མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

མཚོ་ནུབ་ཁུལ་གྱིས་ཕུན་སུམ་ཚོགས་པའི་ཚྭ་འདམ་རིག་གནས་སྙིང་བོ་སྔོག་ཞིབ་བྱས་པ།

ཡོང་ཁུངས།:  སྤེལ་དུས།:2018-05-23  རྩོམ་པ་པོ།:  རྩོམ་སྒྲིག་པ།:    ཀློགས་གྲངས།:

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན།ཟླ5པའི་ཚེས17ཉིན། མཚོ་ནུབ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཚྭ་འདམ་རིག་གནས་ཞིབ་འཇུག་ཚོགས་འདུའི་བཞུགས་མོལ་ཚོགས་འདུ་སྐབས་དང་པོ་དང་།རིམ་པ་བརྗེ་བའི་ཚོགས་འདུ་སྐབས་དང་པོ་བསྡུས་པ་རེད།

རྒྱུས་ལོན་བྱས་པ་ལྟར་ན།ཚྭ་འདམ་གཞོང་རིག་གནས་ཞིབ་འཇུག་ཚོགས་འདུ2013ལོར་བཙུགས་པའི་ཚུན་དུ།ཁུལ་ཏང་ཨུ་དང་སྲིད་གཞུང་། ཁུལ་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་བཅས་ཀྱིས་ལས་དོན་གལ་ཆེན་དུ་བཟུང་སྟེ།མཚོ་ནུབ་རིག་གནས་འཕེལ་རྒྱས་གཏོང་བར་བརྟེན་ནས་ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་དུས་དེབདེ་རིང་གི་ཚྭ་་འདམ་གཞོངཞེས་པ་པར་སྐྲུན་བྱས་ཤིང་།མཚོ་ནུབ་ཀྱི་དཔལ་འབྱོར་སྤྱི་ཚོགས་དང་ལོ་རྒྱུས་རིག་གནས་སོགས་ཀྱི་འཕེལ་འགྱུར་མངོན་པར་གསལ་པ་དང་།ཆེད་མཁས་དང་མཐོ་རིམ་དགེ་སློབ་མང་པོས་གདེང་འཇོག་མཐོན་པོ་ཐོབ་ལ།མཚོ་ནུབ་ས་ཁུལ་གྱི་ཕྱོགས་བསྡུས་རང་བཞིན་གྱི་རིག་གནས་དུས་དེབ་ཐོག་མ་རུ་གྱུར་ཡོད།

ཁུལ་ཡོངས་ཀྱི་ས་ཁུལ་ཁག་གི་རིག་གནས་ལས་དོན་བར་གྱི་མཉམ་འདྲེས་དང་འཕེལ་རྒྱས་ལ་སྐུལ་འདེད་བྱས་ཏེ།ཞིབ་འཇུག་ཚོགས་པས་རྩ་འཛུགས་འོགཁོངས་མི་ཡོངས་དང་འབྲེལ་ཡོད་ལས་བྱེད་པ་སོགས་ཐེམ་ཆེན་དང་གཏེར་ལམ་རྫོང་སོགས་སུ་སོང་ནས་དམངས་གཞས་འཚོལ་བསྡུ་དང་དྲིལ་སྒྲོག་ལས་དོན་ཐེངས་མང་སྤེལ་བ་མ་ཟད།ས་ཁུལ་གཉིས་ནས་ཚྭ་འདམ་གཞོང་རིག་གནས་ཞིབ་འཇུག་ཚོགས་པའི་རྟེན་གཞི་ཡང་བཙུགས་པ་རེད།

སླད་ཕྱིན་ལོ་ལྔའི་རིང་།ཞིབ་འཇུག་ཚོགས་པས་དམངས་ཁྲོད་རིག་གནས་འཚོལ་བསྡུ་དང་དྲིལ་སྒྲོག་ལས་དོན་མུ་མཐུད་དུ་སྤེལ་རྒྱུ་ཡིན་ལ།གཙོ་བོ་ཕུན་སུམ་ཚོགས་པའི་ཚྭ་འདམ་གཞོང་གི་རིག་གནས་ལ་ཞིབ་འཇུག་དང་སྔོག་འདོན་བྱེད་པ་དང་།ཚྭ་འདམ་གཞོང་གི་རིག་གནས་ཐད་ལ་ཉམས་མྱོང་དང་རྒྱུས་མངའ་ཡོད་པའི་ཆེད་མཁས་པ་གདན་ཞུ་བྱས་ཏེ།མི་རིགས་མང་པོའི་རིག་གནས་ལ་ཞིབ་འཇུག་དང་སྔོག་འདོན་ཡག་པོ་བྱེད་པ་དང་། དེ་རིང་གི་ཚྭ་འདམ་གཞོངཞེས་པའི་དུས་དེབ་དེ་ཚད་ལྡན་དང་འཐུས་ཚང་ཅན་དུ་བཏང་ནས།ཀློག་པ་པོ་རྣམས་ལ་ཚྭ་འདམ་རིག་གནས་ཀྱི་ཁྱད་འཚར་དང་འཕེལ་འགྱུར་ཐད་ཀྱི་ལོ་རྒྱུས་རིག་གནས་ངོམ་སྟེ།ཚྭ་འདམ་གཞོང་གི་རིག་གནས་ཐད་ལ་སྔར་བས་ལྷག་པའི་གསོན་ཉམས་གསར་པ་བསྣན་པར་བརྩོན་ལེན་གང་ལེགས་བྱ་རྒྱུ།

གོང་མ།:མང་ཚོགས་ཀྱིས་གོ་སླ་ཞིང་ཡིད་ལ་འཛིན་བདེ་བའི་དྲིལ་སྒྲོག་བྱ་འགུལ་སྤེལ།

ཞོལ་མ།:མཚོ་ནུབ་ཁུལ་གྱིས་བྱེད་ཐབས་སྣ་མང་སྤྱད་དེ་མཐོ་རྒྱུགས་དང་འབྲིང་རྒྱུགས་སྐབས་ཀྱི་བཟའ་བཏུང་བདེ་འཇགས་ལ་འགན་སྲུང་བྱས་པ།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235