྟོབས་སྨན་བཅོས་དང་བདེ་ཐང་ཐོན་ལས་འཕེལ་རྒྱས་སུ་གཏོང་བ་དང།གཞི་རིམ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱི་ཞབས་ཞུ་ནུས་པ་དང་སྤུས་ཚད་ཇེ་མཐོར་གཏོང་དགོས།བོད་ལུགས་གསོ་སྨན་རྒྱུད་འཛིན་དང་གསར་གཏོད་བྱེད་པར་སྐུལ་འདེད་གཏོང་བ་དང།དམངས་ཡོངས་ལུས་སྦྱོང་བྱེད་སྒོ་དང་རྒྱལ་གཅེས་འཕྲོད་བསྟེན་འགུལ་སྐྱོད་ཤུགས་ཆེན་པོས་སྤེལ་དགོས།གྲ་སྒྲིག་གང་ལེགས་བགྱིས་ཏེ་སྐབས་བཅུ་བདུན་པའི་ཞིང་ཆེན་ལུས་རྩལ་འགྲན་ཚོགས་སྤེལ་དགོས།སྤྱི་ཚོགས་འགན་སྲུང་ཐད་ནས།དམངས་ཡོངས་འགན་བཅོལ་དུ་ཞུགས་པའི་འཆར་གཞི་མུ་མཐུད་དུ་དོན་འཁྱོལ་བྱེད་པ་དང།རྒན་གསོའི་མ་དངུལ་དུས་ལྟར་གྲངས་ཚང་སྟེར་བར་འགན་སྲུང་བྱེད་དགོས།སྤྱི་ཚོགས་རོགས་སྐྱོབ་དང་སྤྱི་ཚོགས་དགེ་ཕན། སྤྱི་ཕན་དགེ་ལས།ལྟ་སྐྱོང་བདེ་འགོད་བཅས་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་བྱེད་པ་དང། དབང་བོ་སྐྱོན་ཅན་གྱི་བདེ་ཐང་བསྐྱར་གསོ་ཞབས་ཞུ་ཇེ་བཟང་དུ་གཏོང་དགོས།སྡེ་ཁུལ་གྱི་ཉིན་མོ་སྙོར་སྐྱོར་ལྟེ་གནས་15དང་གྲོང་གསེབ་ཀྱི་རྒན་པའི་ཁྱིམ་གཞིས་50གསར་སྐྲུན་ནམ་རྒྱས་སྐྲུན་བྱེད་དགོས་པ་དང།སྨན་བཅོས་དང་སྙོར་སྐྱོང་ཟུང་འབྲེལ་གྱི་ཞབས་ཞུ་ལས་ཁུངས་སྐོར་ཞིག་བསྐྲུན་ནས།རྒན་པར་སྙོར་སྐྱོང་དང། རྒན་པར་བཀུར་བསྟི།རྒན་པར་སྲི་ཞུ་སྒྲུབ་པའི་སྲིད་ཇུས་མ་ལག་དང་སྤྱི་ཚོགས་ཁོར་ཡུག་འཛུགས་སྐྱོང་བྱེད་པར་ཤུགས་རྒྱག་དགོས།སྡོད་ཁང་འགན་སྲུང་གི་ཐད་ནས།ལོ་གསུམ་གྱི་སྤྱིལ་ཁུལ་སྒྱུར་བཀོད་འཆར་གཞི་གསར་པ་སྒྲུབ་མགོ་རྩོམ་པ་དང།གཞུང་གི་བོགས་གཏོང་ཁང་པའི་འགན་སྲུང་ནུས་ཤུགས་ཇེ་ཆེར་གཏོང་དགོས།གཞིས་ཁུལ་རྙིང་བ་སྒྱུར་བཀོད་ལག་བསྟར་བྱས་ཏེ།ལོ་འདིའི་ནང་དུ་མཁར་གྲོང་གི་སྤྱིལ་ཁྱིམ་ཁུལ་གྱི་ཁྱིམ་ཚང་ཁྲི་3.05སྒྱུར་བཀོད་བྱེད་པ་དང། དུད་ཁྱིམ་ཁྲི་2དང་རོང་འབྲོག་པའི་ཉེན་ཁང་དུད་ཁྱིམ་ཁྲི་6ཕྱོགས་བསྡུས་སྒྱུར་བཀོད་བྱེད་དགོས། དེ་དང་ཆབས་གཅིག་ཏུ། ཚོད་སླེལས་གྲྭ་མུ་མཐུད་དུ་སྐུལ་སྤེལ་བྱེད་པ་དང།ཁྲོམ་རའི་རིན་གོང་ཞིབ་བཤེར་དང་ཁྲིམས་བསྟར་བྱ་བ་དམ་འཛིན་བྱས་ཏེ།རིན་གོང་བརྟན་པོར་འཁོར་རྒྱུག་ཐུབ་པ་ཁག་ཐེག་བྱེད་དགོས།ས་གནས་ལོ་རྒྱུས་དང་ཚན་ཧྲི་སོགས་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང།ལོ་རྒྱུས་དང་ལོ་གསལ་མེ་ལོང་གཉིས་ཀ་ཚང་བའི་དམིགས་འབེན་མངོན་འགྱུར་ཡོང་བར་སྐུལ་འདེད་བྱས་ཏེ།སྲིད་དོན་སྐྱོང་རོགས་ཀྱི་བྱེད་ནུས་སྔར་བས་འདོན་སྤེལ་གང་ལེགས་བྱེད་དགོས།གཉིས་བཀུར་མཉམ་སྐྲུན་མུ་མཐུད་དུ་སྤེལ་ནས། དམག་སྲིད་དང་དམག་དམངས་ཀྱི་མཐུན་སྒྲིལ་སྲ་བརྟན་དུ་གཏོང་དགོས།

(དྲུག)སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་དང་གསར་གཏོད་བྱས་ཏེ།དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་འགྲོ་བའི་ཁོར་ཡུག་བཟང་པོ་སྐྲུན་དགོས།སྤྱི་ཚོགས་བཅོས་སྐྱོང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང།སྤྱི་ཚོགས་བཅོས་སྐྱོང་བྱེད་པ་སྤྱི་ཚོགས་ཅན་དང། ཁྲིམས་སྐྱོང་ཅན། རིག་སྟོབས་ཅན།ཆེད་ལས་ཅན་དུ་སྒྱུར་བའི་ཆུ་ཚད་ཇེ་མཐོར་གཏོང་དགོས།མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་སྐྱོད་ཁུལ་གསར་སྐྲུན་གཏིང་ཟབ་ཏུ་སྤེལ་དགོས།བཅའ་ཁྲིམས་ལ་བརྟེན་ནས་འཇིག་རྟེན་བདེ་བར་སྐྱོང་བ་དང།སློབ་གསོ་ལ་བརྟེན་ནས་མི་སེམས་ལེགས་པར་འགུགས་པ་རྒྱུན་འཁྱོངས་བྱེད་པ་དང། མཐུན་པ་དྲུགགི་ལས་གྲྭ་དང་སྤེལ་བ་དགུགསར་སྐྲུན་གཏིང་ཟབ་ཏུ་སྤེལ་ནས།མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ལས་ཁུངས་དང་སློབ་གསོ་རྟེན་གཞི་སྐོར་ཞིག་འཛུགས་སྐྲུན་བྱེད་དགོས།མི་རིགས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་དང་གཞི་རྩའི་སྤྱི་པའི་ཞབས་ཞུ་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང།ཕུལ་དུ་བྱུང་བའི་དམངས་སྲོལ་ཐོན་ལས་མགྱོགས་མྱུར་ངང་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱེད་དགོས།རིགས་སོ་སོའི་མི་དམངས་ཀྱིས་མཉམ་དུ་མཐུན་སྒྲིལ་འབད་བརྩོན་དང།མཉམ་དུ་དར་རྒྱས་གོང་སྤེལ་གཏོང་བར་སྐུལ་འདེད་བྱས་ནས།ལྟེ་བ་གཅིག་མཐུན་གྱི་སྒོར་དབྱིབས་ཆེས་ཆེ་བ་འབྲི་དགོས།ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པར་ཤུགས་སྣོན་རྒྱག་པ་དང།ཧུར་ཐག་གིས་ཆོས་ལུགས་ནི་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་པར་སྣེ་ཁྲིད་བྱེད་དགོས།སྤྱི་ཚོགས་འགལ་བ་སྔོན་འགོག་དང་སྡུམ་སེལ་བྱེད་པར་ཤུགས་སྣོན་རྒྱག་དགོས།སྤྱི་ཚོགས་འགལ་བར་རྩད་ཞིབ་བྱེད་པ་དང་ཉེན་བརྡ་གཏོང་བའི་རྐྱེན་སྲོལ་དང།ཇུས་ཆོད་ཆེ་གྲས་ཀྱི་སྤྱི་ཚོགས་གཏན་འཇགས་ཉེན་ཁ་དཔྱད་འཇོག་བྱེད་པའི་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས།འགལ་བ་སྣ་ཚོགས་ཁུངས་མགོ་ནས་ཞི་བའམ་སེལ་བའམ་ཐག་གཅོད་བྱེད་དགོས། རིགས་སྣ་གསུམ་དང་རིམ་པ་བཞིའིིབཅོས་སྐྱོང་མ་དཔེ་ཁྱབ་གདལ་དུ་བཏང་ནས།སྲིད་གཞུང་གིས་བཅོས་སྐྱོང་དང་སྤྱི་ཚོགས་ཀྱིས་བར་འདུམ།སྡོད་དམངས་ཀྱིས་རང་སྐྱོང་བཅས་བཟང་གཤིས་མཉམ་འགུལ་ཐུབ་པ་མངོན་འགྱུར་བྱེད་དགོས།ཁྲིམས་སྐྱོང་མཚོ་སྔོན་དང་བདེ་འཇགས་མཚོ་སྔོན།ཡིད་རྟོན་མཚོ་སྔོན་བཅས་ཀྱི་འཛུགས་སྐྲུན་གཏིང་ཟབ་ཏུ་སྤེལ་དགོས།ལངས་གཟུགས་ཅན་གྱི་སྤྱི་ཚོགས་བདེ་སྲུང་གི་འགོག་འཛིན་མ་ལག་འཐུས་ཚང་དུ་བཏང་ནས།ཁྲིམས་འགལ་ནག་ཉེེས་ཀྱི་བྱ་སྤྱོད་སྣ་ཚོགས་ལ་ཁྲིམས་ལྟར་རྡུང་རྡེག་གཏོང་བ་དང། གཉིས་རྒོལ་གཅིག་འགོགརྒྱུན་འཁྱོོངས་ལྷོད་མེད་བྱེད་དགོས།དུས་རབས་ཀྱི་དར་སྲོལ་གསར་པ་དར་སྤེལ་གྱི་འགུལ་སྐྱོད་སྤེལ་བ་དང། སྤྱི་ཚོགས་ཀུན་སྤྱོད་དང་ལས་རིགས་ཀུན་སྤྱོད།ཁྱིམ་རྒྱུད་སྤྱོད་བཟང། མི་སྒེར་སྤྱོད་ལམ་བཅས་ཀྱི་སློབ་གསོར་ཤུགས་སྣོན་དང།ཀུན་སྤྱོད་སྤེལ་བའི་གཤིན་ས་གསོ་སྐྱོང་བྱས་ཏེ།ཡར་ཐོན་དགེ་སྒྲུབ་དང་བདེ་ཐང་འཆམ་མཐུན་གྱི་དཔལ་ཡོན་དར་སྲོལ་ཆགས་སུ་འཇུག་དགོས།སྔོན་ཇུས་ཞིབ་ཅིང་ཚགས་པར་སྒྲུབ་པ་དང། མཉམ་སྒྲུབ་མཉམ་འགུལ་ལ་ཤུགས་སྣོན་བརྒྱབ་སྟེ།ཕན་ནུས་ལྡན་པའི་སྒོ་ནས་ས་ཡོམ་དང་ཐན་པ། ཆར་ཞོད། གངས་འཁྱགས།འདམ་རུད་སོགས་རང་བྱུང་གནོད་འཚེ་ལ་ཁ་གཏད་འཇལ་དགོས།ཉེན་མེད་ཐོན་སྐྱེད་དང་ཟས་རིགས་སྨན་རྫས་ལ་ལྟ་སྐུལ་དོ་དམ་བྱེད་པར་ཤུགས་སྣོན་རྒྱག་པ་དང།གཞི་རིམ་གྱི་ཉེན་མེད་ཐོན་སྐྱེད་དྲ་མིག་ཅན་ཡོངས་སུ་ཁེབས་པ་མངོན་འགྱུར་བྱེད་དགོས།བདེ་འཇགས་དོན་རྐྱེན་ཚབས་ཆེན་འབྱུང་བ་མཐའ་གཅིག་ཏུ་གཏན་འགོག་དང། རོ་འཛིན་གྱི་བདེ་འཇགསཁག་ཐེག་བྱས་ནས།བདེ་འཇགས་ཐད་ནས་ཉེན་ཁ་འགོག་འཛིན་གྱི་ཟངས་གྱང་ལྕགས་རྩིག་བསྐྲུན་དགོས།

(བདུན)གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་ལ་གཅིག་གྱུར་འཆར་འགོད་བྱེད་པ་དམ་འཛིན་བགྱིས་ཏེ།འཕེལ་རྒྱས་ཀྱི་བར་སྟོང་གསར་པ་རྒྱུན་མི་ཆད་པར་རྒྱ་བསྐྱེད་དགོས།ཤར་ལྷོ་ནུབ་བྱང་ལ་གཅིག་གྱུར་འཆར་འགོད་དང།གྲོང་ཁྱེར་དང་གྲོང་གསེབ་མཉམ་འགུལ་ལ་སྐུལ་འདེད་བྱས་ཏེ།ས་ཁོངས་འཕེལ་རྒྱས་ཀྱི་མཐུན་སྦྱོར་རང་བཞིན་རྒྱུན་མི་ཆད་པར་ཇེ་དྲག་ཏུ་གཏོང་དགོས།གྲོང་གསེབ་དར་སྤེལ་འཐབ་ཇུས་ལག་བསྟར་བྱེད་དགོས།གྲོང་གསེབ་དར་སྤེལ་འཐབ་ཇུས་ཀྱི་འཆར་འགོད་གཏན་ལ་འབེབས་པ་དང།ཞིང་ཕྱུགས་ལས་ཀྱི་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞིའི་རང་བཞིན་གྱི་བཅོས་སྒྱུར་ཟབ་སྤེལ་དང།སྤུས་ཚད་ལ་བརྟེན་ནས་ཞིང་ལས་དར་རྒྱས་དང་ལྗང་མདོག་གི་སྒོ་ནས་ཞིང་ལས་དར་སྤེལ་བྱེད་པའི་རྒྱུན་སྐྱོང་དགོས།ཞིང་ཕྱུགས་ལས་ལ་ཐོན་ཚད་འཕར་སྣོན་གྱིས་ཕྱོགས་ཁྲིད་བྱེད་པ་དེ་མགྱོགས་མྱུར་ངང་སྤུས་ཚད་མཐོར་འདེགས་ཀྱིས་ཕྱོགས་ཁྲིད་བྱེད་པར་བསྒྱུར་དགོས་དང།དེང་རབས་ཞིང་ཕྱུགས་ལས་ཀྱི་ཐོན་ལས་མ་ལག་དང་། ཐོན་སྐྱེད་མ་ལགབདག་གཉེར་མ་ལག་བཅས་མགྱོགས་མྱུར་ངང་འཛུགས་སྐྱོང་བྱེད་དགོས།རོང་འབྲོལ་ཁུལ་གྱི་ཐོན་ལས་དང་པོ་གཉིས་པ་གསུམ་པ་མཉམ་འདྲེས་ངང་འཕེལ་རྒྱས་གཏོང་བར་སྐུལ་འདེད་བྱས་ཏེ།ཞིང་ཕྱུགས་ལས་ཀྱི་ཕྱོགས་བསྡུས་ཕན་འབྲས་དང་འགྲན་རྩོད་ནུས་ཤུགས་རྒྱུན་མི་ཆད་པར་ཇེ་མཐོར་གཏོང་དགོས།རིགས་དབྱེ་མཛུབ་སྟོན་འབུར་དུ་དོད་ནས། འབྲུ་རིགས་ཐོན་སྐྱེད་ཀྱི་རྩོལ་ནུས་ཁུལ་དང་ཞིང་ལས་ཐོན་རྫས་གལ་ཆེན་གྱི་ཐོན་སྐྱེད་སྲུང་སྐྱོང་ཁུལ་གྱི་དབྱེ་མཚམས་བགོད་དགོས་པ་དང།འབྲུ་རིགས་ཉེན་མེད་ཀྱི་འགན་འཁྲི་ལམ་ལུགས་ནན་ཏན་གྱིས་དོན་འཁྱོལ་བྱེད་དགོས།ཤར་རྒྱུད་ཀྱི་ཁྱད་ལྡན་འདེབས་གསོའི་ཕན་མཐོ་དཔེ་སྟོན་ཁུལ་དང། མཚོ་སྔོན་པོའི་མཐའ་སྐོར་གྱི་ཞིང་ཕྱུགས་སྣོལ་མའི་འཁོར་སྐྱོད་འཕེལ་རྒྱས་སྔོན་སྐྱོད་ཁུལ།མཚོ་སྔོན་ལྷོ་རྒྱུད་ཀྱི་སྐྱེ་ཁམས་སྐྱེ་ལྡན་ཕྱུགས་ལས་སྲུང་སྐྱོང་འཕེལ་རྒྱས་ཁུལ།རྨ་ཆུ་འབབ་རྒྱུད་ཀྱི་ཆུ་འཁྱག་གསོ་སྤེལ་འོས་འཚམ་གསར་སྤེལ་རྒྱུད་བཅས་ཧུར་ཐག་གིས་སྐྲུན་དགོས།ནོར་གནག་དང་འབྲོག་ལུག ཆུ་འཁྱག་ཉ་མོ། འཕང་འབྲས།གཟན་རྩྭ་སོགས་ཀྱི་ཐོན་ལས་སྟོབས་དང་ལྡན་པར་གཏོང་དགོས།དེང་རབས་ཞིང་ལས་ཐོན་ལས་གླིང་མགྱོགས་མྱུར་ངང་འཛུགས་སྐྲུན་བྱེད་པ་དང།གྲོང་གསེབ་ཡུལ་སྐོར་སོགས་གསར་དར་ལས་རྣམ་འཕེལ་རྒྱས་སུ་བཏང་ནས།ཞིང་ཕྱུགས་ལས་ནི་མགྱོགས་མྱུར་ངང་ལྗང་མདོག་ཅན་དང་སྤུས་ལེགས་ཅན། ཁྱད་ཆོས་ཅན།ཚོང་རྟགས་ཅན་དུ་འཕེལ་རྒྱས་འགྲོ་བར་ཁྲིད་སྟོན་བྱེད་དགོས།རེབ་གཉིས་པའི་ས་ཞིང་འགན་གཙང་ལེན་བྱེད་ཡུན་ལོངས་རྗེས་ད་དུང་ལོ་སུམ་བཅུ་ཇེ་རིང་དུ་གཏོང་བའི་སྲིད་ཇུས་ཀྱི་གོ་སྐབས་བཟང་པོ་དམ་འཛིན་བྱས་ཏེ།དབང་གསུམསོ་སོར་དབྱེ་བའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང།བེད་མེད་དུ་ལུས་པའི་ཞིང་ཁང་དང་གཞིས་ས་ཕན་སྒྱུར་བྱེད་ཐབས་འཚོལ་ཞིབ་བྱེད་པ་དང།རྨོ་ཞིང་གི་བཟུང་སྤྱོད་དང་གསབ་དངུལ་དོ་མཉམ་ཡོང་བར་དོ་དམ་བྱེད་ཐབས་ཇེ་ལེགས་སུ་གཏོང་དགོས།གྲོང་གསེབ་ཀྱི་ཐུན་མོང་དཔལ་འབྱོར་གྱི་སྟོང་ཆ་གསབ་པའིལས་གྲྭ་སྒྲུབ་མགོ་རྩོམ་དགོས། རོང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་མགྱོགས་མྱུར་ངང་འཐུས་ཚང་དུ་གཏོང་བ་དང།གྲོང་གསེབ་ཀྱི་བསྒྱུར་བ་གཉིསསྐུལ་སྤེལ་དང།འཐུང་ཆུའི་བདེ་འཇགས་སྲ་བརྟན་མཐོར་འདེགས་ལས་གྲྭ་ལག་བསྟར་བྱེད་དགོས།གྲོང་གསེབ་ཀྱི་གཞུང་ལམ་སྤྱི་ལེ་6000བཅོས་སྐྲུན་དང་མཐོར་འདེགས་བྱེད་པ་དང།གྲོང་གསེབ་ཀྱི་གློག་དྲ་སྤྱི་ལེ་9228འཛུགས་སྐྲུན་དང་སྒྱུར་བཀོད་བྱེད་དགོས།སྡེ་བ་500ཡི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པ་དང།མཐོ་སྒང་གི་མཛེས་པའི་གྲོང་གསེབ་ད་དུང་300སྐྲུན་དགོས།གཞི་རིམ་གྱི་བཅོས་སྐྱོང་ནུས་པ་མཐོར་འདེགས་སུ་གཏོང་བ་དང། ཕ་ཡུལ་གྱི་བརྩེ་བབེད་སྤྱོད་གང་ལེགས་དང་འཇོན་མི་ནང་འདྲེན་ལག་ལེན་གང་ལེགས་བྱས་ནས།རིགས་མི་འདྲ་བའི་འཇོན་མི་རྣམས་རྒྱ་ཆེ་བའི་རོང་འབྲོག་ཁུལ་དུ་སོང་ནས་ནུས་རྩལ་འདོན་པར་སྐུལ་སློང་བྱེད་དགོས།ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་སུ་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་དགོས།ཟི་ལིང་གི་ཤོང་རྒྱ་ཇེ་ཆེ་དང་སྤུས་ཚད་ཇེ་མཐོར་གཏོང་བར་རྒྱབ་སྐྱོར་བྱས་ཏེ།ལྗང་མདོག་འཕེལ་རྒྱས་ཀྱི་དཔེ་མཚོན་གྲོང་ཁྱེར་སྐྲུན་དགོས།མཚོ་ཤར་གྱི་གྲོང་ཁྱེར་རྩོལ་ནུས་མགྱོགས་མྱུར་ངང་འཐུས་ཚང་དུ་གཏོང་བར་རྒྱབ་སྐྱོར་བྱས་ཏེ།ལན་ཟི་གྲོང་ཁྱེར་ཁྱུ་ཚོགས་ཀྱི་འཛུགས་སྐྲུན་དུ་བླ་ལྷག་གིས་འདྲེས་སུ་འཇུག་དགོས། མཚོ་ནུབ་ཀྱི་སྒོ་འབྱེད་ཁོར་ཡུག་ཇེ་ལེགས་སུ་གཏོང་བར་རྒྱབ་སྐྱོར་བྱས་ཏེ།སྒོ་འབྱེད་འཕེལ་རྒྱས་ཀྱི་འཐབ་ཇུས་འདེགས་གནས་འགྲུབ་དགོས།མཚོ་སྐོར་ས་ཁུལ་དུ་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཡུལ་སྐོར་དང་དེང་རབས་སྐྱེ་ཁམས་ཕྱུགས་ལས་དཔེ་སྟོན་ཁུལ་འཛུགས་པར་རྒྱབ་སྐྱོར་བྱས་ཏེ།ཁྱད་ཆོས་ལྡན་པའི་འཕེལ་རྒྱས་མངོན་འགྱུར་བྱེད་དགོས།མཚོ་སྔོན་ལྷོ་རྒྱུད་ས་ཁུལ་དུ་ལྗང་མདོག་སྐྱེ་ཁམས་ཐོན་རྫས་འདོན་སྤྲོད་བྱེད་གནས་དང་ཁྱད་ལྡན་རིག་གནས་ཉམས་ལེན་ཡུལ་སྐོར་བྱེད་ས་མགྱོགས་མྱུར་ངང་འཛུགས་པར་རྒྱབ་སྐྱོར་བྱས་ཏེ།སྲུང་སྐྱོབ་དང་འཕེལ་རྒྱས་འཆམ་མཐུན་ངང་ཡར་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས།རྫོང་ཁོངས་དཔལ་འབྱོར་སྣེ་མང་ཅན་དུ་འཕེལ་རྒྱས་གཏོང་བར་ཁྲིད་སྟོན་བྱེད་དགོས།ཞིང་ཆེན་ནང་ཁུལ་གྱི་རྨ་ཆུའི་སྐྱེ་ཁམས་དཔལ་འབྱོར་རྒྱུད་འཛུགས་སྐྲུན་མགྱོགས་མྱུར་ངང་ཇུས་འགོད་བྱེད་དགོས།གང་ཟག་ལྟེ་བར་འཛིན་པའི་མཁར་གྲོང་ཅན་གསར་པ་སྐུལ་སྤེལ་བྱེད་དགོས།གྲོང་ཁྱེར་དང་གྲོང་གསེབ་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བར་སྐུལ་འདེད་དང།སྡོད་དཔང་གི་སྤྱི་པའི་ཞབས་ཞུའི་འགན་སྲུང་རྩོལ་ནུས་རྒྱ་བསྐྱེད་གཏོང་དགོས།རོང་འབྲོག་ཁུལ་གྱི་རྒྱུ་ནོར་བདག་དབང་ངོས་འཛིན་ཐོ་འགོད་བྱ་བ་སྐུལ་སྤེལ་བྱེེད་པ་དང།གྲོང་ཁྱེར་འགྲིམ་པའི་གླ་རྒྱག་ཞིང་པའི་ས་ཞིང་འགན་གཙང་ལེན་དབང་ཆ་དང་ས་ཞིང་བདག་གཉེར་དབང་ཆ།གཞིས་ས་བེད་སྤྱོད་དབང་ཆ། ཐུན་མོང་ཁེ་སྤོགས་བགོ་བཤའི་དབང་ཆ་སོགས་སྲུང་སྐྱོང་བྱས་ཏེ།གྲོང་ཁྱེར་འགྲིམ་པའི་གླ་རྒྱག་ཞིང་པར་དབང་ཆ་དང་རྒྱུ་ནོར་ཁྱེར་ཐུབ་པ་དང་འབྱུང་འགྱུར་ལ་སེམས་ཁྲལ་མེད་པ་བྱེད་དགོས།ན་གོར་མོ་དང་གཏེར་ལེན་ཁ། ཡུལ་ཤུལ་སོགས་ས་ཁོངས་རང་བཞིན་གྱི་གྲོང་ཁྱེར་དར་ཞིང་རྒྱས་པར་གཏོང་བ་དང།ཆ་རྐྱེན་འཛོམས་པའི་རྫོང་རྣམས་རིམ་པ་བཞིན་གྲོང་ཁྱེར་(ཆུས)དུ་སྒྱུར་དགོས།མཁར་གྲོང་འཆར་འགོད་དང་འཛུགས་སྐྲུན་གྱི་དོ་དམ་ཆུ་ཚད་ཇེ་མཐོར་གཏོང་བ་དང། གྲོང་ཁྱེར་གྱི་གསོ་གཉིསདང་མཚོ་བལ་གྲོང་ཁྱེར་འཛུགས་སྐྲུན་གྱི་ཚོད་ལྟའི་གནས་སྤེལ་དགོས།ཤེས་རིག་གྲོང་ཁྱེར་དང་ལྗང་མདོག་གྲོང་ཁྱེར།མི་ཆོས་གྲོང་ཁྱེར་བཅས་ཀྱི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང།རིག་སྟོབས་འགྲིམ་འགྲུལ་ཧུར་ཐག་གིས་སྤེལ་ནས།འགྲིམ་འགྲུལ་འགག་སླ་བ་དང་རླངས་འཁོར་འཇོག་དཀའ་བ།རླངས་འཁོར་གང་སར་འཇོག་པ་སོགས་ཀྱི་གནད་དོན་ཤུགས་བཏོན་ནས་ཐག་གཅོད་བྱེད་དགོས།ལོ་རྒྱུས་ཀྱི་རྣམ་པ་སྲུང་སྐྱོང་བྱེད་པ་དང་སྦྲགས།རྒྱུ་སྤུས་འཛུགས་སྐྲུན་ལེགས་པོར་བྱེད་དགོས།ཁུར་ལུག་གྲོང་རྡལ་དང་ཚ་རྔ་འགག་གྲོང་རྡལ་སོགས་ཁྱད་ཆོས་ལྡན་པའི་མཁར་གྲོང་ཆུང་ཆུང་གི་ངོ་ཚུགསདང་ཉམས་འགྱུརམཐོར་འདེགས་སུ་བཏང་སྟེ།མཛེས་པའི་མཁར་གྲོང་ད་དུང་16སྐྲུན་དགོས།

(བརྒྱད)གཙོ་གནད་དམ་འཛིན་དང་ཞན་ཆ་གསབ་སྐོང།ཉམ་ཐག་སྟོབས་ལྡན་དུ་གཏོང་བ་རྒྱུན་འཁྱོངས་བྱས་ཏེ།བྱ་བ་སོ་སོར་རྣམ་པ་གསར་པ་གཏོད་པར་འབད་བརྩོན་བྱེད་དགོས།ཁྱོན་ཡོངས་ཀྱིས་ཕྱོགས་ཤས་ལ་སྣེ་ཁྲིད་དང་ཕྱོགས་ཤས་ཀྱིས་ཁྱོན་ཡོངས་ལ་སྐུལ་འདེད་བྱེད་པ་རྒྱུན་འཁྱོངས་བྱེད་དགོས།གཙོ་གནད་ཁྱབ་ཁོངས་དང་གནད་འགག་ཚིགས་མཚམས་ཀྱི་བཅོས་སྒྱུར་ལེགས་པོར་སྤེལ་དགོས།གཤམ་སྤྲོད་དོ་དམ་ཞབས་ཞུ་གསུམ་ཟབ་སྤེལ་བྱས་ཏེ།ཕྱོགས་ཡོངས་ནས་ཁྲོམ་རར་འཇུག་འཐུས་ཀྱི་ངན་ཕྱོགས་གསལ་ཐོ་ལམ་ལུགས་ལག་བསྟར་བྱེད་པ་དང། སྦྲེལ་དྲ+སྲིད་དོན་ཞབས་ཞུཤུགས་ཆེན་པོས་སྐུལ་སྤེལ་བྱེད་དགོས། ཕྱོགས་ཡོངས་ནས་དཔང་ཡིག་ཆོག་ཡིག་ཁ་ཕྲལདང་དྲ་ཐོག་ཞིབ་བཤེར་མཆན་འགོད་སྤེལ་དགོས།བྱ་བ་སྒྲུབ་སྐབས་དང་བསྒྲུབས་རྗེས་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང།སྲིད་གཞུང་གིས་ཚོང་གཉེར་ཞབས་ཞུ་རང་བཞིན་གྱི་རིན་གོང་ཐག་གཅོད་པའི་དྲ་ཚིགས་གཅིག་པལག་ལེན་དུ་བསྟར་དགོས།རིམ་པ་སོ་སོའི་ཞབས་ཞུ་སྒེའུ་ཁུང་གི་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང།ཕྱོགས་བསྡུས་ཁྲིམས་བསྟར་གྱི་བཅོས་སྒྱུར་སྐུལ་སྤེལ་བྱེད་དགོས།ཡིད་རྟོན་ཅན་ལ་བསྟོད་སྐུལ་དང་རྟོན་མེད་ཅན་ལ་ཆད་གཅོད་བྱེད་པའི་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས།ཚོང་གཉེར་ཁོར་ཡུག་ལེགས་པོ་སྐྲུན་དགོས།ནོར་ཁྲལ་དངུལ་རྩའི་ལམ་སྲོལ་བཅོས་སྒྱུར་ཟབ་སྤེལ་བྱས་ཏེ།ཞིང་ཆེན་མན་གྱི་འགན་དབང་དང་འགྲོ་སོང་འགན་འཁྲི་དབྱེ་བགོད་བསམ་འཆར་གཏན་ལ་ཕབ་སྟེ་ལག་བསྟར་བྱེད་པ་དང།ཕྱོགས་ཡོངས་ནས་སྔོན་རྩིས་ལས་ཕྱོད་དོ་དམ་ལམ་ལུགས་ལག་བསྟར་དང།སྒྲིག་གཞིའི་རང་བཞིན་གྱི་དཔྱ་ཁྲལ་དང་གླ་རིན་ཇེ་དམའ་རུ་གཏོང་བའི་སྲིད་ཇུས་དོན་འཁྱོལ་བྱེད་དགོས།ས་གནས་དཔྱ་ཁྲལ་མ་ལག་འཐུས་ཚང་དུ་གཏོང་བ་དང།ཕྱོགས་ཡོངས་ནས་ཁོར་ཡུག་སྲུང་སྐྱོང་གི་དཔྱ་ཁྲལ་བསྡུ་མགོ་རྩོམ་དགོས་ལ།ས་གནས་ཀྱི་སྤྱི་པའི་ནོར་སྲིད་ཡོང་འབབ་དང་ས་ཁུལ་གྱི་ཐོན་སྐྱེད་བསྡོམས་འབོར་མཐུན་སྦྱོར་དང་འཕར་སྣོན་འབྱུང་བ་མངོན་འགྱུར་བྱེད་དགོས།དངུལ་རྩའི་ལས་ཁུངས་ཀྱི་ཁྲིམས་མི་བཅོས་སྐྱོང་སྒྲིག་གཞི་འཐུས་ཚང་དུ་གཏོང་བ་དང།མཚོ་སྔོན་དངུལ་ཁང་གི་མ་དངུལ་ཁ་སྣོན་དང་མ་རྐང་མང་བསྐྱེད།ཞིང་ལས་ཡིད་རྟོན་ཁང་གི་ལམ་ལུགས་བཅོས་སྒྱུར་བཅས་ལ་སྐུལ་འདེད་བྱེད་དགོས།རྒྱལ་ཁབ་ཀྱི་ཡོངས་ཕན་དངུལ་རྩའི་ཕྱོགས་བསྡུས་དཔེ་སྟོན་ཁུལ་གྱི་ཚོད་ལྟའི་གནས་ཟབ་སྤེལ་བྱེད་པ་དང།རིམ་པ་མང་བའི་མ་རྩའི་ཁྲོོམ་ར་ཤུགས་ཆེན་པོས་འཕེལ་རྒྱས་སུ་གཏོང་དགོས།གཞུང་དབང་ཁེ་ལས་དང་གཞུང་དབང་མ་རྩའི་བཅོས་སྒྱུར་ཟབ་སྤེལ་བྱས་ཏེ།དེང་རབས་ཁེ་ལས་ལམ་ལུགས་དང་ཀུང་སིའི་ཁྲིམས་མི་བཅོས་སྐྱོང་སྒྲིག་གཞི་འཐུས་ཚང་དུ་གཏོང་བ་དང།མ་རྩར་དོ་དམ་བྱེད་པ་གཙོ་ཡིན་པའི་གཞུང་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ལམ་སྲོལ་ཆ་ཚང་བར་བྱེད་དགོས།དབང་བའི་ལམ་ལུགས་འདྲེས་མའི་བཅོས་སྒྱུར་དང།ལས་བཟོ་པས་མ་རྐང་འཛིན་པ་དང་ཁེ་ལས་ཀྱི་ལས་འཛིན་པའི་ལྷན་ཚོགས་འཛུགས་སྐྱོང་ཚད་ལྡན་དུ་གཏོང་བའི་ཚོད་ལྟའི་གནས་སྐུལ་སྤེལ་བྱེད་དགོས།གཞུང་དབང་ཁེ་ལས་ཀྱིས་སྤྱི་ཚོགས་འགན་ནུས་སྒྲུབ་པ་མགྱོགས་མྱུར་ངང་དབྱེ་ཕྲལ་བྱེད་པ་དང།གཞུང་དབང་ཁེ་ལས་ཀྱི་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ།གཞུང་དབང་མ་རྩ་ཇེ་སྟོབས་ཇེ་ལེགས་ཇེ་ཆེར་གཏོང་བར་སྐུལ་འདེད་བྱེད་དགོས།དེ་དང་ཆབས་གཅིག་ཏུ། མ་དངུལ་བསྡུ་གཏོང་དང། རིན་གོང། གཞུང་གི་རླངས་འཁོར།རྩིས་བཤེར་དོ་དམ་ལམ་སྲོལ་སོགས་ཀྱི་བཅོས་སྒྱུར་ཟབ་སྤེལ་བྱེད་དགོས།ཕྱོགས་ཕྱི་ནང་ཀུན་ཏུ་སྒོ་འབྱེད་པ་ཟབ་སྤེལ་བྱས་ཏེ།རྒྱལ་ཁབ་ཀྱི་རང་མོས་ཉོ་ཚོང་ཁུལ་གྱི་འཐབ་ཇུས་སུ་ཧུར་ཐག་གིས་འདྲེས་སུ་བཅུག་སྟེ།ཆ་རྐྱེན་ཚང་བའི་ས་ཁུལ་དུ་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་འཛུགས་པའི་རེ་ཞུ་བྱེད་དགོས།མཚོ་རྒྱུད་མཚོ་ངོགས་ས་ཁུལ་དག་དང་འགག་སྒོ་ཤར་གཏོང་གི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང།མཚོ་བོད་རྒྱལ་སྤྱིའི་སྐམ་སའི་གྲུ་ཁའི་ལས་གཞི་ལག་བསྟར་བྱེད་དགོས།ཚའོ་ཅ་པའོ་ཁྲལ་སྲུང་ཟོང་སྐྱེལ་ལྟེ་གནས་ཀྱི་ཕྱོགས་བསྡུས་ལེ་ལག་འཐུས་ཚང་དུ་གཏོང་བ་དང།ཨ་སྒོར་བྱེ་བའི་གཏིང་ཤུགས་ལྡན་པའི་ཁེ་ལས་དང་ཕྱིར་གཏོང་རང་བདག་ཚོང་རྟགས་གཉིས་ཀ་སྐྱོང་བའི་འཆར་གཞི་སྐུལ་སྤེལ་བྱེད་དགོས་ལ།རྒྱལ་མཚམས་བརྒལ་བའི་གློག་རྡུལ་ཚོང་དོན་གྱི་ཉོ་ཚོང་དང་ཟོང་སྐྱེལ་མགྱོགས་མྱུར་ངང་འཕེལ་རྒྱས་སུ་གཏོང་དགོས།ཁྱད་ཆོས་ལྡན་པའི་ཡང་བའི་བཟོ་ལས་དང།ནུས་ཁུངས་གསར་པའི་ཕྱི་ཕྱོགས་ཉོ་ཚོང་གི་རིགས་སྒྱུར་རིམ་སྤར་དཔེ་སྟོན་རྟེན་གཞི་སྐྲུན་དགོས།ཚྭ་མཚོའི་ཅཱ་ལུད་སོགས་གཙོ་གནད་ཁེ་ལས་ཕྱི་རུ་བསྐྱོད་པརརྒྱབ་སྐྱོར་བྱེད་པ་དང། རྒྱལ་སྤྱིའི་ཐོན་ནུས་མཉམ་ལས་སྤེལ་ནས།ནང་འདྲེན་ཕྱིར་གཏོང་གི་བསྡོམས་འབོར་8%མངོན་འགྱུར་བྱེད་དགོས།འབྲི་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་མཉམ་ལས་བྱེད་པའི་རྐྱེན་སྲོལ་འཛུགས་པར་སྐུལ་འདེད་དང།ཤར་རྒྱུད་ནུབ་རྒྱུད་དབུལ་སྐྱོར་མཉམ་ལས་དང་མཚོ་སྔོན་ཁ་གཏད་རོགས་སྐྱོར་གྱི་རིམ་པ་འཕར་བ་དང་ཤེད་ཤུགས་འཕེལ་བར་སྐུལ་འདེད་བྱེད་དགོས།ནན་ཅིན་དང་ཝུའུ་ཞི་སོགས་གྲོང་ཁྱེར་ལ་མཉམ་ལས་བྱེད་པར་ཤུགས་སྣོན་རྒྱག་པ་དང།མཚོ་སྔོན་ཚོང་གཏམས་ཚོགས་འདུ་དང་མཚོ་སྐོར་ལྕགས་རྟ་འགྲན་སྡུར།ས་གདན་འགྲེམ་ཚོགས་སོགས་དཔལ་འབྱོར་ཉོ་ཚོང་དང་རིག་གནས་ལུས་རྩལ་གྱི་བྱེད་སྒོ་གལ་ཆེན་དག་རྒྱལ་སྤྱིའི་ཅན་དང་ཆེད་ལས་ཅན།ཁྲོམ་ར་ཅན་དུ་བསྒྱུར་བའི་ཆུ་ཚད་ཕྱོགས་ཡོངས་ནས་ཇེ་མཐོར་གཏོང་དགོས།ཚོང་དང་མ་རྩ་འདྲེན་འགུགས་ཀྱི་གྲངས་ཚད་ཐོད་བརྒལ་དང་སྤུས་ཚད་མཐོར་འདེགས་བྱེད་ལོའི་བྱ་འགུལ་སྤེལ་ནས།ཚོང་དང་མ་རྩ་འདྲེ་འགུགས་ཀྱི་གན་རྒྱ་བཞག་ཕྱོད་དང། གན་རྒྱ་བསྒྲུབས་ཕྱོད།མ་དངུལ་ལག་ཏུ་འབྱོར་ཚད་བཅས་ལོ་སྔོན་མ་ལས་མཐོ་བ་ཁག་ཐེག་བྱེེད་དགོས།ཧུར་ཐག་སྒོས་ཤང་ཀང་དང་ཨོ་མོན་དང་ཐའེ་ཝན་བཅས་ཀྱི་ཕྱིར་སྡོད་རང་མི་ལ་འབྲེལ་འདྲིས་དང་མཉམ་ལས་བྱེད་དགོས།རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་མྱུར་དུ་ཁ་གསབ་བྱེད་དགོས།འགྲིམ་འགྲུལ་གྱི་ཐད་ནས།གོར་ཏུན་ལྕགས་ལམ་དང་མདོ་ལའི་གནམ་གྲུ་ཐང་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱེད་པ་དང།གོར་ཁོར་ལྕགས་ལམ་ལས་ཞིང་ཆེན་ནང་ཁུལ་གྱི་མཚམས་ཕལ་ཆེར་འགྲུབ་དགོས།གྲ་མ་ལུང་ནས་རིག་སྨོན་གཞུང་གི་མྱུར་བགྲོད་གཞུང་ལམ་ལེགས་འགྲུབ་བྱེད་པ་དང།ཝུའུ་ཝའེ་ནས་རྟ་ཐང་དང་གྲོ་ཚང་ནས་དཔའ་ལུང་སོགས་ཀྱི་མྱུར་བགྲོད་གཞུང་ལམ་མགྱོགས་མྱུར་ངང་འཛུགས་སྐྲུན་བྱེད་དགོས།གཅན་ཚ་ནས་གསེར་ཆེན་དང་སྤེན་མདོ་ཉག་ག་ནས་འཇུ་ལག་གི་མྱུར་བགྲོད་གཞུང་ལམ།དེ་བཞིན་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་མ་ལམ་འཛུགས་སྐྲུན་བྱེད་མགོ་རྩོམ་པ་དང། བཞི་བཟང་གྲོང་གསེབ་རྒྱ་ལམའཛུགས་སྐྲུན་གཏིང་ཟབ་ཏུ་སྤེལ་དགོས། ཟི་ལིང་བདེ་བགྲོདལས་གྲྭ་མུ་མཐུད་དུ་ལག་བསྟར་བྱེད་པ་དང།ཚའོ་ཅ་པའོ་ཕྱོགས་བསྡུས་འགྲིམ་འགྲུལ་ལྟེ་བ་དང་ཟི་ཁྲིན་ལྕགས་ལམ་གྱི་འཛུགས་སྐྲུན་མགྱོགས་མྱུར་ངང་སྤེལ་དགོས་ལ།ཟི་ལིང་གནམ་གྲུ་ཐང་གི་ལས་སྐབས་གསུམ་པ་དང།མཚོ་སྔོན་པོའི་གནམ་གྲུ་ཐང་དང་ཁྲི་ཀའི་ཀུན་འཕྲོད་གནམ་གྲུ་ཐང་ལས་མགོ་རྩོམ་དགོས།ནུས་ཁུངས་ཀྱི་ཐད་ནས།མར་ཐང་སོགས་ཀྱི་ཆུ་གློག་ས་ཚིགས་འཛུགས་སྐྲུན་ལ་སྐུལ་འདེད་དང།ནུས་ཁུངས་གསར་པའི་གློག་འདོན་འཕྲུལ་ཆས་ཀྱི་གློག་འདོན་ཚད་ཇེ་ཆེར་གཏོང་དགོས།ཤིན་ཏུ་མཐོ་བའི་གློག་གནོན་ཕྱིར་སྐྱེལ་བརྒྱུད་ལམ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང།ཟི་ལིང་བྱང་རྒྱུད་ཀྱི་སྟོང་ཝོལ་750ཅན་གྱི་གློག་སྐྱེལ་གློག་སྒྱུར་ལས་གྲྭ་བསྐྲུན་ཏེ་བེད་སྤྱོད་གཏོང་དགོས།རྒྱལ་ཡོངས་ཀྱི་ཆེས་ཆེ་བའི་ཆུ་འོད་རླུང་གསུམ་ཕན་ཚུན་གསབ་རེས་ཀྱི་དྭངས་གཙང་ནུས་ཁུངས་རྟེན་གཞི་སྔར་ལས་ལྷག་པར་སྐྲུན་དགོས། ཆུ་བེད་ཐད་ནས།འཇུ་ལག་ཆུ་བོ་ཙོང་ཆུར་འདྲེན་པའི་མ་ཡུར་ནུབ་མ་དང་ཙོང་ཆུའི་མ་ཡུར་བྱང་མའི་ལས་སྐབས་གཉིས་པ།ཞིས་ཅི་འགག ན་རིང་ཆུ་བོའི་ཆུ་བེད་ལྟེ་གནས་སོགས་ལས་གཞི་གལ་ཆེན་དག་མགྱོགས་མྱུར་ངང་འཛུགས་སྐྲུན་བྱེད་དགོས།བརྡ་སྐྱེལ་ཐད་ནས།ཕྱོགས་ཡོངས་ནས་འོད་དྲའི་མཚོ་སྔོནའཛུགས་སྐྲུན་ཟབ་སྤེལ་བྱེད་པ་དང།ཀྲའོ་བརྒྱ་ཅན་གྱིས་སྣ་ཁྲིད་པའི་སྤུས་མཐོ་ཐགས་ཡངས་དྲ་རྒྱ་སྐྲུན་པ་དང།རྨང་གཞི་དྲ་རྒྱ་དང་གཞི་གྲངས་ལྟེ་གནས། སྲིད་དོན་ཆ་འཕྲིན།ཁེ་ལས་འབྲིང་ཆུང་ཆ་འཕྲིན་ཅན།ཟོང་སྦྲེལ་དྲ་བ་སོགས་ཆ་འཕྲིན་ཅན་གྱི་ལས་གྲྭ་སྐོར་ཞིག་ལག་བསྟར་བྱེད་པ་དང།རབས་གསར་པའི་སྐུད་མེད་དྲ་རྒྱ་སྔ་སྣུར་གྱིས་བཀོད་སྒྲིག་བྱེད་དགོས།རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཁྲོད་དུ་རྒྱལ་སྲུང་སྐོར་གྱི་དགོས་མཁོ་ལ་གཅིག་གྱུར་འཆར་འགོད་བྱེད་དགོས།སྤྱི་དབང་མིན་པའི་དཔལ་འབྱོར་ཤུགས་ཆེན་པོས་འཕེལ་རྒྱས་སུ་གཏོང་དགོས།སྤྱི་དབང་མིན་པའི་དཔལ་འབྱོར་ཁེ་ལས་ཀྱི་སྤྱི་པའི་ཞབས་ཞུ་ལས་སྟེགས་བཙུགས་ནས།སྲིད་ཇུས་ཆ་འཕྲིན་ཁྱབ་བསྒྲགས་དང། བདེ་སྡུག་ཞུ་ལམ་གེགས་མེད་བྱེད་དགོས་ལ།མ་དངུལ་བསྡུ་རུབ་ལ་དཀའ་ཁག་མང་བ་དང་འགྲོ་སོང་ཆེ་བའི་གནད་དོན་ཐག་གཅོད་པར་འབད་དགོས།གཞུང་དབང་ཁེ་ལས་དང་དམངས་དབང་ཁེ་ལས་ལ་ཁྱད་མེད་དུ་བལྟས་ནས།ཁྲོམ་རར་འཇུག་འཐུས་ལྷོད་ཡངས་སུ་གཏོང་བ་དང། ལས་རིགས་ཀྱི་གྱང་ར་རྩ་མེད་དུ་གཏོང་དགོས།སྐུལ་ཁྲིད་ནུས་པ་དྲག་པོ་ལྡན་པའི་དམངས་གཉེར་ཁེ་ལས་ཀྱི་ལས་གཞི་སྐོར་ཞིག་འདེམ་གསེས་བྱས་ནས།ཞིང་ཆེན་ཡོངས་ཀྱི་གཙོ་གནད་ལས་གཞིའི་གྲས་སུ་འཇོག་དགོས། གཟབ་ནན་ངང་རིགས་མི་འདྲ་བའི་PPPསྒྲུབ་སྟངས་མང་པོ་སྤྱད་ནས་གསོག་འབོར་རྒྱུ་ནོར་ཕན་སྒྱུར་བྱེད་པ་དང།དམངས་ཁྲོད་མ་རྩ་ནི་ཡན་ལག་ལྕགས་ལམ་དང་སྣུམ་རླུང།གློག་འཕྲིན་སོགས་ཀྱི་ཁྱབ་ཁོངས་སུ་འཇུག་པར་སྐུལ་མ་གཏོང་དགོས།བརྩེ་ཟབ་སྤྱོད་གཙང་གི་སྲིད་ཚོང་འབྲེལ་བ་གསར་པ་འཛུགས་སྐྱོང་བྱས་ནས།ཁྲོམ་རའི་གཙོ་གཞི་མི་འདྲ་བ་དག་གི་སྐྱེ་སྟོབས་སྐུལ་སློང་དང།དམངས་ཁྲོད་ཀྱི་ཕན་ལྡན་མ་དངུལ་གཏོང་འཇོག་གི་གསོན་ཤུགས་སྐུལ་སློང་བྱེད་དགོས།

འཐུས་མི་རྣམ་པ། གནས་བབ་གསར་པ་དང་ལས་འགན་གསར་པས་སྲིད་གཞུང་གི་བྱ་བར་བླང་བྱ་གསར་པ་བཏོན་ཡོད།ང་ཚོས་ཞི་ཅིན་ཕིང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དེ་རྩ་བའི་གཞི་འཛིན་ས་བྱེད་པ་དང།ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་པ་དོན་ཐོག་ཏུ་འཁྱོལ་བ་དེ་རྩ་བའི་སྔོན་འགྲོ་བྱེད་པ་དང།འཕེལ་རྒྱས་དོ་མི་མཉམ་པ་དང་ཆ་མི་ཚང་བའི་གནད་དོན་ཐག་གཅོད་པ་དེ་རྩ་བའི་ལས་འགན་བྱེད་པ་དང།མི་དམངས་བླ་ན་མེད་པ་དེ་རྩ་བའི་རིན་ཐང་འཁྱེར་སོ་བྱེད་པ་དང།དུས་ཀྱི་ཚིགས་མཚམས་གལ་ཆེན་དག་རྩ་བའི་ལས་ཀའི་གནས་ཚད་བྱེད་པ་དང།དུས་རབས་གསར་པ་གནས་ཚུལ་གསར་པ་བྱས་རྗེས་གསར་པ་མངོན་དུ་བསྒྱུར་བ་དེ་རྩ་བའི་བླང་བྱ་བྱེད་པ་བཅས་རྒྱུན་བསྐྱངས་ཏེ།ཤེས་བྱ་སློབ་སྦྱོང་གི་སྲོལ་བཟང་དར་སྤེལ་དང།བརྟག་དཔྱད་ཞིབ་འཇུག་གི་སྲོལ་བཟང་དར་སྤེལ།དམ་པ་དོན་གཉེར་གྱི་སྲོལ་བཟང་བཅས་ཤུགས་ཆེན་པོས་དར་སྤེལ་གཏོང་བ་དང།ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ངོ་རྒོལ་གྱི་འཐབ་རྩོད་གཏིང་ཟབ་ཏུ་སྤེལ་ཞིང།སྲིད་དོན་ཐ་ཤལ་སྒྱིད་ལུག་སྣང་ཆུང་གི་སྒོ་ནས་སྒྲུབ་པ་ཕྱོགས་ཡོངས་ནས་དག་ཐེར་བྱས་ཏེ།རང་རྟོགས་སྒོས་ཞིང་ཆེན་དམངས་ཆེན་དང་ཞིང་ཆེན་སྲིད་གྲོས།དེ་མིན་ཕྱོགས་གཞན་དག་གི་ལྟ་སྐུལ་དང་ལེན་བྱེད་ཅིང། མི་དམངས་ཀྱི་བསམ་འདུན་དང་བློ་གྲོས་མཐའ་དག་གཅིག་ཏུ་བསྡུས་ནས།མི་དམངས་ཀྱི་འདོད་བློ་ཚིམ་པའི་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་བྱེད་དགོས།

འཐུས་མི་རྣམ་པ། འཕེལ་རྒྱས་ཀྱི་སྙེག་ལམ་གསར་པར་སྐྱོད་ཅིང།མི་དམངས་ཀྱི་རེ་སྒུག་གསར་པ་སྒྲུབ་སྐབས།ང་ཚོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ཤིང།བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ་དང།ཞིང་ཆེན་ཏང་ཨུའི་ཞུམ་མེད་ཀྱི་འགོ་ཁྲིད་འོག་ཏུ། ཐོག་མའི་བསམ་འདུན་མི་བརྗེད་པར།འགན་འཁྲི་སེམས་ལ་དམ་པོར་བཅངས་ཏེ། བློ་སེམས་གཅིག་མཐུན་དང་ཡར་བརྩོན་ལས་གཞོལ་གྱི་སྒོ་ནས།རྒྱལ་ཡོངས་དང་འགྲོས་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ལེགས་འགྲུབ་བྱེད་པ་དང།སྔར་ལས་ལྷག་པར་འབྱོར་ཕྱུག་དཔལ་ཡོན་འཆམ་མཐུན་མཛེས་སྡུག་ལྡན་པའི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་ཆེད་དུ་འབད་བརྩོན་ལྷོད་མེད་བྱེད་རྒྱུ་ཡིན།།

གོང་མ།:ཁུལ་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་གིས་གཞིས་ཁུལ་དུ་ཕྱིན་ནས་གནམ་ལོ་གསར་བ་བསུ་བའི་ཁམས་འདྲིའི་བྱ་འགུལ་སྤེལ།

ཞོལ་མ།:མཚོ་ནུབ་ཁུལ་གྱིས་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་ལེའུ་གསར་བ་བཀོད།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235