མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

ཝུན་གོ་ཏུང་འཁོར་དང་བཅས་པས་ཀྲུང་ཧྭ་རྒྱལ་ཡོངས་མཁོ་འཚོང་མཉམ་འབྲེལ་སྤྱི་ཁང་གི་འགོ་ཁྲིད་དང་ཐོན་ཁུངས་ཕྱོགས་གཅིག་བསྡུས་ཀྱི་དོན་དག་ལ་མཐུད་སྦྲེལ་བྱས།

ཡོང་ཁུངས།:  སྤེལ་དུས།:2018-05-16  རྩོམ་པ་པོ།:  རྩོམ་སྒྲིག་པ།:པད་མོ་འཛིན།    ཀློགས་གྲངས།:

ཉེ་ཆར།ཁུལ་ཨུའི་ཧྲུའུ་ཅི་ཝུན་གོ་ཏུང་གིས་ཁུལ་ཨུའི་རྒྱུན་ཨུའམ་ཚྭ་འདམ་འཁོར་རྒྱུག་དཔལ་འབྱོར་ཚོད་ལྟ་ཁུལ་ཏང་གི་བྱ་བའི་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཧྲུའུ་ཅི་གཞོན་པ།དོ་དམ་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཀྲུའུ་རིན་གཞོན་པ་མའོ་ཁྲུང་མེན་དང་།མང་ནེ་བྱ་བའི་ཨུ་ཡོན་ལྷན་ཁང་དང་ཁུལ་རྒྱལ་ཁོངས་ཐོན་ཁུངས་ཅུའུ་འགན་ཁུར་བློ་མཐུན་གཙོ་བོ་དག་གི་སྣེ་ཁྲིད་ནས་ཀྲུང་ཧྭ་རྒྱལ་ཡོངས་མཁོ་འཚོང་མཉམ་འབྲེལ་སྤྱི་ཁང་གི་ཏང་ཙུའུ་ཧྲུའུ་ཅིའམ་ལས་འཛིན་ཚོགས་པའི་ཀྲུའུ་རིན་བཱང་ཞར་མཇལ་འཕྲད་བྱས་པ་མ་ཟད།ཀྲུང་གོ་མཁོ་འཚོང་སྡེ་ཚོགས་ཚད་ཡོད་ཀུང་ཟི་དང་ཀྲུང་ནུང་སྡེ་ཚོགས་ཀྱི་འགོ་ཁྲིད་དང་མཉམ་དུ་ཏ་ལིང་ཐང་ཚྭ་མཚེའུ་ཐོན་ཁུངས་ཕྱོགས་བསྡུས་དོན་དག་ལ་མཐུད་སྦྲེལ་གྱི་བཞུགས་མོལ་བྱས།

ཝུན་གོ་ཏུང་གིས་བཞུགས་མོལ་སྐབས་བསྟན་དོན།ཏ་ལིང་ཐང་ཚྭ་མཚེའུ་ཐོན་ཁུངས་ཕྱོགས་བསྡུས་ལ་སྐུལ་འདེད་བྱེད་པ་ནི་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཏན་ཏིག་བཞིའི་གལ་ཆེའི་བླང་བྱ་ལག་ལེན་དོན་འཁྱོལ་བྱེད་པའི་བྱེ་བྲག་གི་བྱེད་ཐབས་ཤིག་ཡིན་ལ།ཚྭ་མཚེའུ་ཐོན་ཁུངས་ཀྱི་གསར་སྤེལ་དང་ཕྱོགས་བསྡུས་བེད་སྤྱོད།ནུས་ཆོད་ལྡན་པའི་སྲུང་སྐྱོབ་ལ་ཕན་པ་ཡོད་པ་བསྟན་པ་དང་།རེ་བ་ལ་ཀྲུང་ནུང་སྡེ་ཚོགས་ཀྱིས་ངེས་པ་དོན་གྱིས་ཏ་ལིང་ཐང་ཚྭ་མཚེའུ་ཐོན་ཁུངས་ཕྱོགས་བསྡུས་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ།ཕྱོགས་བསྡུས་བྱ་བར་ཐོད་བརྒལ་རང་བཞིན་གྱི་གྲུབ་འབྲས་ལེན་པར་ཁག་ཐེག་བྱ་དགོས།ཀྲུང་ནུང་སྡེ་ཚོགས་ཀྱིས་མ་དངུལ་དང་ལག་རྩལ།འཇོན་མིའི་ཕྱོགས་ཀྱི་གནས་བབ་ལེགས་པོ་འདོན་སྤེལ་གང་ལེགས་བྱས་ཏེ།ཁོར་རྒྱུག་འཕེལ་རྒྱས་ཀྱི་འདུ་ཤེས་ལྟར།ཅཱ་ལུད་ཐོན་སྐྱེད་ཚད་ལྡན་དུ་གཏོང་པར་སྐུལ་འདེད་བྱེད་དགོས་པ་མ་ཟད།ཤུགས་ཆེན་པོས་ཐན་སྐྱུར་ལིས་དང་ཞིགས་རྒྱུ་སོགས་སྨད་རྒྱུད་ཐོན་ལས་འཕེལ་རྒྱས་སུ་བཏང་སྟེ།ཐོན་ལས་མུ་སྔར་ལས་རྒྱུན་བསྲིང་བྱ་དགོས།ཀྲུང་དབྱང་གི་བཀོད་སྒྲིག་ལྟར།མཚོ་ནུབ་ཀྱི་དབུལ་ཐར་མཁྲེགས་གཏོར་སོགས་བྱ་བར་ཐུགས་ཁུར་དང་རྒྱབ་སྐྱོར་བྱེད་དགོས་པའི་རེ་བ་བཏོན།མཚོ་ནུབ་ཁུལ་ཨུ་དང་ཁུལ་སྲིད་གཞུང་།ཚྭ་འདམ་འཁོར་རྒྱུག་དཔལ་འབྱོར་ཚོད་ལྟ་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་གིས་ཧུར་བརྩོན་སྒོས་འབྲེལ་ཡོད་ཁེ་ལས་ཀྱི་བྱ་བའི་མགྱོགས་ཚད་ལ་སྐུལ་འདེད་བྱས་ཏེ།ནུས་ཤུགས་ཡོད་རྒུས་ཀྲུང་ནུང་སྡེ་ཚོགས་ཀྱི་སྣེ་ཁྲིད་ནས་ཐོན་ཁུངས་ཕྱོགས་བསྡུས་བྱ་བ་སྤེལ་བར་རྒྱབ་སྐྱོར་དང་ཁེ་ལས་ལ་རྩིས་ཐོ་རིང་བཞིན་གྱི་ཞབས་ཕྱི་མཁོ་འདོན་བྱེད་རྒྱུ་ཡིན་པ་དང་།དུས་མཚུངས་སུ་ཏ་ལིང་ཐང་གཏེར་ཁུལ་གྱི་རྨང་གཞི་སྒྲིག་ཆས་འཛུགས་་སྐྲུན་ཏན་ཏིག་གིས་ལེགས་པོར་བསྒྲུབ་ནས་ཚྭ་མཚེའུ་ཐོན་ཁུངས་ཀྱི་ཕྱོགས་བསྡུས་བེད་སྤྱོད་དང་གསར་སྤེལ་ལ་དངུལ་གཏོང་གི་ཁོར་ཡུག་ལེགས་པོ་ཞིག་མཁོ་འདོན་བྱེད་རྒྱུ་ཡིན་པ་བསྟན།

ཀྲུང་ཧྭ་རྒྱལ་ཡོངས་མཁོ་འཚོང་མཉམ་འབྲེལ་སྤྱི་ཁང་གི་ཏང་ཙུའུ་ཁོངས་མིའམ་ལས་འཛིན་ཚོགས་པའི་ཀྲུའུ་རིན་གཞོན་པ།ཀྲུང་གོ་མཁོ་འཚོང་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་ལས་འཛིན་འགོ་གཙོ་ཡཱང་ཅན་ཕིན་གྱིས་མཚོ་ནུབ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཀྲུང་ནོང་སྡེ་ཚོགས་ལ་རྒྱབ་སྐྱོར་དང་ཐུགས་ཁུར་བྱས་པར་བཀའ་དྲིན་ཞུས།ཁོས་བསྟན་དོན།ཀྲུང་ནུང་སྡེ་ཚོགས་ཀྱིས་ཏ་ལིང་ཐང་ཚྭ་མཚེའུ་ཐོན་ཁུངས་གསར་སྤེལ་ཁྲོད་བཏང་བའི་མ་དངུལ་གྱི་གྲངས་ནི་ཅུང་ཆེ་བ་དང་།སྣེ་ཁྲིད་ནས་ཏ་ལིང་ཐང་ཚྭ་མཚེའུ་ཐོན་ཁུངས་ཕྱོགས་བསྡུས་བྱེད་པའི་རྣམ་འགྱུར་ནི་བརྟན་པོ་ཡིན།མུ་མཐུད་དུ་གཏེར་ཁུལ་གྱི་འབྲེལ་ཡོད་ཁེ་ལས་ལ་གྲོས་མོལ་བྱས་ཏེ་ཕྱོགས་བསྡུས་བྱ་བར་གྲུབ་འབྲས་ལོན་པར་བྱེད་རྒྱུ་ཡིན་པ་བསྟན།

མཚོ་ནུབ་ཁུལ་བརྙན་འཕྲིན་ཁང་གིས་དབང་རྒྱལ་དོན་གྲུབ་ཀྱིས་བསྒྱུར།

གོང་མ།:ཐེམ་ཆེན་རྫོང་དཔེ་མཛོད་ཁང་གིས་དཔེ་ཀློག་མང་ཚོགས་ཀྱི་འདོད་བློ་བསྐངས།

ཞོལ་མ།:གཏེར་ལམ་རྫོང་ཞིང་སྡེ་ཚོང་ལས་དངུལ་ཁང་གི་ཡིད་རྟོན་བཟོ་སྐྲུན་གྱིས་དཔལ་འབྱོར་འཕེལ་རྒྱས་ལ་རོགས་འདེགས་ཆེན་པོ་བྱས།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235