མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

ཀྲའེ་ཅིང་ཞིང་ཆེན་གྱི་འཐུས་ཚབ་ཚོགས་པ་རང་ཁུལ་དུ་བྱ་བར་རྟོག་ཞིབ་ལ་ཕེབས།

ཡོང་ཁུངས།:  སྤེལ་དུས།:2018-06-26  རྩོམ་པ་པོ།:  རྩོམ་སྒྲིག་པ།:    ཀློགས་གྲངས།:

ཉེ་ཆར།  ཀྲེ་ཅིང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཡོན་ཅཱ་ཅུན་གྱིས་ཀྲའེ་ཅིང་ཞིང་ཆེན་གྱི་འཐུས་ཚབ་ཚོགས་པ་ཁྲིད་ནས་རང་ཁུལ་དུ་བྱ་བར་རྟོག་ཞིབ་བྱེད་དུ་ཕེབས།ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིག་ཉིན་དང་།  ཧྲིན་ཀྲང་གཞོན་པ་ཁོན་ཡུང་སོགས་ཀྱིས་འགྲོ་རོགས་འོག་རྟོག་ཞིབ་བྱས།

རྟོག་ཞིབ་སྐབས་སུ་ཡོན་ཅཱ་ཅུན་འཁོར་དང་བཅས་པས་དབུལ་ཕོངས་ཁྱིམ་ཚང་ལ་འཚམས་འདྲི་བྱས་པ་དང་།ཡུལ་དངོས་ནས་ཀྲེ་ཅིང་བཟོ་ལས་གླིང་གཏེར་ལེན་ཁ་བཟོ་ལས་གླིང་ཁུལ་དང་། མཚོ་སྔོན་ལུའེ་ཆན་ཁོར་སྲུང་ཚན་རྩལ་ཚད་ཡོད་ཀུང་ཟི། མཚོ་ནུབ་ཁུལ་མི་དམངས་སྨན་ཁང་རྒྱང་བསྟེན་སྨན་བཅོས།གཏེར་ལེན་ཁ་གྲོང་ཁྱེར་ལིས་གྲོ་འདེབས་འཛུགས་སོགས་ཀྱི་ལས་གཞི་ལ་རྟོག་ཞིབ་བྱས་པ་མ་ཟད། ད་དུང་ཚྭ་འདམ་འཁོར་རྒྱུག་དཔལ་འབྱོར་ཐོན་ལས་འགྲེམས་སྟོན་ཚོམས་སུ་སོང་ནས་ལྟ་སྐོར་བྱས།ཡོན་ཅཱ་ཅུན་གྱིས་བསྟན་དོན། ཁ་གཏད་རོགས་སྐྱོར་བྱ་བས་མཚོ་ནུབ་ཀྱི་དོན་དངོས་ཀྱི་དགོས་མཁོ་དང་ཐོན་ཁུངས་ཀྱི་དགེ་མཚན་ལ་ཟུང་འབྲེལ་བྱས་ཏེ།ཐོན་ལས་དང་ལས་གཞི། བློ་རིག་གིས་རོགས་སྐྱོར་བྱེད་པའི་སྟེགས་བུ་སྐོར་ཞིག་བཙུགས་ནས།ཁུལ་ཡོངས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་ཞིག་མངོན་འགྱུར་བྱེད་པར་རོགས་འདེགས་བྱེད་དགོས་པ་བསྟན།

ཡོན་ཅཱ་ཅུན་གྱིས་ནན་གྱིས་བསྟན་དོན།མཚོ་ནུབ་ལ་ཁ་གཏད་རོགས་སྐྱོར་བྱེད་པ་ནི་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱིས་ཀྲེ་ཅང་ལ་སྤྲད་པའི་གཟི་བརྗིད་ལྡན་པའི་ཆབ་སྲིད་ཀྱི་འགན་ཁུར་ཞིག་ཡིན་ལ།ཀྲེ་ཅང་གིས་ངེས་པར་དུ་ཀྲུང་དབྱང་གི་བོད་ལྗོངས་བྱ་བའི་བཞུགས་མོལ་གྲོས་ཚོགས་ཐེངས་དྲུག་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱིས་མཛུབ་སྟོན་གྱི་དགོངས་དོན་གལ་ཆེན་དངོས་འབེབ་དོན་འཁྱོལ་བྱས་ཏེ། བློ་སེམས་གཅིག་སྒྲིལ་སྒོས་གནད་ཕིགས་དབུལ་སྐྱོར་དང་།  ཐོན་ལས་གསོ་སྤེལ། དམངས་ཕན་དམངས་བདེ་དང་། འཇོན་མིས་བློ་གྲོས་ལ་དམིགས་ནས་རོགས་སྐྱོར་དང་མཉམ་ལས་ཀྱི་རྐྱེན་སྲོལ་འཛུགས་ཏེ། མཚོ་ནུབ་ཀྱིས་རང་སྤེལ་ནུས་པར་རོགས་འདེགས་བྱས་ནས།ཀྲེ་ཅིང་གིས་མཚོ་ནུབ་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་ལེན་པར་ནུས་པ་བཏོན་དགོས་ཤིང་།མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་སྦྱོར་བ་དངོས་ཀྱི་སྟེང་ནས་གུང་ཁྲན་ཏང་བཟང་།སྤྱི་ཁྱབ་ཧྲུའུ་ཅི་བཟང་།  སྤྱི་ཚོགས་རིང་ལུགས་བཟང་།ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ཡིན་པའི་དབྱངས་རྟ་ངག་ལ་གྱེར་པ་དང་།ཀྲེ་ཅིང་དང་མཚོ་ནུབ་གཉིས་ཀྱི་མཉམ་དུ།རྒྱུད་གཅིག་ལམ་གཅིག་གི་གོ་སྐབས་བཟང་བོ་དམ་འཛིན་བྱས་ནས། ཐོན་ལས་དང་ཐོན་ཁུངས།དངོས་ཟོག་སྐྱེལ་འདྲེན། ཚན་རིག་གསར་སྐྲུན། གནས་སྐོར།རིག་གནས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཇེ་ཟབ་ཏུ་བཏང་སྟེ། ནུས་ཤུགས་ཡོད་རྒུས་ས་གནས་གཉིས་ཀྱི་མཛའ་མཐུན་མཉམ་ལས་ལ་སྐས་རིམ་གསར་བ་ཞིག་ཏུ་སླེབས་ཐུབ་པ་བྱེད་དགོས་ཞེས་བསྟན།

རྟོག་ཞིབ་བྱེད་པའི་སྐབས་སུ། ཡོན་ཅཱ་ཅུན་གྱིས་ད་དུང་ཀྲེ་ཅིང་ཞིང་ཆེན་གྱི་སྐོར་ཐེངས་གསུམ་པའི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་འཇོན་མི་དང་ཀྲེ་ཅིང་གི་ཚོང་པའི་འཐུས་ཚབ་ལ་སྐོར་བརྒྱབ་པ་དང་།  ཁོ་ཚོ་ལ་སྤྱི་ཡོངས་ལ་དམིགས་པའི་སེམས་འདུན་གྱིས་མཚོ་སྔོན་ལ་རྐང་བཙུགས་ཏེ། དངོས་ཐོག་བདེན་འཚོལ་དང་དཀའ་སྤྱད་རང་གཅུན། བྱས་རྗེས་མཉམ་འབུལ་གྱི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་སྙིང་སྟོབས་དང་དུས་རབས་གསར་བའི་ཀྲེ་ཅིང་གི་ཚོང་ལས་ཀྱི་སྙིང་སྟོབས་དར་སྤེལ་བྱས་ནས། སྤྱོད་པ་དངོས་ཀྱི་སྟེང་ནས་ཞིང་ཆེན་གཉིས་ཀྱི་མཉམ་ལས་བརྗེ་རེས་ལ་ཟམ་པ་ལྟ་བུའི་ནུས་པ་འདོན་དགོས་པའི་རེ་བ་བཏོན།

ཁུལ་ཨུའི་ཧྲུའུ་ཅི་ཝུན་ཀུའོ་ཏུང་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་མེང་ཧའེ་།ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཀྲའོ་ལུང་ཞང་།  ཁུལ་ཨུའི་རྒྱུན་ཨུ་ཧྲི་ཚུན་བུའོ།སུང་ལི་མིན། ཕན་ཅན་ཀྲང་། ལང་ཡན་ཀུའོ་སོགས་འབྲེལ་ཡོད་བྱ་འགུལ་ལ་ཞུགས།

གོང་མ།:ཁྲིམས་ལྟར་ནག་གཤེད་ཕྱོགས་གཏོགས་ཀྱི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་ནན་པོ་གཏོང་རྒྱུའི་སྐོར་གྱི་བརྡ་ཁྱབ།

ཞོལ་མ།:རང་ཁུལ་གྱིས་ཚོང་གཏམ་གྲོས་ཚོགས་ཀྱི་གྲ་སྒྲིག་ཚོགས་འདུ་ཐེངས་གཉིས་པ་འཚོགས།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235