མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

ཐིན་ཅཱ་ཚེ་ཡིས་མཚོ་ནུབ་ཁུལ་གྱི་བྱ་བར་རྟོག་ཞིབ་བྱས།

ཡོང་ཁུངས།:མཚོ་སྔོན་གསར་འགྱུར་དྲ་བ།  སྤེལ་དུས།:2018-05-22  རྩོམ་པ་པོ།:མཚོ་སྔོན་གསར་འགྱུར་དྲ་བ།  རྩོམ་སྒྲིག་པ།:པད་འཛིན།    ཀློགས་གྲངས།:

སྤེལ་དུས། 2018-05-21 10:10:40   ཡོང་ཁུངས།   རྡེབ་ཚད། 41   ནང་དོན་འདི་སྤེལ་མཁན། རིན་ཆེན་མཚོ།

ཟླ་ལྔ་བའི་ཚེས་བཅུ་དྲུག་ཉིན་ནས་ཚེས་བཅོ་བརྒྱད་ཉིན་བར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཐིན་ཅཱ་ཚེ་ཡིས་མཚོ་ནུབ་ཁུལ་གྱི་ཏང་ཁྱོན་ཡོངས་ནས་བཅོས་སྐྱོང་བྱེད་པའི་འགན་འཁྲི་གཉིས་ལག་བསྟར་བྱེད་པ་སོགས་ཀྱི་བྱ་བ་སྤེལ་བའི་གནས་ཚུལ་ལ་རྟོག་ཞིབ་བྱས། རྟོག་ཞིབ་སྐབས་སུ། ཐིན་ཅྰ་ཚེ་ཡིས་ནན་གྱིས་བསྟན་དོན། ཏང་བཅོས་སྐྱོང་ནན་མོ་བྱེད་པའི་རེ་བ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པའི་མཐོ་ཚད་ནས། ཁྱབ་ཁོངས་གཙོ་བོ་དང་ཉམས་ཞན་དུས་རིམ་ལ་དམ་དུ་དམིགས་པ་དང་། ཤུགས་ཡོད་ཕན་ལྡན་གྱི་བྱེད་ཐབས་སྤྱད་དེ། འགན་འཁྲི་གཉིས་ལག་བསྟར་བཟང་བོ་བྱེད་པར་ཁག་ཐེག་བྱེད་དགོས་ཟེར།

མཚོ་ནུབ་ཁུལ་དུ་རྟོག་ཞིབ་བྱེད་སྐབས། ཐིན་ཅཱ་ཚེ་སྔ་གཞུག་ཏུ་གཏེར་ལེན་ཁ་གྲོང་ཁྱེར་དང་ཝུའུ་ལན་རྫོང་། ཐེམ་ཆེན་རྫོང་དུ་སོང་ནས། རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ལས་བྱེད་པར་འཚམས་འདྲི་བྱས་པ་དང་། ས་ཆ་སོ་སོས་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་དང་། ཏང་གི་སྒྲིག་ཡིག་དང་ཏང་གི་སྒྲིག་ལམ། ལྟ་ཞིབ་བཅའ་ཁྲིམས་བཅས་སློབ་སྦྱོང་བྱེད་པ་དང་། འགན་འཁྲི་གཉིས་ལག་བསྟར་བྱས་ནས་དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གནད་དོན་ལ་ཆེད་དོན་བཅོས་སྐྱོང་བྱས་པར་སྐུལ་འདེད་གཏོང་བ། ལྟ་ཞིབ་སྒྲིག་གཞི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས།

ཐིན་ཅཱ་ཚེ་ཡིས་མཚོ་ནུབ་ཁུལ་གྱི་ཏང་ཁྱོན་ཡོངས་ནས་བཅོས་སྐྱོང་བྱེད་པ་དང་། འགན་འཁྲི་གཉིས་ལག་བསྟར་བྱེད་པའི་སྐུལ་འདེད་གཏོང་བའི་གནས་ཚུལ་ཐད་ནས་ཁས་ལེན་གང་ལེགས་བྱས།

རྟོག་ཞིབ་བྱེད་སྐབས། ཐིན་ཅཱ་ཚེ་ད་དུང་ཞང་དང་གྲོང་རྡལ་དང་། སྲང་ལམ་དང་ཁེ་ལས་སྐོར་ཞིག་ཏུ་སོང་ནས། སྡེ་བའི་ཐུན་མོང་གི་དཔལ་འབྱོར་འཕེལ་རྒྱས་དང་གཞི་རིམ་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན། ཁེ་ལས་ཀྱི་ཐོན་སྐྱེད་གནས་ཚུལ་བཅས་ལ་རྟོག་ཞིབ་བྱས་པ་མ་ཟད། དབུལ་ཕོངས་ཁྱིམ་ཚང་སྐོར་ཞིག་ལ་འཚམས་འདྲི་བྱས།

གོང་མ།:མཚོ་ནུབ་ཁུལ་གྱིས་བྱེད་ཐབས་སྣ་མང་སྤྱད་དེ་མཐོ་རྒྱུགས་དང་འབྲིང་རྒྱུགས་སྐབས་ཀྱི་བཟའ་བཏུང་བདེ་འཇགས་ལ་འགན་སྲུང་བྱས་པ།

ཞོལ་མ།:ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཁྲིད་སུམ་ཅུ་པ་ཞེས་པའི་དཔེ་དེབ་པར་སྐྲུན་འགྲེམ་སྤེལ་བྱས།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235