མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

ཁུལ་ཨུའི་རྒྱུན་ཨུ་གྲོས་ཚོགས་ཀྱིས་དེང་སྐབས་ཀྱི་དཔལ་འབྱོར་བྱ་བར་ཞིབ་འཇུག་བཀོད་སྒྲིག་བྱས།

ཡོང་ཁུངས།:  སྤེལ་དུས།:2018-06-06  རྩོམ་པ་པོ།:  རྩོམ་སྒྲིག་པ།:    ཀློགས་གྲངས།:

ཉེ་སྔོན།ཁུལ་ཨུས་རྒྱུན་ཨུ་གྲོས་ཚོགས་བསྡུས་ཏེ་ཁུལ་སྲིད་གཞུང་ཏང་ཙུའུ་ཡི་ད་ལོའི་དཔལ་འབྱོར་འཁོར་བསྐྱོད་སྐོར་གྱི་གནས་ཚུལ་སྙན་ཞུ་དང་།དེང་སྐབས་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་བབ་ལ་ཞིབ་འཇུག་བྱས་ཏེ།རྗེས་ཕྱོགས་ཀྱི་གཙོ་གནད་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས།

གྲོས་ཚོགས་ཀྱིས་ད་ལོའི་ཚུན་ལ།རིམ་པ་སོ་སོའི་སྡེ་ཁག་གི་འབད་བརྩོན་འོགཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཁོག་བརྟན་བརླིང་ཡིན་པའི་རྣམ་པ་མངོན་ཡོད་ལ།དཔལ་འབྱོར་གྱི་ཚད་གཞི་གཙོ་བོ་དུས་སྔོན་དང་མཐུན་པ་དང་།ཚད་གཞི་འགའ་ཤས་ཤིག་ཞིང་ཆེན་ཡོངས་ཀྱི་སྔོན་གྲས་སུ་སླེབས་ཡོད།ཡིན་ཡང་གསོག་ཚད་ཁེ་ལས་ཀྱི་འཕར་སྣོན་དལ་བས་ཁུལ་ཡོངས་ཀྱི་དཔལ་འབྱོར་འཁོར་བསྐྱོད་ལ་གནོན་ཤུགས་ཆེན་པོ་ཡོད།རིམ་པ་སོ་སོའི་སྡེ་ཁག་སོ་སོས་གྲུབ་འབྲས་ལ་གདེང་འཇོག་ལེགས་པོ་བྱེད་པའི་དུས་མཚུངས་སུ།ཡིད་ཆེས་ཇེ་བརྟན་དུ་གཏོང་དགོས་པ་དང་།ཀླད་པ་གསལ་བོ་རྒྱུན་འཁྱོངས་བྱེད་པའི་དུས་མཚུངས་སུ།ཚན་རིག་སྒོས་གདོང་གཏོད་ཐུབ་པར་བྱེད་དགོས་པ་དང་།འཕེལ་ཕྱོགས་བསྒྱུར་བའི་འགན་འཁྲིའི་འདུ་ཤེས་སྔར་ལས་མཐོར་འདེགས་སུ་བཏང་ནས་བྱ་བ་སོ་སོ་ཏན་ཏིག་གིས་ལེགས་པོར་བསྒྲུབ་དགོས་པ་བསྟན།

ཚོགས་འདུས་གནད་དོན་ཡང་དག་པར་འཚོལ་ཏེ་གནད་འཁེལ་སྒོས་སྲིད་ཇུས་ལག་ཏུ་བསྟར་དགོས།ཁུལ་ཡོངས་ཀྱི་གོང་འོག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་བ་རྒྱུན་འཁྱོངས་དང་།ཁྱོན་ཡོངས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་ཀྲུང་དབྱང་དང་ཞིང་ཆེན་གྱི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་ལག་བསྟར་བྱས་ཏེ།ཏང་གིས་དཔལ་འབྱོར་བྱ་བར་འགོ་ཁྲིད་བྱེད་པ་ཤུགས་སྣོན་དང་།སེམས་ཞིབ་མོས་གནས་བབ་ལ་དབྱེ་ཞིབ་དང་།ཡང་དག་པའི་སྒོ་ནས་གནས་ཚུལ་ལ་ཞིབ་འཇུག་བྱས་ཏེ་དེང་སྐབས་ཁུལ་ཡོངས་ཀྱི་དཔལ་འབྱོར་གནས་བབ་ཡང་དག་པའི་ངང་ཤེས་དགོས།ཁྱོན་ཡོངས་ནས་ཕན་པའི་རྒྱུ་རྐྱེན་དང་གནོད་པ་ཡོད་པའི་རྒྱུ་རྐྱེན་གསལ་བོ་བྱས་ཏེ་དུས་ཐོག་ཏུ་གདོང་གཏོད་པའི་བྱེད་ཐབས་ཞིབ་འཇུག་སྒྲིག་བཟོ་བྱེད་དགོས་པ་མ་ཟད།བརྟན་བརླིང་དང་མདུན་བསྐྱོད་ཀྱི་འབྲེལ་བར་རྒྱུས་ལོན་གསལ་བོ་བྱེད་པ་དང་།ནུས་ཤུགས་ཡོད་རྒུས་གནད་འཁེལ་གྱི་སྟེང་ཤུགས་བཏོན་སྟེ།གནད་དོན་གནད་འཁེལ་ཡིན་པ་དང་བྱེད་ཐབས་གནད་འཁེལ་ཡིན་པ་བྱས་ཏེ་དཔལ་འབྱོར་འཁོར་བསྐྱོད་ཀྱི་ནུས་པ་མཐོར་འདེགས་སུ་གཏོང་དགོས་པ་ནན་གྱིས་བསྟན།

ཚོགས་འདུས་གཙོ་གནད་འབུར་དུ་ཐོན་ནས་དུས་ཚིགས་དང་པོ་དང་གཉིས་པའི་ནང་འཐབ་འཛིང་བྱེད་དགོས།དེང་སྐབས་ནི་རང་ཁུལ་གྱི་ཐོན་སྐྱེད་འཛུགས་སྐྲུན་དང་ལས་གཞི་དངུལ་གཏོང་།ཡུལ་སྐོར་འཛད་སྤྱོད་བྱེད་པའི་དུས་ཚིགས་ཡག་ཤོས་ཤིག་ཡིན་ལ།ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་སྡེ་ཁག་སོ་སོས་འཕེལ་རྒྱས་གསར་བའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱ་ལྟར།བརྟན་བརླིང་ངང་མདུན་བསྐྱོད་བྱེད་པའི་བྱ་བའི་དགོངས་གཞི་དམ་པོར་བཟུང་དགོས།ལྔ་བཞི་འཐབ་ཇུས་ལག་བསྟར་དང་དུས་ཚིགས་ཡག་ཤོས་ཀྱི་ཆེད་དོན་བྱ་འགུལ་གཏིང་ཟབ་སྒོས་སྤེལ་ཏེ།ལོ་ཧྲིལ་བོའི་དམིགས་འབེན་འགན་འཁྲི་ལེགས་འགྲུབ་འབྱུང་བར་རྨང་གཞི་བརྟན་པོ་ཞིག་འདིང་དགོས།

ཚོགས་འདུས་རྟོག་ཞིབ་དང་ལྟ་ཞིབ་སོགས་བྱ་བ་སོ་སོར་ཚན་རིག་ལྡན་པའི་ངང་བཀོད་སྒྲིག་བྱེད་དགོས།ཀྲུང་དབྱང་གི་གཏན་འབེབས་བརྒྱད་དང་དེའི་ལག་བསྟར་ལམ་སྲོལ།ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱེད་ཐབས་འགའ།ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ལག་བསྟར་བྱེད་ཐབས་སོགས་ནན་ཏན་སྒོས་ལག་བསྟར་བྱས་ཏེ།ངེས་པ་དོན་གྱིས་བརྟག་དཔྱད་ཞིབ་འཇུག་ལེགས་བཅོས་བྱེད་དགོས་པ་དང་།གཞི་རིམ་ལས་བྱེད་མང་ཚོགས་ཀྱིས་སྣེ་ལེན་དང་སྙན་ཞུ་བྱེད་པའི་ཁུར་བོ་ཇེ་ཡང་དུ་བཏང་ནས་ཧུར་བརྩོན་སྒོས་གཞི་རིམ་གྱི་དངོས་ཡོད་གནད་དོན་དང་དཀའ་ངལ་ཐག་གཅོད་བྱེད་དགོས་པ་དང་།རྟོག་ཞིབ་ཀྱི་གྲུབ་འབྲས་མཐོར་འདེགས་སུ་གཏོང་དགོས།ལྟ་ཞིབ་བྱ་བ་གཅིག་གྱུར་ངང་སྤེལ་ཏེ་ལྟ་ཞིབ་ཀྱི་ཐོན་ཁུངས་ཕྱོགས་བསྡུས་བྱེད་པ་དང་ལྟ་ཞིབ་ཀྱི་བྱེད་ཐབས་གསར་སྐྲུན་བྱེད་པ།ལྟ་ཞིབ་ཀྱི་གོ་རིམ་ཇེ་ཉུང་དུ་གཏོང་དགོས་པ་དང་།དམིགས་ཡུལ་རང་བཞིན་ལྡན་པ་དང་གཙོ་གནད་འབུར་ཐོན་ཡིན་པའི་ལྟ་ཞིབ་བྱ་འགུལ་སྤེལ་ཏེ་ལྟ་ཞིབ་བྱ་བ་ཚད་ལྡན་ཅན་དང་ཚན་རིག་ཅན་མངོན་འགྱུར་བྱས་ནས་གཞི་རིམ་གྱི་བྱ་བ་དངོས་འབེབ་བྱེད་པར་ཁག་ཐེག་བྱེད་དགོས་པ་ནན་གྱིས་བསྟན།

གོང་མ།:ཨ་ཆེན་གངས་རྒྱབ་བམ་གུ་གུ་ཤ་གཞུང་ཐང་ཆེན་མོར་འཛམ་གླིང་ཤུལ་བཞག་ལག་ཁྱེར་ཐོབ་པ།

ཞོལ་མ།:མཚོ་ནུབ་ཁུལ་གྱི་མང་ཚོགས་སྒྲོག་འགྲེལ་རླངས་འཁོར་ཆེན་མོ་ཐེམ་ཆེན་དུ་བསྐྱོད།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235