མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

མཚོ་ནུབ་ཁུལ་གྱི་དབུལ་སྐྱོར་མཁྲེགས་གཏོར་སྔོན་ཐོན་བྱས་རྗེས་སྙན་ཞུ་ཚོགས་པ་ཐེམ་ཆེན་རྫོང་དུ་སྐོར་ཞིབ་སྒྲོག་འགྲེལ་བྱས།

ཡོང་ཁུངས།:  སྤེལ་དུས།:2018-04-10  རྩོམ་པ་པོ།:  རྩོམ་སྒྲིག་པ།:    ཀློགས་གྲངས།:

ཉིན་འདི་འགའི་རིང་ལ།  མཚོ་ནུབ་ཁུལ་གྱི་དབུལ་སྐྱོར་མཁྲེགས་གཏོར་སྔོན་ཐོན་བྱས་རྗེས་སྐོར་ཞིབ་སྙན་ཞུ་ཚོགས་པ་ཐེམ་ཆེན་རྫོང་དུ་སོང་ནས་ཐེམ་ཆེན་རྫོང་གི་ཞང་གྲོང༡༠ལ་གཅིག་བསྡུས་སྒོས་ཆེད་དོན་སྒྲོག་འགྲེལ་སོགས་བྱེད་ཐབས་སྤྱད་དེ་སྐོར་ཞིབ་སྙན་ཞུ་ཐེངས་དྲུག་ལ་སྤེལ།

          དུས་ཡུན་ཉིན་གསུམ་ཡིན་པའི་སྐོར་ཞིབ་སྙན་ཞུའི་ཁྲོད། སྙན་ཞུ་ཚོགས་པའི་འཐུས་མི་བདུན་གྱིས་ཁོ་ཚོས་བྱ་བ་དངོས་ཀྱི་སྟེང་བྱུང་བའི་ཉམས་མྱོང་གིས་དབུལ་སྐྱོར་དང་དབུལ་ཐར་གྱི་གོ་རིམ་ཁྲོད་བྱུང་བའི་དོན་དངོས་ཀྱི་གནས་ཚུལ་རྒྱས་བཤད་བྱས་ནས། སྡེ་སྡོད་ཧྲུའུ་ཅི་དང་པོས་སྡེ་མི་རྣམས་སྣེ་ཁྲིད་དེ་དབུལ་ཐར་ཕྱུག་འགྱུར་བྱས་པའི་གསར་གཏོད་ཀྱི་སྙིང་སྟོབས་དང་གཞི་རིམ་དབུལ་སྐྱོར་ལས་བྱེད་པས་གཞི་རིམ་ལ་རྩ་བ་ཟུག་པ་དང་།  བྱ་བར་འབད་བརྩོན་བྱས་པའི་སྤོབས་པ་མཚོན་པར་བྱས་ཤིང་།སྤྱི་ཚོགས་ཀྱི་ནུས་པས་དབུལ་སྐྱོར་མཁྲེགས་གཏོར་གྱི་བྱ་བར་བཞག་པའི་བྱས་རྗེས་དང་སྙིང་སྟོབས་མཚོན་ལ།དབུལ་ཕོངས་མང་ཚོགས་དབུལ་ཕོངས་ལས་ཐར་ནས་སྤྱི་ཚོགས་ལ་དྲིན་གཟོ་བའི་རང་སྟོབས་ཀྱི་སྙིང་སྟོབས་ཀྱང་མཚོན་ཡོད་པས།བློ་དཀར་བའི་ཚིག་འབྲུ་རེ་རེ་ལས་མི་སེམས་འགུགས་པའི་གཏམ་རྒྱུད་གླེང་པས་ཚོགས་ཞུགས་བློ་མཐུན་ཡོངས་ཀྱི་བློ་སེམས་བཀུག

            ཐེམ་ཆེན་རྫོང་འབྲུག་ཁྱུང་ཞང་རྨང་བཟའ་སྡེ་བའི་སྡེ་བའི་ལས་བྱེད་པ་འབུམ་ཐར་རྒྱལ་གྱིས་བཤད་རྒྱུར།ངས་དེ་རིང་གི་སྙན་ཞུ་ལ་ཉན་རྗེས། ཅི་ལྟར་དབུལ་ཕོངས་ཀྱི་ཁྱིམ་ཚང་དབུལ་ཕོངས་ལས་ཐར་ཐུབ་པའི་བྱེད་ཐབས་ཤེས་པ་མ་ཟད། སྡེ་བའི་ཏང་ཡོན་གྱིས་ཇི་ལྟར་བྱས་ན་ད་གཟོད་དབུལ་ཕོངས་ལ་རོགས་སྐྱོར་བྱེད་ཐུབ་པ་དང་སྣེ་ཁྲིད་བྱེད་པའི་ནུས་པ་འདོན་ཐུབ་པ་སོགས་ཕྱོགས་ལ་ཉམས་མྱོང་མང་པོ་ཐོབ་ཟེར།

གོང་མ།:གཏེར་ལམ་རྫོང་ཞིང་སྡེ་ཚོང་ལས་དངུལ་ཁང་གི་ཡིད་རྟོན་བཟོ་སྐྲུན་གྱིས་དཔལ་འབྱོར་འཕེལ་རྒྱས་ལ་རོགས་འདེགས་ཆེན་པོ་བྱས།

ཞོལ་མ།:ཝང་ཅན་ཅོན་གྱིས་མཚོ་ནུབ་ཁུལ་དུ་སྤྱི་ཁྱབ་ཧྲུའུ་ཅིས་བསྟན་པའི་ཕྱོགས་སུ་བསྐྱོད་དེ་དུས་རབས་གསར་བའི་ཚྭ་མཚོ་འཕེལ་རྒྱས་སུ་གཏོང་བའི་མཁན་པོ་ཞིག་བྱེད་དགོས་ཞེས་ནན་གྱིས་བསྟན།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235