མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

གུང་གཞོན་ཚོགས་པ་མཚོ་ནུབ་ཁུལ་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ་བསྡུས།

ཡོང་ཁུངས།:  སྤེལ་དུས།:2018-04-02  རྩོམ་པ་པོ།:  རྩོམ་སྒྲིག་པ།:    ཀློགས་གྲངས།:

    ཉེ་ཆར།གུང་གཞོན་ཚོགས་པ་མཚོ་ནུབ་ཁུལ་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ་གཏེར་ལེན་ཁ་ནས་བསྡུས། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་བང་ཅིན་ཀྲེ་གྲོས་ཚོགས་ལ་ཞུགས་པ་མ་ཟད་གཏམ་བཤད་གལ་ཆེན་གནང་།

གྲོས་ཚོགས་ཀྱིས་བསྟན་དོན། འདས་ཟིན་པའི་ལོ་གཅིག་གི་རིང་་ལ།  ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་གུང་གཞོན་ཚོགས་པའི་རྩ་འཛུགས་ཀྱིས་ཡང་དག་པའི་མགོ་ཁྲིད་འོག ལྟེ་གནས་དཀྱིལ་སྙིང་དུ་འཛིན་པ་དང་། སྤྱི་ཡོངས་ལ་དམིགས་པ། ཁྱད་སྟོབས་འདོན་སྤེལ། འགན་ནུས་ལག་བསྟར་རྒྱུན་འཁྱོངས་བྱས་ཏེ།  གཞོན་ནུ་ལོ་ཆུང་གིས་བྱས་རྗེས་འཇོག་ཕོད་པར་སྣེ་ཁྲིད་དང་།གཞོན་ནུ་ལོ་ཆུང་རྣམས་བདེ་ཐང་ངང་འཚར་ལོངས་འབྱུང་བ། གཞོན་ནུ་ལོ་ཆུང་གི་ཁྲིམས་མཐུན་ཁེ་དཔང་ལ་སྲུང་སྐྱོབ་དང་ཁུལ་ཡོངས་ཀྱི་བྱ་འགུལ་གལ་ཆེན་ལ་ཞབས་ཞུ་བྱེད་པ་སོགས་ཀྱི་ཕྱོགས་ལ་གྲུབ་འབྲས་ཐོན་པའི་བྱ་བ་བསྒྲུབས་ལ། རྒྱ་ཆེའི་གུང་གཞོན་ཚོགས་པའི་གཞོན་ནུ་ལོ་ཆུང་རྣམས་ཀྱིས་ཏང་གི་འབོད་སྐུལ་དང་དུ་བླངས་ནས།བྱས་རྗེས་འཇོག་ཕོད་པ་དང་གསར་སྐྲུན་བྱེད་ཕོད་པ།  སྤོབས་པ་བསྐྱེད་དེ་འཐབ་ཕྱོགས་སོ་སོའི་ནས་གྲུབ་འབྲས་མི་དམའ་པ་བླངས་པའི་གཞོན་ནུ་ལོ་ཆུང་དཔེ་ལེགས་ཅན་སྐོར་ཞིག་བྱུང་བ་འདིས། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་རྩ་འཛུགས་གིས་ཏང་ལ་བློ་དཀར་བའི་ལས་རོགས་པ་དང་བློ་སེམས་གཏད་ཆོག་པའི་རྗེས་གྲབས་དམག་ཡིན་པ་མཚོན་ལ།རྒྱ་ཆེའི་མཚོ་ནུབ་ཀྱི་གཞོན་ནུ་ལོ་ཆུང་རྣམས་ནི་རླབས་ཆེའི་འདུན་མ་ཡོད་པ་དང་འགན་འཁྲི་དང་ལེན་ཕོད་པའི་དུས་རབས་ལ་མཁོ་བའི་ན་གཞོན་ཏག་ཏག་ཡིན་པ་བསྟན།

གྲོས་ཚོགས་ཀྱིས་ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་གུང་གཞོན་རྩ་འཛུགས་དང་རྒྱ་ཆེའི་གུང་གཞོན་ལས་བྱེད་པས་ཏང་གི་མགོ་ཁྲིད་འོག ཞིས་ཅིན་ཕིན་གྱི་དུས་རབས་གསར་བའི་སྤྱི་ཚོགས་རིང་ལུགས་བསམ་བློའི་དྲག་ཆས་ཀྱིས་གཞོན་ནུ་ལོ་ཆུང་རྣམས་སྣེ་ཁྲིད་བྱེད་དགོས་ཤིང་། གཞོན་ནུ་ལོ་ཆུང་གི་ནུས་པ་གཅིག་བསྡུས་བྱས་ཏེ།ཁུལ་ཡོངས་ཀྱི་བཅོས་བསྒྱུར་འཕེལ་རྒྱས་དང་སྤྱི་ཡོངས་ལ་དམིགས་པར་རམ་འདེགས་དང་།གུང་གཞོན་ཚོགས་པའི་རང་བརྟེན་འཕེལ་རྒྱས་དམ་འཛིན་བྱས་ཏེ། གུང་གཞོན་ཚོགས་པའི་རང་བཞིན་དང་ཁྱད་ཆོས་ལྟར།  ཏང་གི་སྒྲིག་ཡིག་ལ་བརྩི་སྲུང་དང་ནན་ཏན་གྱིས་གུང་གཞོན་ཚོགས་པའི་སྒྲིག་ཡིག་དངོས་འབེབ་བྱེད་པ་།གུང་གཞོན་ཚོགས་པའི་འཚོ་བ་ནན་སྲུང་བྱས་ནས།  གུང་གཞོན་ཚོགས་པའི་འདུ་ཤེས་སློབ་གསོ་་དང་གུང་གཞོན་པའི་འཕེལ་རྒྱས་མཉམ་བསྲེས་བྱས་ཐོག མུ་མཐུད་དུ་གུང་གཞོན་པའི་རང་བརྟེན་འཕེལ་རྒྱས་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་རེ་བ་བཏོན།

གྲོས་ཚོགས་སྟེང་།  གུང་གཞོན་ཚོགས་པ་ཁུལ་ཨུའི་ཧྲུའུ་ཅི་ཅང་ཏུན་མའེ་ཡིས་ཁ་བྱང་ལ༼ཐོག་མའི་འདུན་མ་མ་བརྗེད་པར་ཏང་གི་རྗེས་འབྲངས་ནས་འབད་བརྩོན་ལྷོད་མེད་ཀྱིས་མདུན་བསྐྱོད་དང་།རྣམ་པ་གསར་བ་དང་བྱས་རྗེས་གསར་བས་མཚོ་ནུབ་ཀྱི་གུང་གཞོན་ཚོགས་པའི་བྱ་བར་རྣམ་པ་གསར་བ་གསར་སྐྲུན་བྱེད་དགོས་པ་༽ཞེས་པའི་བྱ་བའི་སྙན་ཞུ་ཕུལ། གྲོས་ཚོགས་སྟེང་༼གུང་གཞོན་ཚོགས་པ་མཚོ་ནུབ་ཁུལ་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བས་གུང་གཞོན་ཚོགས་པ་ཁུལ་ཨུའི་ཨུ་ཡོན་གྱི་ལས་འགན་ཕྱིར་འཐེན་བྱས་པའི་གཏན་ཁེལ་ལ༽གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།ད་དུང་2017ལོའི་ཁུལ་ཡོངས་ཀྱི་གུང་གཞོན་ཚོགས་པའི་གནད་སའི་བྱ་བའི་དམིགས་འབེན་ཞིབ་བཤེར་དང་སྔོན་ཐོན་ས་གནས་དང་བརྡ་འཕྲིན་བྱ་བའི་སྔོན་ཐོན་ས་ཁུལ་དང་མི་སྒེར་ལ་གཟེངས་བསྟོད་བྱས།

གོང་མ།:ཞིང་ཆེན་ཡོངས་ཀྱི་གཞི་རིམ་ལས་བྱེད་པའི་དབུལ་སྐྱོར་ལས་སྒོའི་གསོ་སྦྱོང་འཛིན་གྲྭ་ཐེམ་ཆེན་རྫོང་དུ་སྤེལ།

ཞོལ་མ།:ཁུལ་དམངས་འཐུས་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་བཞི་བ་རྒྱལ་ཁའི་ངང་གྲོལ།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235