མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

མཚོ་ནུབ་ཁུལ་གྱིས་བྱེད་ཐབས་སྣ་མང་སྤྱད་དེ་མཐོ་རྒྱུགས་དང་འབྲིང་རྒྱུགས་སྐབས་ཀྱི་བཟའ་བཏུང་བདེ་འཇགས་ལ་འགན་སྲུང་བྱས་པ།

ཡོང་ཁུངས།:  སྤེལ་དུས།:2018-05-23  རྩོམ་པ་པོ།:  རྩོམ་སྒྲིག་པ།:    ཀློགས་གྲངས།:

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན།མཐོ་རྒྱུགས་དང་འབྲིང་རྒྱུགས་ལ་ཐོན་ལ་ཉེ་བའི་སྐབས་འདིར།མཚོ་ནུབ་ཁུལ་ཚོང་རའི་ལྟ་སྐུལ་དོ་དམ་ཅུའུ་ཡིས་བྱེད་ཐབས་སྣ་མང་སྤྱད་དེ།ཡིག་ཚད་གཏོང་བའི་སྐབས་ཀྱི་བཟའ་བཏུང་བདེ་འཇགས་ལ་འགན་སྲུང་ལེགས་པོ་བྱས།

རྒྱུགས་ལེན་པའི་སྔ་ཉིན།ཁུལ་དང་གྲོང་ཁྱེར།རྫོང་།སྲིད་འཛིན་བཅས་ཀྱི་ལྟ་སྐུལ་སྡེ་ཁག་གིས་སློབ་གྲྭའི་ཟ་ཁང་དང་ཉེ་འཁོར་གྱི་མགྲོན་ཁང་།ཟ་ཁང་བཅས་ཀྱི་བཟའ་བཏུང་བདེ་འཇགས་ལ་ཞིབ་བཤེར་ནན་མོ་བྱེད་པ་དང་།གཙོ་བོ་ཟ་ཁང་སོགས་ཀྱི་ཇ་མ་དང་ཞབས་ཞུ་བ་སོགས་ཀྱི་ཐོབ་ཐང་དང་། རང་སྟེང་གི་འཕྲོད་བསྟེན།ཟ་ཁང་གི་འཕྲོད་བསྟེན་སྒྲིག་ཆས་སོགས་འཐུས་ཚང་ཡིན་མིན་ལ་ཞིབ་བཤེར་ནན་མོ་སྤེལ་རྒྱུ།ལྟ་སྐུལ་ཞིབ་བཤེར་ཁྲོད་བྱུང་བའི་གནད་དོན་དུས་ཐོག་ཏུ་ཐག་གཅོད་བྱས་ཏེ།བཟའ་བཏུང་བདེ་འཇགས་ལ་འགན་སྲུང་ལེགས་པོ་བྱས། དེ་དང་ཆབས་ཅིག སློབ་གྲྭའི་ཟ་ཁང31དང་ཉེ་འཁོར་ཟས་རིགས་འཚོང་ཁང230ལ་གཅིག་བསྡུས་སྒོས་ལྟ་སྐུལ་ཞིབ་བཤེར་སྤེལ་ནས།ཟས་རིགས་ཀྱི་བདེ་འཇགས་གནས་ཚུལ་ལ་རྒྱུས་ལོན་གསལ་པོ་བྱས།ཟས་རིགས་གནོད་མེད་སྐོར་གྱི་འགན་འཁྲིའི་ཁས་ལེན་ཡི་གེ261ལ་མིང་རྟགས་བཀོད་པ་དང་།གཅིག་བསྡུས་ཞིབ་བཤེར་དང་ཉིན་རྒྱུན་གྱི་ལྟ་སྐུལ། དེ་བཞིན་ཁྱོན་ཡོངས་ལ་སྐུལ་འདེད་བྱེད་པ་སོགས་ལ་ཤུགས་བསྣན་ཏེ།སློབ་གྲྭའི་ཟ་ཁང་གི་ཟས་རིགས་བདེ་འཇགས་ཀྱི་ལྟ་སྐུལ་ཆུ་ཚད་ཁྱོན་ཡོངས་ནས་མཐོར་འདེགས་སུ་གཏང་རྒྱུ་རེད།

ཟས་རིགས་བདེ་འཇགས་ཤེས་བྱ་སློབ་རའི་ནང་སྒྲོག་པའི་བྱེད་སྒོ་སྤེལ་ཏེ།ཆེད་དོན་འཆད་ཁྲིད་དང་དྲིལ་སྒྲོག་བློ་འདྲི་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས།སློབ་མ་དང་ཁྱིམ་བདག་སོགས་ལ་ཟས་རིགས་བདེ་འཇགས་ཐད་ཀྱི་རྒྱུན་ཤེས་དང་དེ་དང་འབྲེལ་ཡོད་ཀྱི་བཅའ་ཁྲིམས་ཤེས་བྱའི་ཐད་ནས་ངོ་སྤྲོད་གསལ་པོ་བྱས་ཤིང་།སློབ་མའི་ཟས་རིགས་བདེ་འཇགས་འདུ་ཤེས་དང་རང་ཉིད་ལ་སྲུང་སྐྱོབ་བྱེད་པའི་འདུ་ཤེས་མཐོ་རུ་བཏང་།དེ་བཞིན། རྒྱུུགས་ལེན་པའི་སྐབས་སུ་འབྲེལ་ཡོད་སྡེ་ཁག་གིས་ཟས་རིགས་བདེ་འཇགས་ཐད་ལ་སྔར་བས་ཤུགས་སྣོན་དང་།ཐེར་འདོན་ཁ་པར12331ཆུ་ཚོད་ཉེར་བཞིའི་རིང་ཤར་གཏོང་ཐུབ་པ་སོགས་ཀྱི་འགན་སྲུང་ལས་དོན་ལེགས་པོ་བསྒྲུབ་སྟེ།མཐོ་རྒྱུགས་དང་འབྲིང་རྒྱུགས་སྐབས་ཀྱི་སློབ་མའི་ཟས་རིགས་བདེ་འཇགས་ལ་འགན་སྲུང་ནན་མོ་བྱ་རྒྱུ་རེད།

གོང་མ།:མཚོ་ནུབ་ཁུལ་གྱིས་ཕུན་སུམ་ཚོགས་པའི་ཚྭ་འདམ་རིག་གནས་སྙིང་བོ་སྔོག་ཞིབ་བྱས་པ།

ཞོལ་མ།:ཐིན་ཅཱ་ཚེ་ཡིས་མཚོ་ནུབ་ཁུལ་གྱི་བྱ་བར་རྟོག་ཞིབ་བྱས།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235