མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

མཚོ་ནུབ་ཁུལ་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པ་རྒྱལ་ཁའི་ངང་གྲོལ།

ཡོང་ཁུངས།:  སྤེལ་དུས།:2018-03-29  རྩོམ་པ་པོ།:  རྩོམ་སྒྲིག་པ།:པད་མོ་འཛིན།    ཀློགས་གྲངས།:

         ཚེས༢༧ཉིན་གྱི་ཕྱི་དྲོར། ཁུལ་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པས་རིགས་སོ་སོའི་འགན་ཁུར་ཡོངས་ལེགས་འགྲུབ་བྱུང་སྟེ།   མཚོ་ནུབ་གྲོས་ཚོགས་ལྟེ་གནས་ནས་གཟབ་རྒྱས་ངང་གྲོལ།

        ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཀླུ་ཁོ་རྒྱལ།ཀྲུའུ་ཞི་གཞོན་པ་ལའེ་ཧའེ་ལན། ཁྲིན་ལི་ཡུང་། ལིག་ཡན་ཁྲིན། ཀྲང་ཡཱ་པང་། དྲུང་ཡིག་ཆེན་མོ་ཧུའོ་ཅན་ཧྭ་བཅས་ཀྲུའུ་ཞིའི་སྟེགས་བུ་མདུན་་སྔོན་གྲལ་དུ་བཞུགས་ཡོད།ཀླུ་ཁོ་རྒྱལ་གྱིས་ཚོགས་ཆེན་ལ་མགོ་འཛིན་བྱས།
      ཁུལ་གྱི་མགོ་ཁྲིད་མེང་ཧའེ། ཡོན་ཉིན། ཀྲའོ་ལུང་ཞང་། ཝང་ཅིན་ཀྲའེ། རྡོ་རྗེ།ཝང་ཡོན། ལང་ཡན་གོ་བཅས་གདན་འདྲེན་ཞུས་པ་ལྟར་གྲོས་ཚོགས་ལ་ཞུགས་པ་མ་ཟད་ཀྲུའུ་ཞི་སྟེགས་བུ་སྟེང་བཞུགས་ཡོད།

གྲོས་ཚོགས་སྟེང་ཨུ་ཡོན༢༤༠ཞུགས་དགོས་ཤིང་།དངོས་སུ་ཨུ་ཡོན༢༡༦ཞུགས་ཡོད་པས། ཁྲིམས་ལུགས་ཀྱི་གཏན་འཁེལ་མི་གྲངས་དང་མཐུན།

གྲོས་ཚོགས་སྟེང་འདེམས་བསྐོའི་བྱེད་ཐབས་དང་སྤྱིའི་འདེམ་ཤོག་ལྟ་སྐུལ་བ་དང་། འདེམ་ཤོག་ལྟ་སྐུལ་བའི་མིང་ཐོ་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་མ་ཟད།སྐར་རྒྱམ་བློ་བཟང་བཀྲ་ཤིས་དཀའ་ཆེན་བློ་བཟང་བཀྲིས་དང་ཀྲང་ཝའེ་ཏུང་སྲིད་གྲོས་མཚོ་ནུབ་ཁུལ་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱི་ཨུ་ཡོན་ལ་བདམས་ཐོན་བྱུང་བ་དང་། སྲིད་གྲོས་མཚོ་ནུབ་ཁུལ་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པས་ཁུལ་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱི་བྱ་བའི་སྙན་ཞུའི་གྲོས་ཆོད་དང་སྲིད་གྲོས་མཚོ་ནུབ་ཁུལ་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པའི་ཆབ་སྲིད་གྲོས་ཆོད་ལ་གྲོས་འཆམ་བྱུང་། སྲིད་གྲོས་མཚོ་ནུབ་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གྲོས་གཞི་ཨུ་ཡོན་ལྷན་ཁང་གིས་གྲོས་གཞིར་གྲོས་ཞིབ་བྱས་པའི་གནས་ཚུལ་གྱི་སྙན་ཞུ་ལ་ཉན།

གྲོས་ཚོགས་ཀྱིས་ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གྲོས་རྩ་འཛུགས་དང་སྲིད་གྲོས་ཨུ་ཡོན་ཡོངས་ཀྱིས་དུས་རབས་གསར་བའི་མི་དམངས་སྲིད་གྲོས་བྱ་བ་ལེགས་པོར་བསྒྲུབ་ནས། ཐོག་མཐའ་བར་གསུམ་དུ་ཞིས་ཅིན་ཕིན་གྱི་དུས་རབས་གསར་བའི་ཀྲུང་གོ་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དེ་རིགས་སོ་སོའི་བྱ་བའི་སྤྱིའི་གཞི་འཛིན་ས་བྱས་ཏེ།ཏང་གི་ཁྲིད་སྟོན་བསམ་བློ་དང་སྲིད་ཇུས་ལངས་ཕྱོགས་དེ་ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གྲོས་རྩ་འཛུགས་དང་སྲིད་གྲོས་ནང་ཞུགས་པའི་ལས་ཁུངས་སོ་སོ་དང་སྲིད་གྲོས་ཨུ་ཡོན་ཡོངས་ཀྱིས་བསམ་བློའི་མཉམ་སྤྱོད་དང་རང་འགུལ་གྱི་བྱ་སྤྱོད་ཞིག་ལ་བསྒྱུར་ནས།རང་འགུལ་སྒོས་ཁུལ་ཡོངས་ཀྱི་ཁྱོན་ཡོངས་ལ་ཇུས་འགོད་བྱེད་པའི་བྱ་བ་ལེགས་པོར་བསྒྲུབ་དགོས་ཤིང་།  

ཁུལ་ཐེངས་བཅུ་གཉིས་པའི་ཏང་གི་ཚོགས་ཆེན་གྱི་ཡང་དག་པའི་བཀོད་སྒྲིག་ལྟར།དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་དཔལ་འབྱོར་སྒྲིག་གཞི་དཀྱིལ་སྙིང་དུ་བཟུང་ནས། ཤུགས་ཆེན་པོའི་སྒོ་ནས་ཞང་སྡེའི་འཐབ་ཇུས་འཕེལ་རྒྱས་ལག་བསྟར་བྱས་ཏེ།དམངས་འཚོའི་འགན་སྲུང་དང་སྤྱི་ཚོགས་བཅོས་སྐྱོང་ལ་སྐུལ་འདེད་བཏང་ནས། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་གཏན་འཁེལ་བྱས་པའི་ཐག་གཅོད་ཀྱི་ཚན་རིག་གི་གཞི་འཛིན་ས་བྱས་ཏེ།ཁུལ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་བར་ནུས་པ་གང་ལེགས་འདོན་དགོས།

  ཕྱོགས་ཡོངས་ནས་མི་དམངས་ཆབ་སྲིད་གྲོས་མོལ་གྱི་དམངས་གཙོའི་བརྒྱུད་ལམ་དང་ཆབ་སྲིད་གྲོས་མོལ་གྱི་སྡེ་ཁག་ནུས་པ་འདོན་སྤེལ་བྱས་ཏེ།ཆབ་སྲིད་གྲོས་མོལ་གྱི་ལམ་ལུགས་འཐུས་ཚང་དུ་བཏང་ནས། ཕུན་སུམ་ཚོགས་པའི་ཆབ་སྲིད་གྲོས་མོལ་གྱི་ནང་དོན་ཕུན་སུམ་ཇེ་ཚོགས་དང་ཆབ་སྲིད་གྲོས་མོལ་གྱི་ཆུ་ཚད་མཐོར་འདེགས་བཏང་ནས།ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཆེས་དོ་ཁུར་བྱེད་པའི་དོན་དག་དང་མི་དམངས་མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་དཀའ་ངལ་སྣ་ཚོགས་ལ་ཆབ་སྲིད་གྲོས་མོལ་གྱིས་རྟོབ་ཞིབ་བྱས་ཏེ།དེང་རབས་ཅན་གྱི་སྟོབས་ལྡན་ཁུལ་འཛུགས་སྐྲུན་བྱེད་པར་ནུས་པ་གང་ལེགས་འདོན་དགོས་པ་བསྟན།

ཁུལ་དམངས་ཆེན་དང་། ཁུལ་སྲིད་གཞུང་། ཚྭ་འདམ་འཁོར་རྒྱུག་དཔལ་འབྱོར་ཚོད་ལྟ་གླིང་གི་ཏང་གི་བྱ་བའི་ཨུ་ཡོན་ལྷན་ཁང་དང་།ཁུལ་འབྲིང་རིམ་མི་དམངས་ ཁྲིམས་ཁང་། ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་འགོ་ཁྲིད། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་སྡེ་ཁག་དང་། ཀྲུང་དབྱང་དང་ཞིང་ཆེན་དུ་སྡོད་པའི་ཁུལ་ཁོངས་གཏོགས་ཀྱི་འགན་འཁུར་བློ་མཐུན་དང་ཁུལ་སྲིད་གྲོས་དང་ཞིང་ཆེན་སྲིད་གྲོས་ཀྱི་འཐུས་མི་མིན་པའི་ཨུ་ཡོན་ཚོགས་ཆེན་ལ་གདན་ཞུ་བྱས།

  ཚོགས་ཆེན་དེ་གཟི་བརྗིད་ཀྱི་རྒྱལ་གླུའི་ཁྲོད་མཇུག་བསྡུས།

ཁུལ་སྲིད་གྲོས་ཀྱི་ཨུ་ཡོན། ཀྲང་ཡོན་གྱིས་བཤད་དོན།ཕྱིར་སོང་བ་ནས། རང་སྟེང་གི་ནུས་པ་མཐོར་འདེགས་དང་། ཆབ་སྲིད་ཀྱི་འདུ་ཤེས་ཇེ་མཐོརབཏང་ནས།ལས་ སྒོའི་ཆུ་ཚད་མཐོར་འདེགས་བཏང་སྟེ། ཨུ་ཡོན་གྱི་འགན་འཁྲིའི་ལས་འགན་ལེགས་ པོར་བསྒྲུབ་རྒྱུ་ཟེར།

 ཁུལ་སྲིད་གྲོས་ཀྱི་ཨུ་ཡོན་ཉིག་ཧེ་ཞིས་ཀྱིས་བསྟན་དོན།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆབ་སྲིད་རྟོགས་པ་དང་། ཆབ་སྲིད་ཤེས་པ། ཆབ་སྲིད་འཐུས་ཚང་གི་གལ་ ཆེའི་དགོངས་པ་ལྟར། ཁུལ་ཡོངས་ཀྱི་བྱ་བ་དཀྱིལ་སྙིང་དུ་བཟུང་ནས། འགན་འཁྲི་ལག་ལེན་བྱེད་རྒྱུ་ཟེར།

  ཁུལ་སྲིད་གྲོས་ཀྱི་ཨུ་ཡོན།ཨོ་རུ་ཀུ་ལེ་ཡིས་བཤད་དོན། ཐེངས་འདིའི་ཚོགས་ ཆེན་གཉིས་ཀྱི་སྙན་ཞུ་དོན་དངོས་ཡིན་ལ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་རེ་བ་ཡག་པོ་ཞིག་བཏོན་པས།ང་ཚོས་སྐྱེ་ཁམས་ཕྱུགས་ལས་ཀྱི་འཕེལ་རྒྱས་སྟེང་རེ་བ་ དང་བསམ་ཚུལ་མང་པོ་བཏོན་ནས། མཚོ་ནུབ་ཀྱི་ཁེ་ལས་ཞིག་ཡིན་པའི་ཆ་ནས།མཚོ་ནུབ་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་ནུས་པ་གང་ལེགས་འདོན་རྒྱུ་ཟེར།

གོང་མ།:ཁུལ་དམངས་འཐུས་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་བཞི་བ་རྒྱལ་ཁའི་ངང་གྲོལ།

ཞོལ་མ།:མཚོ་ནུབ་ཏང་སྲིད་འཐུས་ཚབ་ཚོགས་པས་མཚོ་བྱང་དང་རྨ་ལྷོ།མཚོ་ལྷོ་བཅས་སུ་རྟོག་ཞིབ་བྱས།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235