མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཁྲིད་སུམ་ཅུ་པ་ཞེས་པའི་དཔེ་དེབ་པར་སྐྲུན་འགྲེམ་སྤེལ་བྱས།

ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན།  སྤེལ་དུས།:2018-05-18  རྩོམ་པ་པོ།:མཚོ་སྔོན་བོད་སྐད་རླུང་འཕྲིན།  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡིས་རྩ་འཛུགས་རྩོམ་སྒྲིག་བྱས་པའི«ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཁྲིད་སུམ་ཅུ་པ»ཞེས་པའི་དཔེ་དེབ་ཚེས་བཅུ་བདུན་ཉིན་སློབ་སྦྱོང་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་ནས།ཉིན་དེ་ནས་བཟུང་རྒྱལ་ཡོངས་ཀྱི་ས་ཆ་སོ་སོའི་ཞིན་ཧྭ་དཔེ་འཚོང་ཁང་ལ་བཀྲམ།

«ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཁྲིད་སུམ་ཅུ་པ»ཞེས་པའི་དཔེ་དེབ་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་།སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་དང་གཉིས་པ།གསུམ་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དང་།དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཅི་འདྲ་ཞིག་རྒྱུན་འཁྱོངས་དང་གོང་སྤེལ་བྱེད་དགོས་པ་དང་།ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཇི་ལྟར་རྒྱུན་འཁྱོངས་དང་གོང་སྤེལ་བྱེད་དགོས་པའི་དུས་རབས་ཀྱི་དཔྱད་གཞི་གལ་ཆེན་འདི་ལ་དམིགས་ནས།ཆེད་དོན་སུམ་ཅུ་རུ་བགར་ཏེ།ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་དོན་སྙིང་གལ་ཆེན་དང་ཚན་རིག་མ་ལགནང་སྙིང་ཕུན་ཚོགས། དགོངས་དོན་ངོ་བོ།ལག་ལེན་བླང་བྱ་བཅས་ལ་ཆ་ཚང་ཞིང་གོ་རིམ་ལྡན་ལ་གཏིང་ཟབ་པའི་སྒོ་ནས་རྒྱས་བཤད་བྱས་ཡོད་པ་དང་།ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ནི་ཏང་དང་རྒྱལ་ཁབ་ཀྱིས་ངེས་པར་དུ་ཡུན་རིང་པོར་རྒྱུན་འཁྱོངས་བྱེད་དགོས་པའི་མཛུབ་སྟོན་དགོངས་པ་ཡིན་པ་ནན་གྱིས་བསྟན་ཡོད་ལ།ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་མཐོ་རླབས་གསར་པ་ཞིག་སློང་དགོས་པའི་འབོད་སྐུལ་བཏང་ནས།སྔར་ལས་རང་རྟོགས་ཀྱིས་ཞི་ཅིན་ཕིང་གི་དུས་རས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་བཀོལ་ནས་བསམ་བློར་དྲག་ཆས་སྤྲས་པ་དང་ལག་ལེན་ལ་མཛུབ་སྟོན་བྱེད་པ།བྱ་བར་སྐུལ་འདེད་གཏོང་བ་བཅས་བྱས་ཡོད། །

གོང་མ།:ཐིན་ཅཱ་ཚེ་ཡིས་མཚོ་ནུབ་ཁུལ་གྱི་བྱ་བར་རྟོག་ཞིབ་བྱས།

ཞོལ་མ།:ཐེམ་ཆེན་རྫོང་དཔེ་མཛོད་ཁང་གིས་དཔེ་ཀློག་མང་ཚོགས་ཀྱི་འདོད་བློ་བསྐངས།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235