མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

ཁུལ་དམངས་འཐུས་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་བཞི་བ་རྒྱལ་ཁའི་ངང་གྲོལ།

ཡོང་ཁུངས།:  སྤེལ་དུས།:2018-03-29  རྩོམ་པ་པོ།:  རྩོམ་སྒྲིག་པ།:    ཀློགས་གྲངས།:

     དེ་རིང་སྔ་དྲོར། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་བཞི་བས་གྲོས་རིམ་ཡོངས་ལེགས་འགྲུབ་བྱུང་སྟེ། མཚོ་ནུབ་གྲོས་ཚོགས་ལྟེ་གནས་ནས་རྒྱལ་ཁའི་ངང་གྲོལ།

      ཚོགས་ཆེན་ལ་འཐུས་མི༢༤༨ཞུགས་དགོས་ཤིང་། དངོས་སུ་འཐུས་མི༢༠༩ཞུགས་ཡོད་པས་ཁྲིམས་ཀྱི་གཏན་འཁེལ་མི་གྲངས་དང་མཐུན།

      ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ཡོན་ཉིན། ཀོན་ཅུས།ཕང་ཅན་ཡཱ། ལི་ཡོན་ཞིན།པའེ་ཏི་ཞིན་བཅས་ཀྲུའུ་ཞིའི་སྟེགས་བུ་མདུན་གྲལ་དུ་བཞུགས་ཡོད། ཁུལ་གྱི་མགོ་ཁྲིད་མེང་ཧའེ།ཀླུ་ཁོ་རྒྱལ། ཀྲའོ་ལུང་ཞང་། ཝང་ཅིན་ཀྲའེ། ཝང་ཡོན། རྡོ་རྗེ། ལང་ཡན་གོསོགས་དང་ཀྲུའུ་ཞི་ཚོགས་པའི་ཁོངས་མི་ཀྲུའུ་ཞིའི་སྟེགས་བུ་སྟེང་བཞུགས་ཡོད་ལ།  ཡོན་ཉིན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས།

      ཚོགས་ཆེན་སྟེང་སྤྱིའི་འདེམས་ཤོག་ལྟ་སྐུལ་བ་དང་།འདེམས་ཤོག་ལྟ་སྐུལ་བའི་མིང་ཐོ་ལ་གྲོས་འཆམ་བྱུང་བ་དང་།   ཝང་ཅན་བའེ་མཚོ་ནུབ་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་མགོ་གཙོར་ཁ་གསབ་བདམས་ཐོན་བྱུང་ལ།  ཧྥང་ཐའེ།བཀྲ་ཤིས་ཚེ་རིང་། ཚེ་ལྷ་རྒྱལབཅས་ཁུལ་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་བའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལ་བདམས་ཐོན་བྱུང་བ་དང་།ཁུལ་དམངས་འཐུས་སྐབས་བཅུ་བཞི་བའི་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཁ་གསབ་ཨུ་ཡོན་གྱི་འོས་མི་འདེམ་བསྐོའི་བྱེད་ཐབས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཞིང་། ཁུལ་དམངས་འཐུས་སྐབས་བཅུ་བཞི་བའི་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཁ་གསབ་ཨུ་ཡོན་གྱི་མིང་ཐོ་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛུགས་གོ་རིམ་གཏན་འཁེལ་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གི་བྱ་བའི་སྙན་ཞུའི་གྲོས་ཆོད་དང་།  མཚོ་ནུབ་ཁུལ་གྱི༢༠༡༧ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་ལག་བསྟར་བྱས་ཚུལ་དང༢༠༡༨ལོའི་འཆར་གཞིའི་སྐོར་གྱི་གྲོས་ཆོད། མཚོ་ནུབ་ཁུལ་༢༠༡༧ལོའི་ནོར་སྲིད་སྔོན་རྩིས་ལག་བསྟར་གནས་ཚུལ་དང༢༠༡༨ལོའི་ནོར་སྲིད་སྔོན་རྩིས་སྐོར་གྱི་གྲོས་ཆོད། ཁུལ་མི་དམངས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་། ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུའི་གྲོས་ཆོད་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།

གྲོས་ཚོགས་ཀྱི་བསྟན་དོན། ཏང་གི་ཚོགས་ཆེན་བཅུ་དགུ་བའི་བསྟན་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེ་དུས་རབས་གསར་བའི་ཆབ་སྲིད་ཀྱི་ཆོད་གཏམ་གལ་ཆེ་ཞིག་ཡིན་ལ། ཞིས་ཅིན་ཕིན་གྱི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དེ་ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱིས་ངེས་པར་དུ་དུས་ཡུན་རིང་བོ་རྒྱུན་འཁྱོངས་བྱེད་དགོས་པའི་མཛུབ་སྟོན་བསམ་བློ་ལ་བརྩིས་ནས། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ཕུ་ཐག་ཆོད་པ་དང་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཀྱི་འཐབ་ལམ་གསར་བའི་དམིགས་འབེན་མགོ་རྩོམ་ནས།དུས་རབས་གསར་བར་རླབས་ཆེ་བའི་དཔེ་རིས་གསར་བ་འབྲི་དགོས་ཤིང་།  ཁུལ་ཨུའི་ཧྲུའུ་ཅི་བུན་གོ་ཏུང་གིས་ཚོགས་ཆེན་གཉིས་ལ་ཞུགས་པའི་དམངས་ཆེན་འཐུས་མི་དང་སྲིད་གྲོས་ཀྱི་ཨུ་ཡོན་གྱིས་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འགན་ནུས་ལེགས་པོ་བཏོན་རྒྱུ་དང་།ཆབ་སྲིད་ཀྱི་འདུ་ཤེས་ཇེ་མཐོར་གཏོང་བ།ཏང་གཤིས་འདུ་ཤེས་ཇེ་མཐོར་གཏོང་དགོས་པའི་རེ་བ་བཏོན་ཡོད་ལ།  འཐུས་མི་ཡོངས་ཀྱིས་གྲོས་ཚོགས་ཀྱི་དགོངས་དོན་དང་ཧྲུའུ་ཅི་བུན་གོ་ཏུང་གི་གཏམ་བཤད་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་སྒྲོག་བཟང་བོ་བྱས་ཏེ།ཁུལ་ཡོངས་ཀྱི་མི་དམངས་མང་ཚོགས་ཡོངས་དུས་རབས་གསར་བའི་སྟོབས་ལྡན་ཁུལ་འཛུགས་སྐྲུན་བྱེད་པའི་རང་འགུལ་རང་བཞིན་དང་ཧུར་བརྩོན་རང་བཞིན།གསར་སྐྲུན་རང་བཞིན་ལ་སྐུལ་སློང་བྱེད་དགོས་པ་བསྟན།

གྲོས་ཚོགས་བརྒྱུད་ནས།ང་ཚོས་སྔར་ལས་ལྷག་པའི་སྒོ་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོར་བྱས་ཏེ།ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ ལུགས་ཀྱི་བསམ་བློ་མཛུབ་སྟོན་དུ་བཟུང་སྟེ།ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་བ་ལག་ལེན་དོན་འཁྱོལ་བྱེད་པ་དང་།  ཚོགས་ཆེན་བཅུ་དགུ་བའི་ཚང་   འཛོམས་གྲོས་ཚོགས་སྐབས་གཉིས་པ་དང་།གསུམ་པ་དང་ཞིང་ཆེན་དང་ཁུལ་ཨུ་ཡི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལྟར། ཁུལ་ཨུ་ཡི་བརྟན་བརླིང་གི་དབུ་ཁྲིད་འོགབློ་བརྟན་འགྱུར་མེད་ཀྱིས་མདུན་བསྐྱོད་བྱས་ཏེ། མཚོ་ནུབ་དེ་སྔར་ལས་འབྱོར་ཕྱུག་ལྡན་པ་དང་།དཔལ་ཡོན་ལྡན་པ། འཆམ་མཐུན་ལྡན་པ། བདེ་སྐྱིད་ལྡན་པར་  ཧུར་བརྩོན་བྱེད་དགོས་པ་བསྟན།

   ཚོགས་འདུ་དེ། རྔམ་བརྗིད་ཀྱི་རྒྱལ་གླུའི་ཁྲོད་མཇུག་བསྡུས།

ཁུལ་དམངས་ཆེན་གྱི་འཐུས་མི།པའོ་ཧྲོན་ཧེ་ཡིས་བཤད་དོན། ཕྱིར་སོང་རྗེས༢༠༡༨ལོའི་བྱ་བའི་བཀོད་སྒྲིག་དང་གྲོས་ཚོགས་ཀྱི་དགོངས་དོན་ཀུན་ལ་བསྒྲགས་ནས།ཐོན་ལས་གསུམ་པའི་ཐུན་མོང་གི་དཔལ་འབྱོར་འཕེལ་རྒྱས་སུ་བཏང་ནས། གནད་ ཕིགས་དབུལ་སྐྱོར་དེ་གང་སར་ཁྱབ་ཏུ་འཇོག་རྒྱུ་ཟེར།

ཁུལ་དམངས་ཆེན་གྱི་འཐུས་མི།ལཱ་ཡོང་ཆོན་གྱིས་བཤད་དོན། ༢༠༡༨ལོ་དང་ཡང་སྔར་དང་འདྲ་བར་ང་ཚོས་ཁེ་ལས་ལེགས་པོར་བསྒྲུབ་ནས།སྔར་ལས་མང་པོའི་ཞིང་བ་དང་དབུལ་ཕོངས་ཁྱིམ་ཚང་ལ་རང་སེམས་ཕུལ་ནས་རོགས་རམ་བྱེད་རྒྱུ་ཟེར།

  ཁུལ་དམངས་ཆེན་གྱི་འཐུས་མི། འདྲ་ཀི་མཚོ་ཡིས་བཤད་དོན། ཚོགས་ཆེན་གཉིས་ཀྱི་དགོངས་དོན་དེ་མཛུབ་ཁྲིད་དུ་བཟུང་ནས།བྱ་བར་ཧུར་བརྩོན་བྱས་ནས་མི་དམངས་མང་ཚོགས་དང་སློབ་མའི་ཡིད་ཚིམས་པའི་དགེ་རྒན་ཞིག་བྱེད་རྒྱུ་ཡིན་ཟེར།

ཁུལ་དམངས་ཆེན་གྱི་འཐུས་མི།ལིས་ཞོ་ལིས་ཀྱིས་བཤད་དོན། ཕྱིར་སོང་རྗེས་ ངེས་པར་དུ་ནན་ཏན་གྱིས་ལག་བསྟར་བྱས་ཏེ། སྲིད་གཞུང་བྱ་བའི་སྙན་ཞུ་དང་དམངས་ཆེན་བྱ་བའི་སྙན་ཞུ་ང་ཚོ་གཞི་རིམ་གྱི་ཞིབ་དཔྱོད་བྱ་བའི་ཁྲོད་བཞག་སྟེ། གཏེར་ལམ་གྱི་ཁྲིམས་སྐྱོང་འཛུགས་སྐྲུན་ལ་ནུས་པ་གང་ལེགས་འདོན་རྒྱུ་ཟེར།

ཁུལ་དམངས་ཆེན་འཐུས་མི།བུན་གོ་ཀྲུང་གིས་བཤད་དོན། ང་ཚོ་ཕྱིར་སོང་རྗེས་ཐེངས་འདིའི་སྙན་ཞུའི་དྲིལ་སྒྲོག་ལེགས་པོ་བྱེད་པ་དང་།ལག་བསྟར་ལེགས་པོ་བྱས་ནས། ང་ཚོས་རང་ས་གནས་ཀྱི་ཐོན་ཁུངས་ཡོངས་བཀོལ་སྤྱོད་ལེགས་པོ་བྱས་ཏེ་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་པའི་ཕུགས་འདུན་མངོན་འགྱུར་བྱེད་རྒྱུ་ཟེར།

གོང་མ།:གུང་གཞོན་ཚོགས་པ་མཚོ་ནུབ་ཁུལ་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ་བསྡུས།

ཞོལ་མ།:མཚོ་ནུབ་ཁུལ་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པ་རྒྱལ་ཁའི་ངང་གྲོལ།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235