མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

༢༠༡༨ལོའི་ཀྲུང་གོའི་མཚོ་སྔོན་ཕིན་ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་ལག་རྩལ་བགྲོ་གླེང་ཚོགས་འདུ་ཟི་ལིང་དུ་བསྡུས།

ཡོང་ཁུངས།:  སྤེལ་དུས།:2018-06-27  རྩོམ་པ་པོ།:  རྩོམ་སྒྲིག་པ།:    ཀློགས་གྲངས།:

ཉེ་ཆར།མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྐབས་བཅོ་བརྒྱད་པའི་བྱ་འགུལ་གྱི་གྲས་ཤིག་ཏེ།༢༠༡༨ལོའི་ཀྲུང་གོའི་མཚོ་སྔོན་ཕིན་ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་ལག་རྩལ་བགྲོ་གླེང་ཚོགས་འདུ་ཟིང་དུ་བསྡུས།

བགྲོ་གླེང་ཚོགས་ལ་ཁུལ་སྲིད་གཞུང་དང་ཚྭ་འདམ་འཁོར་རྒྱུག་དཔལ་འབྱོར་ཚོད་ལྟ་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་གིས་གཙོ་སྒྲུབ་གནང་བ་དང་།ཚྭ་འདམ་ཆེ་བ་སྲིད་འཛིན་ཨུ་ལྷན་ཁང་དང་ཚྭ་འདམ་ཆེ་བ་བཟོ་ལས་གླིང་དོ་དམ་ཨུ་ཡོན་ལྷན་ཁང་གིས་འགན་སྒྲུབ་བྱས།ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་ལེང་ཡན་གའོ་གྲོས་ཚོགས་ལ་ཞུགས་པ་མ་ཟད་ཤིས་ཚིག་ཕུལ།ཁུལ་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཡིན་ཧེ་མིན་གྱིས་མགོ་འཛིན་བྱས།ཞིང་ཆེན་དཔལ་འབྱོར་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་དཔལ་འབྱོར་དང་ཆ་འཕྲིན་ཅན་ཨུ་ཡོན་ལྷན་ཁང་སོགས་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་འབྲེལ་ཡོད་འགན་ཁུར་མི་སྣ་བགྲོ་གླེང་ཚོགས་འདུར་ཞུགས།

ཐེངས་འདིའི་བགྲོ་གླེང་གྲོས་ཚོགས་ཀྱིས་ལྗང་མདོག་འཁོར་རྒྱུག་དཔལ་འབྱོར་འཕེལ་རྒྱས་གཙོར་བཟུང་ནས་ཕིན་ཐོན་ལས་ཀྱི་རྟེན་གཞི་བསྐྲུན་ཞེས་པ་བརྗོད་བྱར་བཟུང་ཡོད།ཚོགས་འདུའི་སྟེང་།ཧྲིན་དབྱང་རྫས་འགྱུར་བཟོ་ལས་སློབ་ཆེན་གྱི་དགེ་རྒན་བཱང་ཀའོ་ཧྲིན་དང་མཚོ་སྔོན་ཚྭ་མཚེའུ་ཞིབ་འཇུག་ཁང་གི་ཚན་ཞིབ་པ་གའོ་ཏན་ཏན།ཏ་ལེན་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་གྱི་དགེ་རྒན་ཀྲུན་ཅན་ཞཏན་ཏུང་རྫས་འགྱུར་བཟོ་ལས་ཞིབ་འཇུག་ཁང་གི་དགེ་རྒན་ཁན་ཁུན་།ཏ་ལེན་ཅིན་མཱ་ཕིན་ལས་ཚན་རྩལ་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་སྤྱི་གཉེར་བ་ལི་ཞོས་པིན་བཅས་ཀྱིས་གཏམ་བཤད་གནང་བ་མ་ཟད་ཉམས་མྱོང་མཉམ་སྤྱོད་བྱས།དེའི་རྗེས་སུ་འཚོགས་པའི་ཕིན་ཐོན་ཁུངས་ཀྱི་བཞུགས་མོལ་གྲོས་ཚོགས་སྟེང་།ཚོགས་ཞུགས་ཆེད་མཁས་པ་དང་ཁེ་ལས་པ་རྣམས་ཀྱིས་ཚྭ་འདམ་ཆེ་བའི་ཚྭ་མཚེའུ་ཐོན་ཁུངས་གསར་སྤེལ་དང་།ལྷག་པར་དུ་ཕིན་གྱི་ཐོན་ཁུངས་གསར་སྤེལ་དང་གཏིང་ཟབ་པའི་སྒོ་ནས་ལས་སྣོན་དང་།ཟུར་སྣོན་རིན་ཐང་ཇེ་མཐོར་གཏོང་བའི་ཕྱོགས་ནས་ཇུས་གཞི་བཏོན་ཏེ།རང་ཁུལ་གྱི་ཕིན་ཐོན་ལས་ཀྱི་འཕེལ་རྒྱས་ལ་རོགས་འདེགས་བྱས།

      ཧྲིན་དབྱང་རྫས་འགྱུར་བཟོ་ལས་སློབ་ཆེན་གྱི་དགེ་རྒན་བཱང་ཀའོ་ཧྲིན་གྱིས་བཤད་རྒྱུར།ང་ཚོས་ཕྱོགས་གཅིག་ནས་ཕིན་སྐྱུར་ལག་རྩལ་གྱི་ལྷད་མེད་རྫས་འགྱུར་བཟོ་ལས་ལ་ཞིབ་འཇུག་བྱེད་དགོས་པ་དང་།ཕྱོགས་གཞན་ཞིག་ནས་མཚོ་སྔོན་དུ་ཡོད་པའི་ཅཱ་དང་ལིས་བེད་སྤྱོད་བྱས་ནས།ཇི་ལྟར་ཕིན་དང་ཟུང་འབྲེལ་བྱས་ཏེ་ཕྱོགས་བསྡུས་བེད་སྤྱོད་བྱེད་དགོས་པ་དེ་ཡིན་ལ།ཡར་སྔོན་ངས་བཤད་པ་ལྟར།ཕིན་སྐྱུར་ལིས་དང་ཕིན་སྐྱུར་ཅཱ་སོགས་ང་ཚོར་ལེགས་ཆ་ཡོད་པའི་གཞི་རྒྱུ་ཡིས་འདྲེས་སྦྱོར་རྒྱུ་ཆ་ལས་དགོས་ཏེ།འདི་ལྟར་བྱས་ཚེ་མིང་རྟགས་བསྐྲུན་ཐུབ་པ་མ་ཟད།རྒྱལ་ནང་གི་ཕིན་གྱི་སྲོག་ཤིང་རྟེན་གཞི་ཞིག་ཀྱང་བསྐྲུན་ཐུབ་ཟེར།

འཚམས་སྦྱོར་བྱས་པ་ལྟར་ན།ཚྭ་འདམ་གཤོང་ས་ནི་ཕིན་ཐོན་ཁུངས་ཕུན་སུམ་ཚོགས་པའི་གནས་ཤིག་ཡིན་ལ།དབྱང་གསུམ་ཕིན་གཉིས་རྫས་ཀྱི་གསོག་ཚད་ནི་ཏུན་བྱེ་བ་གཅིག་ས་ཡ་གཅིག་འབུམ་བདུན་ཁྲི་བཞི་དང་སྟོང་གཅིག་ལ་ཐོན་འདུག།ཉེ་བའི་ལོ་འགའི་རིང་ལ།ཕིན་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་ལ་ལེགས་པོ་ཡིན་པ་རེད།ཏག་ཏག༢༠༡༨ལོའི་ལོ་སྟོད་དུ།ཕིན་སྐྱུར་ཏུན་བྱེ་བ་བདུན་ས་ཡ་ལྔ་ཐོན་སྐྱེད་བྱུང་བས་བཟོ་ལས་ཀྱི་སྤྱིའི་ཐོན་འབོར་སྒོར་བྱེ་བ་གཉིས་ས་ཡ་བདུན་འབུམ་ལྔ་ཁྲི་བདུན་དང་བཟོ་ལས་ཀྱི་འཕར་སྣོན་གྲངས་སྒོར་ས་ཡ་དགུ་འབུམ་གསུམ་ཁྲི་གཉིས་མངོན་འགྱུར་བྱུང་།ཕུན་སུམ་ཚོགས་པའི་ཕིན་ཐོན་ཁུངས་གཞིར་བཟུང་ནས་རང་ཁུལ་གྱིས་ཧུར་བརྩོན་སྒོས་རྒྱུད་གཅིག་ལམ་གཅིག་གི་འཕེལ་རྒྱས་ཀྱི་འཐབ་ཇུས་ཁྲོད་འདྲེས་པར་བྱས་ཏེ།ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་དང་གཟིགས་སྐྱོང་སྲིད་ཇུས་དངོས་འབེབས་བྱས་པ།ལས་གཞི་དངུལ་འདྲེན་ལ་ཤུགས་སྣོནབྱས་པ་དང་།མཚོ་བོད་ལྕགས་ལམ་དང་གཞུང་ལམ་དྲྭ་བར་བརྟེན་ནས་བོད་ལྗོངས་ཀྱི་ཕིན་ཐོན་ཁུངས་འདུས་སྡོད་གནས་ལ་ཁེ་ཕན་ཐོབ་པ་དང་།ཞིབ་གཉེར་ཅན་གྱི་ཕིན་ཐོན་རྫས་འཕེལ་རྒྱས་སུ་བཏང་ནས།ནུས་ཤུགས་ཡོད་རྒུས་ཐོན་ཁུངས་སྔོག་འདོན་དང་ཐོན་རྫས་ཀྱི་ཐོག་མའི་ལས་སྣོན།ཐོན་རྫས་ཞིབ་ཚགས་ཅན་གྱི་ལས་སྣོན་བྱེད་པ་བསྐྲུན་ནས།ཕིན་ཐོན་ཁུངས་གོ་རིམ་ངང་འཁོར་རྒྱུག་བེད་སྤྱོད་བྱེད་པ་མངོན་འགྱུར་བྱུང་།

                 དབང་རྒྱལ་དོན་གྲུབ་ཀྱིས་བསྒྱུར།

གོང་མ།:ཁུལ་གྱི་འགོ་ཁྲིད་ཀྱིས་ཟི་ལིང་དུ་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ལ་ཕེབས་པའི་སྐུ་མགྲོན་ལ་མཇལ་འཕྲད་གནང་།

ཞོལ་མ།:ཁྲིམས་ལྟར་ནག་གཤེད་ཕྱོགས་གཏོགས་ཀྱི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་ནན་པོ་གཏོང་རྒྱུའི་སྐོར་གྱི་བརྡ་ཁྱབ།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235