མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

མང་ཚོགས་ཀྱིས་གོ་སླ་ཞིང་ཡིད་ལ་འཛིན་བདེ་བའི་དྲིལ་སྒྲོག་བྱ་འགུལ་སྤེལ།

ཡོང་ཁུངས།:  སྤེལ་དུས།:2018-05-30  རྩོམ་པ་པོ།:  རྩོམ་སྒྲིག་པ།:    ཀློགས་གྲངས།:

ཉེ་ཆར།  མཚོ་ནུབ་ཁུལ་མང་ཚོགས་ཀྱི་སྒྲོག་འགྲེལ་རླངས་འཁོར་ཆེན་མོས་གུང་ཁྲན་ཏང་བཟང་།སྤྱི་ཁྱབ་ཧྲུའུ་ཅི་བཟང་། ཏང་གི་བཀའ་སྲུང་བརྩི། ཏང་གི་རྗེས་སུ་འབྲང་ཞེས་པའི་བརྗོད་དོན་དྲིལ་སྒྲོག་བྱ་འགུལ་དང་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སྒྲོག་འགྲེལ་འཁྲབ་སྟོན་བྱ་འགུལ་དེ་གཏེར་ལེན་ཁ་ལྟེ་གནས་ཐང་ཆེན་ནས་བསྡུས།

 འཁྲབ་སྟོན་ཁྲོད་དམངས་གླུའི་ཟློས་གར་ཏང་ལ་བསྟོད་གླུ་ལེན་ཞེས་པ་དང་།མགྱོགས་གཏམ་ཚོགས་ཆེན་གཉིས་ལ་བསྟོད་ཞབས་བྲོ་དམར་དམག་སྐྱེལ་བ་སོགས་ལེ་ཚན་ཕུན་སུམ་ཚོགས་པོ་བཀོད་སྒྲིག་བྱས་ཤིང་།སྒྲོག་འགྲེལ་ཚོགས་པས་རིག་རྩལ་འཁྲབ་སྟོན་གྱིས་ཐབས་ལམ་སྤྱད་ནས།མང་ཚོགས་ཀྱིས་གོ་སླ་བའི་སྐད་ཆས་གུང་ཁྲན་ཏང་དང་སྤྱི་ཁྱབ་ཧྲུའུ་ཅི་ལ་དྲིན་གཟོ་བའི་བརྩེ་བ་མཚོན་ལ་།  བཤད་པ་དང་ལེན་པ།འཁྲབ་པ་བཅས་ཟུང་འབྲེལ་བྱེད་པའི་ཐབས་ལམ་བརྒྱུད་པ་མ་ཟད། ད་དུང་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་དེ་མཚོ་སྔོན་ལ་གཞས་དང་མགྱོགས་གཏམ་ཁྲོད་བསྲེས་ནས།  ལྟད་མོ་བ་རྣམས་ཀྱིས་མིག་གི་དགའ་སྟོན་དུ་གྱུར།

མང་ཚོགས་ཀྱི་སྒྲོག་འགྲེལ་རླངས་འཁོར་ཆེན་མོའི་འཁྲབ་སྟོན་པ་དབྱང་ཧྲུན་ལན་གྱིས་བཤད་རྒྱུར། ང་ཚོས་ད་ཐེངས་ཆེད་དུ་ཟློས་གར་གྱི་བྱེད་ཐབས་ཀྱིས་གུང་ཁྲན་ཏང་དང་སྤྱི་ཁྱབ་ཧྲུའུ་ཅི་ལ་བཀའ་དྲིན་ཞུ་བ་དང་། ང་ཚོ་ཏང་གི་ཁར་ཉན་ནས་ཏང་གི་རྗེས་སུ་འབྲངས་པའི་བརྗོད་དོན་མཚོན་ཡོད་ཟེར།

      མཚོ་སྔོན་ཡུལ་སྐད་ཀྱི་ལམ་ནས་འཁྲབ་པའི་ལེ་ལོ་དབུལ་ཐར་ཅན་ཞེས་པའི་གར་ཆུང་འདི་ལ་ཡུལ་དངོས་ཀྱི་ལྟད་མོ་བ་རྣམས་ཀྱིས་དགའ་བསུ་ཆེན་པོ་ཐོབ་པ་དང་།  གར་ཆུང་འདི་ནང་མིང་ལ་ཝང་ཚའེ་ཞེས་པའི་ལེ་ལོ་ཅན་འདི་ནི་ལས་ལ་མི་བརྩོན་པར་ལྟོ་གོས་ཁོ་ན་བསམ་པ་ཞིག་ཡིན་ནའང་།  སྡེ་བར་སྡོད་པའི་ཧྲུའུ་ཅི་དང་པོས་སེམས་ཞིབ་མོས་སློབ་གསོའི་འོག  བསམ་བློའི་འདུ་ཤེས་བསྒྱུར་ནས།  དབུལ་ཐར་གྱི་ལམ་དུ་བསྐྱོད་པའི་གཏམ་རྒྱུད་ལས། མི་སེམས་ལ་སྤོ་སེམས་བསྩོལ་བ་དང་དྲོད་ཁོལ་བསྐྱེད་པའི་དྲིལ་སྒྲོག་བྱེད་ཐབས་ལ་ཡུལ་དངོས་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་ཐོབ།  

གོང་མ།:༢༠༡༨ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་བོད་ལུགས་ས་གདན་འགྲེམ་ཚོགས་གཟབ་རྒྱས་ངང་བསྡུས།

ཞོལ་མ།:མཚོ་ནུབ་ཁུལ་གྱིས་ཕུན་སུམ་ཚོགས་པའི་ཚྭ་འདམ་རིག་གནས་སྙིང་བོ་སྔོག་ཞིབ་བྱས་པ།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235