མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

གཏེར་ལམ་རྫོང་ཞིང་སྡེ་ཚོང་ལས་དངུལ་ཁང་གི་ཡིད་རྟོན་བཟོ་སྐྲུན་གྱིས་དཔལ་འབྱོར་འཕེལ་རྒྱས་ལ་རོགས་འདེགས་ཆེན་པོ་བྱས།

ཡོང་ཁུངས།:  སྤེལ་དུས།:2018-04-10  རྩོམ་པ་པོ།:  རྩོམ་སྒྲིག་པ།:    ཀློགས་གྲངས།:

དཔྱིད་འདེབས་རྨོ་འདེབས་ཀྱི་དུས་འདིར། གཏེར་ལམ་ཞིང་ཚོང་དངུལ་ཁང་གིས༼གཞི་གཉིས་མཉམ་འཛུགས༽བྱེད་པའི་ཡིད་རྟོན་བཟོ་སྐྲུན་ལ་རྒྱབ་རྟེན་བྱས་ཏེ།མ་དངུལ་སྒོར་དུང་་ཕྱུར་གཅིག་བྱེ་བ་གཅིག་གྲབས་གསོག་བྱས་ནས། ས་གནས་ཞིང་བ་དུད་ཁྱིམ་དང་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གྲ་སྒྲིག་ལ་དངུལ་བུན་ཕྱོགས་ནས་ལེགས་སྐྱེས་ཆེན་པོ་འདོན་སྤྲོད་བྱས།

     ཟླ་གཉིས་པ་ནས་བཟུང་། གཏེར་ལམ་ཞིང་སྡེ་ཚོང་ལས་དངུལ་ཁང་གིས་བྱ་བའི་ཚན་ཆུང་རྩ་འཛུགས་བྱས་ནས།ཞབས་ཕྱིའི་ཁོངས་གཏོགས་ཀྱི་སྡེ་བ་དང་རུ་ཁག་ནས་དངུལ་བུན་མར་སྟེར་བའི་ཉིན་རེའི་བཀོད་སྒྲིག་ལྟར།ཁྱིམ་ཚང་དང་སྡེ་བ་རུ་འགྲོ་བ། ཡུལ་དངོས་ནས་གཞུང་སྒྲུབ་བྱས་ཏེ། གཅིག་བསྡུས་སྒོས་དངུལ་བུན་མར་བྱིན་པ་དང་།དངུལ་བུན་གྱིས་དཔྱིད་འདེབས་གྲ་སྒྲིག་ལ་དལ་འགོར་མི་བྱེད་པ་བརྩོན་ལེན་བྱས།

གཏེར་ལམ་ཞིང་ཚོང་དངུལ་ཁང་ཚྭ་ཧན་བུའུ་སོའོ་ཡན་ལན་དངུལ་ཁང་གི་མགོ་གཙོ།   མཱ་ཝུན་ཕིན་གྱིས་བཤད་རྒྱུར།  ངེད་དངུལ་ཁང་གིས་ན་ནིང་ནས་བཟུང་ད་ཡོད་ཀྱི་ཞིང་བའི་དངུལ་བུན་གྱི་གྲངས་ཀ་ཇེ་མཐོར་བཏང་ནས།  སྔོན་གྱི་སྒོར་ཁྲི་གཅིག་ནས་ཁྲི་ལྔ་བར་ཡིན་པ་དེ་ད་ལྟ་སྒོར་ཁྲི་གཉིས་ནས་ཁྲི་བཅུའི་བར་འཕར་ཡོད་ལ།  སྤྱིའི་དངུལ་ཁང་གིས་ལྟ་སྐུལ་ཚན་ཆུང་བཙུགས་ནས་ང་ཚོའི་དངུལ་བུན་མར་སྟེར་བའི་བྱ་བར་ལྟ་སྐུལ་དང་ཞིབ་བཤེར་བྱེད་བཞིན་ཡོད་པས།བྱ་བ་དྲང་བདེན་ཡོང་བར་ཁག་ཐེག་བྱས་ཡོད་ལ། དེ་མིན་རོང་འབྲོག་ཁུལ་གྱི་དཔྱིད་ཀའི་ཐོན་རྗས་གྲ་སྒྲིག་བྱ་བར་མ་དངུལ་མཁོ་འདོན་ལེགས་པོ་བྱས་ཡོད་ཟེར།

ཤར་སྡེའི་ཆའོ་ཡུས་ལིན་ཚང་ནས།རྫོང་ཞིང་སྡེ་ཚོང་ལས་དངུལ་ཁང་གི་ལས་བྱེད་པ་རྣམས་ཀྱིས་ཁོ་ལ་དངུལ་བུན་གྱི་འགྲོ་ལུགས་སྒྲུབ་བཞིན་པའི་སྒང་ཡིན།ཡིད་རྟོན་གྱི་རིམ་པ་ལྟར་ཁོ་ལ་དངུལ་བུན་སྒོར་ཁྲི་བརྒྱད་བསྐྱིས།  སྒོར་མོ་འདི་དག་གིས་དཔྱིད་འདེབས་གྲ་སྒྲིག་ཕྱོགས་ལ་མ་དངུལ་གཏོང་བ་ལས་གཞན།  ཁོས་ཚོང་ལས་ཆུང་ཆུང་ཞིག་གཉེར་འདོད་ཡོད་པས།དེ་ལྟར་བྱས་ན་ཁྱིམ་ཚང་གི་ཡོང་སྒོ་ཇེ་མཐོར་གཏོང་ཐུབ།

  གཏེར་ལམ་རྫོང་ཤར་སྡེའི་སྡེ་མིཆའོ་ཡུས་ལིན་གྱིས་བཤད་རྒྱུར།ད་ལྟ་དངུལ་བུན་ལེན་པའི་གོ་རིམ་ཧ་ཅང་སྟབས་བདེ་ཡིན། སྒོར་མོ་ཐད་ཀར་ངའི་དངུལ་བྱང་སྟེང་འབྱོར་ཐུབ་པས།  བཀོལ་སྤྱོད་ལའང་སྟབས་བདེ་བཟོས་ཡོད་ཟེར།

རོང་འབྲོག་མང་ཚོགས་ཀྱིས་དངུལ་བུན་ལེན་དཀའ་བ་དང་སྐྱེད་ཀ་མཐོ་བའི་གནད་དོན་སེལ་ཆེད།མིག་སྔར་དངུལ་ཁང་འདིའི་ཆ་རྐྱེན་དང་མཐུན་པའི་རོང་འབྲོག་དུད་ཁྱིམ་11352ཡིད་རྟོན་ཁྱིམ་ཚང་ལ་གཏན་འཁེལ་བྱས་ཏེ།༼དམངས་ཚོས་བྱང་བུ་ཀུན་རྒྱུག༽སྒྲུབ་ནས་ཡིད་རྟོན་ཞབས་ཕྱི་བསྒྲུབས་པ་ཡིན།།

གཏེར་ལམ་རྫོང་ཏིང་ཧྲན་ཀུན་སྡེ་བ་བར་མའི་སྡེ་མི་ཝང་ཡུས་ཧྥང་གིས་བཤད་རྒྱུར།  ད་ལྟ་ང་ཚོའི་༼དམངས་ཚོས་བྱང་བུ་ཀུན་རྒྱུག༽ནི་ཡིད་རྟོན་གྱི་རིམ་པའི་གཏན་ཁེལ་དང་མཐུན་ན་ཆོག་ལ། ང་ཚོས་དུས་ངེས་མེད་པར་བྱང་བུ་སྟེང་གི་མ་དངུལ་བཀོལ་ཆོག  སྐྱེད་ཀའང་དམའ་བས་ཚང་མར་སྟབས་བདེ་གང་མང་བཟོས་ཡོད་ཟེར།

ཆེས་ཆུང་བའི་ཁེ་ལས་ཀྱི་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་ཆེད།  ད་ལོའི་ལོ་སྟོད་ལ་དངུལ་ཁང་འདིས་ཡང་བསྐྱར་བར་འདུག་མི་དགོས་པ་དང་གཏའ་མ་མི་དགོས་པའི་ཞིང་བའི་དངུལ་བུན་ལ་སྟབས་བདེ་བཟོས་ཡོད།

  གཏེར་ལམ་རྫོང་ཞིང་སྡེ་ཚོང་ལས་དངུལ་ཁང་གིས་མགོ་གཙོ་ལའོ་ཧའེ་ཡིས་བཤད་རྒྱུར།རྫོང་ཁོངས་ཀྱི་འཇོན་མི་དང་ཕྱུག་འགྱུར་ལག་ཤེས་པ། ཁྱིམ་ཚང་གི་ཞིང་ར།  ཆེད་ལས་མཉམ་ལས་ཁང་།ཐོན་ལས་ཅན་གྱི་སྣེ་ཁྲིད་ཁེ་ལས། གནས་སྐོར་ཁེ་ལས། ཞིང་ཁྱིམ་སྤྲོ་སྐྱིད་ཁང་སོགས་གསར་དར་ཞིང་ལས་དཔལ་འབྱོར་བདག་གཉེར་ཅན་གཙོ་བྱས་པའི་མ་དངུལ་མཉམ་བསྲེས་ཀྱི་དགོས་མཁོ་དང་ས་གནས་ཀྱི་དགོས་མཁོ་ལྟར།གསར་དར་ཞིང་ལས་ཀྱི་དངུལ་བུན་ཐོན་རྫས་འདོན་སྤྲོད་བྱས།

   གསར་དར་ཞིང་ལས་ཀྱི་དངུལ་བུན་ཐོན་རྫས་ཀྱིས་དཔལ་འབྱོར་ཀྱི་འཕེལ་རྒྱས་གཙོར་བར་གསོན་ཤུགས་གསར་བ་བསྣན་པ་དང་།རྫོང་མངའ་ཁུངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྒུལ་ཤུགས་གསར་བ་བསྣན།

ཞིང་བའི་སྤྲོ་སྐྱིད་ཁང་གི་བདག་གཉེར་བ།  ཀྲང་ཡའེ་ཆིན་གྱིས་བཤད་རྒྱུར།  ད་ལྟ་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་བས། ང་རང་ཉིད་ཀྱི་ཞིང་བའི་སྤྲོ་སྐྱིད་ཁང་འདི་གཉེར་བ་ཡིན།  ལོ་འདི་གའི་རིང་ལ། དཔལ་འབྱོར་འཕེལ་རྒྱས་བཟང་བས།གནས་སྐོར་བ་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད་ལ། ངས་གཞི་རྒྱ་ཆེ་རུ་གཏོང་རྩིས་ཡོད་ནའང་། ལག་དངུལ་དེ་འདྲ་མང་པོ་ཞིག་མེད།འོན་ཀྱང་ཞིང་ཚོང་དངུལ་ཁང་གི་བར་འདུག་དང་སྐྱེད་ཀ་དམའ་བའི་སྲིད་ཇུས་ལག་བསྟར་བྱས་པ་འདིས།ངས་གནད་དོན་མང་པོ་ཞིག་སེལ་བ་མ་ཟད། སྔར་ལས་ཡིད་ཆེས་དང་སེམས་ཤུགས་མང་པོ་སྦྱིན་ཟེར།

མིག་སྔའི་བར་དུ།  གཏེར་ལམ་ཞིང་སྡེ་ཚོང་ལས་དངུལ་ཁང་གིས་དཔྱིད་འདེབས་རྨོ་འདེབས་གྲ་སྒྲིག་ལ་དངུལ་བུན་ཐེངས1097ལ་བཏང་། མ་དངུལ་སྒོར་བྱེ་བ་དྲུག་ས་ཡ་ལྔ་འབུམ་དགུ་ཁྲི་དྲུག་ལ་སླེབས།ཁེ་ལས་22ལ་དངུལ་བུན་སྒོར་བྱེ་བ་གཅིག་ས་ཡ་གཅིག་འབུམ་གཉིས་ཁྲི་གསུམ་བཏང་བས། ས་གནས་འདིའི་རོང་འབྲོག་མང་ཚོགས་ལ་རྒྱབ་སྐྱོར་ཆེན་པོ་ཐོབ།

གོང་མ།:ཝུན་གོ་ཏུང་འཁོར་དང་བཅས་པས་ཀྲུང་ཧྭ་རྒྱལ་ཡོངས་མཁོ་འཚོང་མཉམ་འབྲེལ་སྤྱི་ཁང་གི་འགོ་ཁྲིད་དང་ཐོན་ཁུངས་ཕྱོགས་གཅིག་བསྡུས་ཀྱི་དོན་དག་ལ་མཐུད་སྦྲེལ་བྱས།

ཞོལ་མ།:མཚོ་ནུབ་ཁུལ་གྱི་དབུལ་སྐྱོར་མཁྲེགས་གཏོར་སྔོན་ཐོན་བྱས་རྗེས་སྙན་ཞུ་ཚོགས་པ་ཐེམ་ཆེན་རྫོང་དུ་སྐོར་ཞིབ་སྒྲོག་འགྲེལ་བྱས།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235