མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

མཚོ་ནུབ་ཏང་སྲིད་འཐུས་ཚབ་ཚོགས་པས་མཚོ་བྱང་དང་རྨ་ལྷོ།མཚོ་ལྷོ་བཅས་སུ་རྟོག་ཞིབ་བྱས།

ཡོང་ཁུངས།:ཚྭ་འདམ་བོད་ཡིག་དྲ་ཚིགས།  སྤེལ་དུས།:2018-03-12  རྩོམ་པ་པོ།:དབང་རྒྱལ་དོན་གྲུབ།  རྩོམ་སྒྲིག་པ།:པད་མོ་འཛིན།    ཀློགས་གྲངས།:

ཉེ་ཆར། ཁུལ་ཨུའི་ཧྲུའུ་ཅི་ཝུན་གོ་ཏུང་གིས་མཚོ་ནུབ་ཏང་སྲིད་འཐུས་ཚབ་ཚོགས་པའི་སྣེ་ཁྲིད་ནས་མཚོ་བྱང་དང་རྨ་ལྷོ།མཚོ་ལྷོ་ཁུལ་བཅས་སུ་རྟོག་ཞིབ་སློབ་སྦྱོང་བྱས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པའམ་མཚོ་བྱང་ཁུལ་ཨུའི་ཧྲུའུ་ཅི་ཉི་མ་ལྷ་མོ།དེ་མིན་རང་སྐྱོང་ཁུལ་གསུམ་གྱི་ཏང་སྲིད་འགོ་ཁྲིད་བློ་མཐུན་གཙོ་བོ་དག་རྟོག་ཞིབ་བྱ་འགུལ་ལ་ཞུགས་པ་མ་ཟད།རང་ཁུལ་གྱི་ཏང་སྲིད་འཐུས་ཚབ་ཚོགས་པའི་ཁོངས་མི་དང་བསམ་བློ་བརྗེ་རེས་བྱས།

མཚོ་བྱང་ཁུལ་དུ།འཐུས་ཚབ་ཚོགས་པ་སྔ་རྗེས་སུ་མཚོ་སྔོན་ཞྭ་ཧྭ་ཤ་རིགས་ཚོང་རྫས་ཚད་ཡོད་ཀུང་ཟི་དང་མདོ་ལ་མཐོ་སྒང་འབྲི་གཡག་གསོ་སྤེལ་ཆེད་ལས་མཉམ་ལས་ཁང་།མཚོ་བྱང་གི་མཐོ་སྒང་དེང་རབས་ཅན་སྐྱེ་ཁམས་ཕྱུགས་ལས་ཚན་རྩལ་དཔེ་སྟོན་གླིང་སོགས་སུ་ཕྱིན་ནས།ཚད་ལྡན་ཅན་གྱི་སྐྱེ་ཁམས་གསོ་སྤེལ་དང་ནོར་ཤ་དང་ལུག་ཤའི་ལས་སྣོན། གཟན་ཆས་འཛུགས་སྐྲུན།རྩྭ་ར་འཁོར་བརྒྱུད། ཕྱུགས་ལས་དཔེ་སྟོན་གླིང་གི་འཆར་འགོད། ཕྱུགས་ལས་འཁོར་རྒྱུག་དཔལ་འབྱོར་ཐོན་ལས་མུ་ཡི་འཛུགས་སྐྲུན།ཕྱུགས་ལས་ཚན་རྩལ་གྱི་བེད་སྤྱོད་དང་གྲུབ་འབྲས་སོགས་ལ་རྒྱུས་ལོན་ཞིབ་མོ་བྱས། ས་གནས་གང་དུ་ཐོན་རུང་།ཚང་མས་ནན་ཏན་སྒོས་ཉན་པ་དང་། དུས་མཚུངས་སུ་མཚོ་ནུབ་ཀྱི་དངོས་ཡོད་ལ་གཞིགས་ནས་ཧུར་བརྩོན་སྒོས་མི་འདང་ས་དང་ཧེ་བག་འཚོལ།ཚང་མས་བསྟན་དོན། མཚོ་བྱང་གི་མཉམ་མྱོང་བསྡུ་ལེན་བྱས་ནས་མཚོ་ནུབ་ཀྱི་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་བསྐྲུན་དགོས་པ་བསྟན།

རྨ་ལྷོ་ཁུལ་རེབ་གོང་རྫོང་ཀླུ་སྒྲུབ་ཐང་ཀའི་སྒྱུ་རྩལ་གླིང་དང་རེབ་གོང་སྒྱུ་རྩལ་དངོས་མང་བཤམས་སྟོན་ཁང་དུ།འཐུས་ཚབ་ཚོགས་པས་རེབ་གོང་ཐང་ཀ་དང་འཚེམ་དྲུབ་བཅས་ཀྱི་བཟོ་རྩལ་ལ་ཞིབ་མོས་ཉན། རེབ་གོང་ཐང་ཀའི་སྒྱུ་རྩལ་གཟི་ཉམས་ཀྱིས་ཚང་མའི་མིག་དབང་བཀུགཚང་མས་བསྟན་དོན། རྨ་ལྷོ་ཁུལ་གྱི་རིག་གནས་ཡུལ་སྐོར་མཉམ་བསྲེས་འཕེལ་རྒྱས་ཀྱི་བྱེད་ཐབས་དང་མཉམ་མྱོང་ནན་ཏན་སྒོས་བསྡུ་ལེན་བྱས་ཏེ།མཚོ་ནུབ་ཀྱི་རིག་གནས་ཡུལ་སྐོར་ལས་རིགས་ཆེས་མགྱོགས་པའི་འཕེལ་རྒྱས་ལ་སྐུལ་འདེད་བྱེད་དགོས་པ་བསྟན།

མཚོ་ལྷོ་ཁུལ་དུ།འཐུས་ཚབ་ཚོགས་པས་རྨ་ཆུའི་ཆུ་གློག་ཚལ་རྔ་འགག་ཉི་ནུས་གློག་འདོན་ཚད་ཡོད་ཀུང་ཟིར་རྟོག་ཞིབ་བྱས་ནས་ཀུང་ཟིའི་ཆུ་འོད་ཕན་ཚུན་ཁ་གསབ་ཀྱི་གནད་འགག་ལག་རྩལ་གྱི་ཞིབ་འཇུག་དང་དཔེ་སྟོན་བཀོལ་སྤྱོད་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་ཤིང་།མཚོ་ལྷོ་དང་རྨ་ཆུའི་ཀུང་ཟིའི་ནུས་ཁུངས་གསར་བའི་ཐོན་ལས་འཕེལ་རྒྱས། ལྷག་པར་དུ་འོད་ཧྥུའུ་བཟོ་སྐྲུན་དང་འོད་ཧྥུའུ་གློག་འདོན་གྱི་མཉམ་མྱོང་དང་བྱེད་ཐབས་ལ་སློབ་སྦྱོང་བྱེད་དགོས་པ་བསྟན།སྐབས་དེར། འཐུས་ཚབ་ཚོགས་པས་ད་དུང་ཚལ་རྔ་འགག་མཐོ་སྒང་རྒན་པ་ལུས་གསོ་ལྟེ་གནས་དང་ཉ་ཐོན་ལས་གླིང་།ཚལ་རྔ་འགག་གྲོང་རྡལ་གྱི་མཐོ་སྒང་གི་མཛེས་པའི་མཁར་གྲོང་འཛུགས་སྐྲུན། ཚལ་རྔ་འགག་ལྗོངས་ཁུལ་སོགས་ལ་རྟོག་ཞིབ་བྱས་པ་མ་ཟད།དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་ཕྱོགས་བསྒྱུར་བའི་བྱེད་ཐབས་དང་མཉམ་མྱོང་ལ་བསམ་བློ་བརྗེ་རེས་བྱས།

རྟོག་ཞིབ་སློབ་སྦྱོང་སྐབས།ཁུལ་ཏང་སྲིད་འཐུས་ཚབ་ཚོགས་པས་མཚོ་བྱང་ཁུལ་དང་རྨ་ལྷོ་ཁུལ། མཚོ་ལྷོ་ཁུལ་བཅས་ཀྱི་ཐོན་ལས་འཕེལ་རྒྱས་དང་དབུལ་ཐར་མཁྲེགས་གཏོར།ཞིང་སྡེའི་དར་རྒྱས། ཁྱད་ལྡན་ཐོན་ལས་ལ་ཤུགས་སྣོན་བྱེད་པའི་ཕྱོགས་ནས་བགྲོ་གླེང་བྱས། རེ་བ་ལ་ཞིང་ཆེན་ནང་ཁུལ་གྱི་ཁུལ་དང་གྲོང་ཁྱེར་སོ་སོས་མཉམ་འབྲེལ་ལ་སྔར་ལས་ཤུགས་སྣོན་བྱས་ཏེ།ཐོན་ལས་ཀྱི་མཉམ་བསྲེས་འཕེལ་རྒྱས་དང་འཇོན་མིའི་སློབ་གསོའི་གསོ་སྦྱོང་། ལེགས་ཆ་ལྡན་པའི་ཐོན་ལས་ཀྱི་མཐུད་སྦྲེལ།དམངས་ཚིས་ཆུ་ཚད་ལེགས་བཅོས་སོགས་ཁྱབ་ཁོངས་སུ་ཡུན་རིང་ལ་མཉམ་འབྲེལ་བྱེད་པའི་འབྲེལ་བ་འཛུགས་དགོས།དུས་མཚུངས་སུ་ཁུལ་རིམ་པ་དང་གྲོང་ཁྱེར་དང་རྫོང་རིམ་པའི་མཉམ་འབྲེལ་ལ་ཤུགས་སྣོན་བྱས་ཏེ་ཕྱོགས་སྣ་མང་བ་དང་ཁྱབ་ཁོངས་མང་བའི་ཕན་ཚུན་ཁ་གསབ་ཀྱི་འཕེལ་རྒྱས་མངོན་འགྱུར་བྱེད་པར་བརྩོན་ལེན་བྱེད་དགོས།
ཀྲུའུ་ལུང་ཞང་དང་ཡོན་ཉིན། ཀླུ་ཁོ་རྒྱལ་སོགས་ཁུལ་ཏང་སྲིད་འཐུས་ཚབ་ཚོགས་པའི་ཁོངས་མི་རྟོག་ཞིབ་བྱ་འགུལ་ལ་ཞུགས།

                  དབང་རྒྱལ་དོན་གྲུབ་ཀྱིས་བསྒྱུར

གོང་མ།:མཚོ་ནུབ་ཁུལ་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པ་རྒྱལ་ཁའི་ངང་གྲོལ།

ཞོལ་མ།:ཁུལ་ཡོངས་ཀྱི་རྩ་འཛུགས་པུའུ་ཀྲང་གི་ཚོགས་འདུ་བསྡུས།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235