མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

ཝང་ཅན་ཅོན་གྱིས་མཚོ་ནུབ་ཁུལ་དུ་སྤྱི་ཁྱབ་ཧྲུའུ་ཅིས་བསྟན་པའི་ཕྱོགས་སུ་བསྐྱོད་དེ་དུས་རབས་གསར་བའི་ཚྭ་མཚོ་འཕེལ་རྒྱས་སུ་གཏོང་བའི་མཁན་པོ་ཞིག་བྱེད་དགོས་ཞེས་ནན་གྱིས་བསྟན།

ཡོང་ཁུངས།:  སྤེལ་དུས།:2018-04-03  རྩོམ་པ་པོ།:  རྩོམ་སྒྲིག་པ།:    ཀློགས་གྲངས།:

ཉིན་འགའི་སྔོན་ལ།  ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཧྲིན་ཀྲང་ཝང་ཅན་ཅོན་མཚོ་སྔོན་ཚྭ་མཚོའི་བཟོ་ལས་མ་རྐང་ཚད་ཡོད་ཀུང་སི་རུ་ཕྱིན་ཏེ།ལས་བཟོ་བ་དང་ལྷན་དུ་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་སློབ་ལ་ཕྱིར་དྲན་དང་བཀའ་དྲིན་རྗེས་སུ་དྲན་དགོས་ཤིང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་མཛུབ་སྟོན་དུ་བཟུང་སྟེ། བློ་བརྟེན་འགྱུར་མེད་སྒོས་སྤྱི་ཁྱབ་ཧྲུའུ་ཅིས་བསྟན་པའི་ཕྱོགས་སུ་བསྐྱོད་པ་དང་ཚྭ་མཚོའི་ཐོན་ཁུངས་ལེགས་པོ་སྤྱད་དེ་དུས་རབས་གསར་བའི་ཚྭ་མཚོའི་འཕེལ་རྒྱས་སུ་གཏོང་བའི་མཁན་པོ་བྱ་དགོས་ཞེས་ནན་གྱིས་བསྟན།

ཚྭ་མཚོ་ནི་མཚོ་སྔོན་གྱི་ཐོན་ཁུངས་གཙོ་བོ་ཡིན། ཐོན་ཁུངས་བེད་སྤྱོད་ཀྱི་ཡང་དག་པའི་ཐབས་བཀོད་ཇུས་གཞི་གཏན་འབེབས་བྱས་ཏེ་བེད་སྤྱོད་ལེགས་པོ་བྱ་དགོས་ལ། ལོ་ངོ་གཅིག་གི་རིང་དུ་ཚྭ་མཚོའི་ཐོན་ཁུངས་གསར་གཏོད་ལས་བཟོ་བས་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་སློབ་དང་དུ་བླངས་ཏེ་དཀའ་ཁག་དང་ངལ་བ་ཁྱད་དུ་བསད་ཅིང་ལག་ལེན་དངོས་ལ་ཞུགས། ཅཱ་ལས་བརྒལ་ནས་མའེ་དམ་འཛིན་དང་ལའེ་འཕེལ་རྒྱས་སུ་གཏོང་བ། བུལ་སྡེབ་སྦྱོར།ལུའེ་ལེགས་བསྒྱུར་བཅས་ཀྱི་རྣམ་པའི་འཐབ་ཇུས་བཏོན་ནས་ཞུན་བརྡར་མདུན་སྐྱོད་སྒོས་ལག་རྩལ་ཐོག་གི་དཀའ་གནད་སེལ་ཞིང་།ཚྭ་མཚོའི་ལས་དོན་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་བསྐྲུན།

ཝང་ཅན་ཅོན་ཚྭ་མཚོ་ཅཱ་ལུད་ཀུང་སི་དང་ཚྭ་མཚོ་མའེ་ལས་ཀྱི་ལས་སྐྲུན་ཡུལ་དངོས་སུ་ཕྱིན་ཏེ།ཁེ་ལས་སུ་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་སློབ་ལག་ལེན་དོན་འཁྱོལ་བྱས་པའི་གནས་ཚུལ་ལ་རྒྱུས་ལོན་བྱེད་པའི་ཞོར་ལ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་མཛུབ་སྟོན་དུ་བཟུང་སྟེ།བློ་བརྟེན་འགྱུར་མེད་སྒོས་སྤྱི་ཁྱབ་ཧྲུའུ་ཅིས་མཛུབ་སྟོན་གལ་ཆེན་དོན་ཐོག་ཏུ་འཁྱོལ་བར་འབད་དགོས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་དང་།དེ་མིན་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་བཅས་ལ་དམ་པོར་སྦྲེལ་ནས་ཚྭ་མཚོའི་ལས་དོན་ཡག་པོ་འཁྱོངས་དགོས་པར་ནན་གྱིས་བསྟན།

ཝང་ཅན་ཅོན་གྱིས་བསྟན་དོན།སྤྱི་ཁྱབ་ཧྲུའུ་ཅིས་ཚྭ་མཚོར་རྟོག་ཞིབ་བྱས་པར་མ་ཟད་བླང་བྱ་གལ་ཆེན་བཏོན་པས། ཁེ་ལས་འཕེལ་རྒྱས་ཐད་ཁ་ཕྱོགས་གསལ་བོར་བསྟན་ཞིང་། སྔ་ན་མེད་པའི་འཕེལ་རྒྱས་ཀྱི་གོ་སྐབས་བཟང་བོ་ཐོབ།ཚྭ་མཚོར་འདང་རྩི་ཡོད་མཁན་དང་དེའི་ཐད་སྐད་ཆ་ཤོད་ཐུབ་མཁན། སྲུང་སྐྱོང་བྱེད་མཁན། འགན་ཐེག་མཁན།བྱས་རྗེས་འཇོག་མཁན་བཅས་ཚྭ་མཚོའི་ལས་བཟོ་བ་ཡོངས་ཡིན།  དེ་བས་ཁྱེད་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་སློབ་དང་རེ་བ་སྟོད་ཟད་དུ་མི་གཏོང་བར་ཚྭ་མཚོའི་ལས་དོན་ལེགས་པོར་བསྒྲུབ་དགོས།

ཝང་ཅན་ཅོན་གྱིས་བསྟན་དོན།   ཚྭ་མཚོའི་རིན་ཐང་ལ་མཐོན་ཆེན་ཚད་མེད་གནང་དགོས་ཤིང་ཁེ་ལས་ཀྱི་ཡང་དག་པའི་རིན་ཐང་ལྟ་བ་ཆགས་སུ་བཅུག་ནས་དོ་དམ་པའམ་ལས་བཟོ་བ་སོ་སོས་ཚྭ་མཚོའི་རིན་ཐང་སླད་དུ་ཧུར་བརྩོན་དང་ཐོན་ཁུངས་དེ་ལ་སྲུང་སྐྱོང་། ཐོན་ཁུངས་ཚད་མེད་པ་ཞིག་མིན་པའི་གེགས་སྐྱོན་སེལ་བའི་འདུ་ཤེས་ཡོད་པ་དང་ངོས་ཟིན་ཇེ་མཐོར་བཏང་ནས།ཚན་རིག་ལག་རྩལ་ལ་དོ་ཁུར་བྱས་ཏེ་རང་སྟེང་གི་སྟོབས་ཤུགས་རྒྱ་བསྐྱེད་དང་ནུས་པ་བསྔོག་འདོན།ཐོན་ལས་ལེགས་བསྒྱུར་དང་འཁོར་རྒྱུག་བེད་སྤྱོད།  སྤུས་ཀ་དང་ཕན་འབྲས་ལ་དམ་འཛིན།གནད་དོན་ཐག་གཅོད་སྒོས་ཇེ་རྒྱས་ཇེ་ལེགས་སུ་བཏང་སྟེ།དུས་རབས་གསར་བའི་ཚྭ་མཚོའི་གསར་འབྱེད་མཁན་པོ་ཞིག་བྱ་དགོས།

ཡུས་ཚུན་ལིག་རྟོག་ཞིབ་ཏུ་འགྲོ་རོགས་བྱས།  

གོང་མ།:མཚོ་ནུབ་ཁུལ་གྱི་དབུལ་སྐྱོར་མཁྲེགས་གཏོར་སྔོན་ཐོན་བྱས་རྗེས་སྙན་ཞུ་ཚོགས་པ་ཐེམ་ཆེན་རྫོང་དུ་སྐོར་ཞིབ་སྒྲོག་འགྲེལ་བྱས།

ཞོལ་མ།:ཞིང་ཆེན་ཡོངས་ཀྱི་གཞི་རིམ་ལས་བྱེད་པའི་དབུལ་སྐྱོར་ལས་སྒོའི་གསོ་སྦྱོང་འཛིན་གྲྭ་ཐེམ་ཆེན་རྫོང་དུ་སྤེལ།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235