མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

ཞིང་ཆེན་ཡོངས་ཀྱི་གཞི་རིམ་ལས་བྱེད་པའི་དབུལ་སྐྱོར་ལས་སྒོའི་གསོ་སྦྱོང་འཛིན་གྲྭ་ཐེམ་ཆེན་རྫོང་དུ་སྤེལ།

ཡོང་ཁུངས།:  སྤེལ་དུས།:2018-04-02  རྩོམ་པ་པོ།:  རྩོམ་སྒྲིག་པ།:    ཀློགས་གྲངས།:

ཉེ་ཆར། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ཅུའུ་ཡིས་སྣེ་ཁྲིད་དེ་རྩ་འཛུགས་བྱས་པའི་ཞིང་ཆེན་ཡོངས་ཀྱི་གཞི་རིམ་ལས་བྱེད་པའི་དབུལ་སྐྱོར་ལས་སྒོའི་གསོ་སྦྱོང་འཆད་ཁྲིད་ཚོགས་པ་དང་སྡེ་བར་སྡོད་པའི་བྱ་བའི་སྐོར་ཞིབ་སྙན་ཞུ་ཚན་ཆུང་ཐེམ་ཆེན་རྫོང་དུ་སོང་ནས་གསོ་སྦྱོང་དང་སྒྲོག་འགྲེལ་བྱ་འགུལ་སྤེལ།

གསོ་སྦྱོང་གིས་དབུལ་སྐྱོར་གྱི་མ་མཐའི་སྲིད་ཇུས་དང་དབུལ་ཕོངས་ཁྱིམ་ཚང་གི་མ་མཐའི་སྨན་བཅོས་ཁག་ཐེག  མ་མཐའི་འཚོ་བའི་འགན་སྲུང་།   སྨན་བཅོས་རོགས་སྐྱོར་གྱི་མ་མཐའི་སྲིད་ཇུས། བདེ་ཐང་རོགས་སྐྱོར་ཀྱི་མ་མཐའི་སྲིད་ཇུས། དངུལ་རྩའི་རོགས་སྐྱོར་སྲིད་ཇུས་སོགས་ཕྱོགས་ཀྱི་ཤེས་བྱ་ལ་གཏིང་ཟབ་པའི་སྒོ་ནས་འགྲེལ་བཤད་བྱས་པ་མ་ཟད།ད་དུང་ཡུལ་དངོས་ནས་གསོ་སྦྱོང་ལ་ཞུགས་པའི་མི་སྣའི་སྲིད་ཇུས་ཕྱོགས་ཀྱི་དྲི་བར་ལན་བཏབ།

སྡེ་སྡོད་བྱ་བའི་སྐོར་ཞིབ་སྙན་ཞུ་ཚོགས་པའི་ཁུངས་མིས་རང་སྟེང་གི་སྡེ་བར་སྡོད་པའི་བྱ་བའི་མཉམ་མྱོང་ལ་ཟུང་འབྲེལ་བྱས་ཏེ། གཞི་རིམ་རྨང་གཞི་ཇེ་དྲག་ཏུ་གཏོང་བ་དང་དམངས་ཚིས་ལེགས་བཅོས་ཁག་ཐེག་བྱེད་པ། བྱ་བའི་བྱེད་སྟངས་བསྒྱུར་བ་སོགས་ཕྱོགས་ཀྱི་འཕེལ་རིམ་གསར་བ་དང་འགྱུར་ལྡོག་གསར་བ། ཕན་འབྲས་གསར་བ་བཅས་ཚོགས་ཞུགས་མི་སྣའི་བར་བསམ་བློ་བརྗེ་རེས་བྱས།

ཐེངས་འདིའི་གསོ་སྦྱོང་དང་སྐོར་ཞིབ་སྙན་ཞུའི་གྲོས་ཚོགས་བརྒྱུད། ཚང་མས་དབུལ་སྐྱོར་གྱི་རིགས་སོ་སོའི་སྲིད་ཇུས་བྱང་ཆུབ་པར་བྱེད་པ་དང་། གནད་ཕུགས་དབྱེ་འབྱེད། གནད་ཕུགས་ཕྱིར་འདོན། གནད་ཕུགས་དཔྱད་འཇོག་སོགས་དབུལ་ཐར་མཁྲེགས་གཏོར་གྱི་གནད་འགག་གི་གོ་རིམ་གྱི་བྱ་བའི་བླང་བྱ་དང་བཀོལ་སྤྱོད་ཀྱི་བྱེད་ཐབས་རྒྱུས་ལོན་ཡག་པོ་བྱས་ཏེ།དབུལ་ཕོངས་ཀྱི་ཞྭ་མོ་ཕུད་པའི་བྱ་བའི་ནུས་པ་ཇེ་མཐོར་གཏོང་དགོས་ཤིང་། དེ་དང་མཉམ་དུ་དཔེ་བཟང་མིག་དཔེར་བཟུང་ནས།གཞི་རིམ་ལ་བསྐྱོད་པ་དང་མང་ཚོགས་ལ་འདྲིས་པ། བྱ་བ་ཏན་ཏིག་གིས་བསྒྲུབ་ནས་ཐེམ་ཆེན་རྫོང་གི་དུས་ལྟར་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་ཐུབ་པར་རང་གི་ནུས་པ་འདོན་རྒྱུ་ཡིན་པ་བསྟན།

       

གོང་མ།:ཝང་ཅན་ཅོན་གྱིས་མཚོ་ནུབ་ཁུལ་དུ་སྤྱི་ཁྱབ་ཧྲུའུ་ཅིས་བསྟན་པའི་ཕྱོགས་སུ་བསྐྱོད་དེ་དུས་རབས་གསར་བའི་ཚྭ་མཚོ་འཕེལ་རྒྱས་སུ་གཏོང་བའི་མཁན་པོ་ཞིག་བྱེད་དགོས་ཞེས་ནན་གྱིས་བསྟན།

ཞོལ་མ།:གུང་གཞོན་ཚོགས་པ་མཚོ་ནུབ་ཁུལ་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ་བསྡུས།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235