མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

མཚོ་ནུབ་ཁུལ་གྱི་མང་ཚོགས་སྒྲོག་འགྲེལ་རླངས་འཁོར་ཆེན་མོ་ཐེམ་ཆེན་དུ་བསྐྱོད།

ཡོང་ཁུངས།:ཚྭ་འདམ་བོད་ཡིག་དྲ་ཚིགས།  སྤེལ་དུས།:2018-06-04  རྩོམ་པ་པོ།:ཟོན་ཕྱུག་མཚོ།འབྲུག་ལྷ།  རྩོམ་སྒྲིག་པ།:པད་མོ་འཛིན།    ཀློགས་གྲངས།:

ཉེ་ཆར། མཚོ་ནུབ་ཁུལ་གྱི་མང་ཚོགས་སྒྲོག་འགྲེལ་རླངས་འཁོར་ཆེན་མོས་"གུང་ཁྲན་ཏང་བཟང་།སྤྱི་ཁྱབ་ཧྲུའུ་ཅི་བཟང་། ཏང་གི་ཁར་ཉན་ནས།ཏང་གི་རྗེས་སུ་འབྲངས"ཞེས་པའི་བརྗོད་དོན་དྲིལ་སྒྲོག་སློབ་གསོའི་བྱ་འགུལ་དང་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སྒྲོག་འགྲེལ་འཁྲབ་སྟོན་བྱེད་པའི་བྱ་འགུལ་ཐེམ་ཆེན་རྫོང་དུ་སྤེལ།

སྒྲོག་འགྲེལ་འཁྲབ་སྟོན་གྱི་ཡུལ་དངོས་སུ་དགའ་སྤྲོའི་དཔལ་ལ་རོལ་བའི་རྣམ་པ་ཤར་ལ།  འཁྲབ་སྟོན་ཁྲོད་དམངས་གླུའི་ཟློས་གར་ཏང་ལ་དྲིན་གཟོ་བ་ཞེས་པ་དང་།མགྱོགས་གཏམ་ཚོགས་ཆེན་གཉིས་ལ་བསྟོད་གླུ་ལེན་མཚོ་སྔོན་ཡུལ་སྐད་ཀྱི་ལམ་ནས་འཁྲབ་པའི་ལེ་ལོ་ཅན་དབུལ་ཐར་བྱུང་བ།  གཞས་རྐྱང་མཁའ་ལམ་དང་མཚོ་སྔོན་ལ་གཞས་མཉམ་ལེན་དམངས་སེམས་གཅིག་མཐུན་གྱིས་ཏང་གི་རྗེས་སུ་འབྲངས་སོགས་ལེ་ཚན་རིགས་བཅུ་གཉིས་ཀྱིས་དམངས་ཕན་སྲིད་ཇུས་དང་ཚོགས་ཆེན་གཉིས་ཀྱི་དགོངས་དོན།སྲོལ་རྒྱུན་རིག་གནས་སོགས་ནང་དོན་འཁྲབ་སྟོན་བྱས་པས། མི་སེམས་ལ་སྤོ་སེམས་བསྩོལ་བ་དང་དྲོད་ཁོལ་བསྐྱེད་པའི་དྲིལ་སྒྲོག་བྱེད་ཐབས་ཀྱིས་ཡུལ་དངོས་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་ཐོབ།  

འཁྲབ་སྟོན་ཡོངས་ཀྱིས་གུང་ཁྲན་ཏང་བཟང་།སྤྱི་ཁྱབ་ཧྲུའུ་ཅི་བཟང་། ཏང་གི་བཀའ་བརྩི།ཏང་གི་རྗེས་སུ་འབྲང་ཞེས་པའི་བརྗོད་དོན་དྲིལ་སྒྲོག་སློབ་གསོའི་བྱ་འགུལ་གཏིང་ཟབ་པའི་སྒོ་ནས་དྲིལ་སྒྲོག་བྱས་པ་མ་ཟད།  མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་ཐོག  མང་ཚོགས་ལ་དགའ་བའི་རྣམ་པའི་ཁྲོད་དྲིན་གཟོ་བའི་སློབ་གསོ་མྱངས་སུ་བཅུག  

མཚོ་ནུབ་ཁུལ་མང་ཚོགས་དྲིལ་སྒྲོག་རླངས་འཁོར་ཆེན་མོའི་ཁྲོད་ཆེད་དུ་གདན་འདྲེན་བྱས་པའི་སྐུ་མགྲོན།  ཡིས་ཝན་པའོ་ཡིས་བཤད་རྒྱུར།ངས་མཚོ་སྔོན་ལ་གཞས་ཀྱིས་ལམ་ནས་གུང་ཁྲན་ཏང་བཟང་། སྤྱི་ཁྱབ་ཧྲུའུ་ཅི་བཟང་། ཏང་གི་ཁར་ཉན་ནས། ཏང་གི་རྗེས་སུ་འབྲངས་པ་མཚོན་ནས།ཚང་མར་གུང་ཁྲན་ཏང་དང་སྤྱི་ཁྱབ་ཧྲུའུ་ཅི་ལ་དྲིན་གཟོ་བར་སྐུལ་སྤེལ་བྱས་པ་ཡིན་ཟེར།  

ཡིག་སྒྱུར་བ།ཟོན་ཕྱུག་མཚོ།འབྲུག་ལྷ།

གོང་མ།:ཁུལ་ཨུའི་རྒྱུན་ཨུ་གྲོས་ཚོགས་ཀྱིས་དེང་སྐབས་ཀྱི་དཔལ་འབྱོར་བྱ་བར་ཞིབ་འཇུག་བཀོད་སྒྲིག་བྱས།

ཞོལ་མ།:༢༠༡༨ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་བོད་ལུགས་ས་གདན་འགྲེམ་ཚོགས་གཟབ་རྒྱས་ངང་བསྡུས།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235