མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

ཁུལ་གྱི་འགོ་ཁྲིད་ཀྱིས་ཟི་ལིང་དུ་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ལ་ཕེབས་པའི་སྐུ་མགྲོན་ལ་མཇལ་འཕྲད་གནང་།

ཡོང་ཁུངས།:  སྤེལ་དུས།:2018-06-27  རྩོམ་པ་པོ།:  རྩོམ་སྒྲིག་པ།:    ཀློགས་གྲངས།:

ཉེ་ཆར།ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་མིན་ཧེ། ཁུལ་དཔོན་གཞོན་པ་ཏེན་ཀྲོང་པཱའོ་གཉིས་ཀྱིས་ཟི་ལིང་དུ་ཅིན་ཐེན་ཉི་འོད་དངུལ་གཏོང་སྡེ་ཚོགས་ཀུང་ཟིའི་ལས་འཛིན་དཔོན་ཅིན་བཱེ་ཧེ་དང་ཐེན་ཧོང་ཉི་འོད་ནུས་ཁུངས་གསར་བ་དངུལ་གཏོང་ཚད་ཡོད་ཀུང་ཟིའི་ལས་འཛིན་དཔོན་ཧོན་ཞའོ་ཧོང་དཔང་ཞཱའོ་ཧྭོང་འཁོར་དང་བཅས་པར་མཇལ་འཕྲད་གནང་།

མིན་ཧེ་ཡིས་ཅིན་ཐེན་ཉི་འོད་དངུལ་གཏོང་སྡེ་ཚོགས་ཀུང་ཟིའི་ལས་འཛིན་དཔོན་ཅིན་བཱེ་ཧེ་དང་བཞུགས་མོལ་བྱེད་སྐབས་རང་ཁུལ་གྱི་གཞི་རྩའི་གནས་ཚུལ་དང་ཕྱི་ཕྱོགས་ལ་མཉམ་འབྲེལ་བྱེད་པའི་ཆ་རྐྱེན་ལེགས་པོ་ངོ་སྤྲོད་ཞིབ་མོ་བྱས། མིན་ཧེ་ཡིས་བསྟན་དོན།  ཅིན་ཐེན་ཉི་འོད་དངུལ་གཏོང་སྡེ་ཚོགས་ཀུང་ཟི་ནི་ཀྲེ་ཅང་གི་དམངས་གཉེར་ཁེ་ལས་གྲགས་ཅན་ཞིག་ཡིན་ལ།ཀུང་ཟིའི་ལས་སྒོ་ཁྱབ་ཁོངས་མང་པོ་ཞིག་དང་འབྲེལ་ཡོད་ཅིང་།མཚོ་ནུབ་ཀྱི་མ་འོངས་པའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ནུས་པ་གལ་ཆེན་འདོན་ཐུབ་པ་དང་།ཕྱོགས་གཉིས་ཀའི་མཉམ་འབྲེལ་གྱི་བར་སྟོང་ཤིན་ཏུ་ཆེ་བ་བསྟན་པར་མ་ཟད། ཅིན་ཐེན་ཉི་འོད་དངུལ་གཏོང་སྡེ་ཚོགས་ཀུང་ཟི་མཚོ་ནུབ་ཏུ་དངུལ་གཏོང་བྱེད་པ་དང་ལས་རིགས་གཉེར་དུ་ཡོང་ནས་མཚོ་ནུབ་ཀྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ལ་རོགས་འདེགས་བྱེད་དགོས་པའི་རེ་བའང་བཏོན།

ཅིན་བཱེ་ཧེ་ཡིས་ཀུང་ཟིའི་འཕེལ་རྒྱས་ཀྱི་བརྒྱུད་རིམ་དང་རྒྱལ་ཡོངས་ནས་བཀོད་སྒྲིག་གནས་ཇི་ལྟར་བཀོད་སྒྲིག་བྱས་ཡོད་ཚུལ་ངོ་སྤྲོད་བྱས་པ་དང་།ཁོས་བསྟན་དོན།  ཁེ་ལས་ཀྱི་འཕེལ་རྒྱས་ལ་ས་གནས་སྲིད་གཞུང་གི་རྒྱབ་སྐྱོར་ནི་མེད་དུ་མི་རུང་བས། གོམ་པ་རྗེས་མར། མཚོ་ནུབ་ཁུལ་ཨུ་དང་ཁུལ་སྲིད་གཞུང་ལ་བསམ་བློ་བརྗེ་རེས་དང་སྦྲེལ་མཐུད་གང་ལེགས་བྱས་ཏེ། ཧུར་ཐག་གིས་མཚོ་ནུབ་ཀྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བྱས་ནས་ཕྱོགས་གཉིས་ཀ་མཉམ་འཕེལ་མཉམ་རྒྱལ་བྱེད་པ་མངོན་འགྱུར་བྱེད་རྒྱུ་ཡིན་པ་བསྟན།

ཏེན་པཱའོ་ཀྲོང་གིས་ཐེན་ཧྭོང་ཉི་འོད་ནུས་ཁུངས་གསར་བ་དངུལ་གཏོང་ཚད་ཡོད་ཀུང་ཟིའི་ལས་འཛིན་དཔོན་དཔང་ཞཱའོ་ཧྭོང་འཁོར་དང་བཅས་པར་དམག་དམངས་མཉམ་འདྲེས་ཐོན་ལས་ཀྱི་མཉམ་འབྲེལ་ལས་དོན་ཐད་ལ་བཞུགས་མོལ་བྱེད་སྐབས་བསྟན་དོན།མཚོ་ནུབ་ཀྱིས་དམག་དམངས་མཉམ་འདྲེས་ཐོན་ལས་ཀྱི་འཛུགས་བསྐྲུན་དང་ཁྱབ་གདལ་ལ་ཚད་མཐོན་པོའི་གདེང་འཇོག་བྱེད་ཀྱིན་ཡོད་ལ།རྗེས་ཕྱོགས་སྔོན་ཐོན་གྱི་དམག་གཉེར་ཁེ་ལས་བཟོ་གྲྭ་དང་དམག་དམངས་མཉམ་འདྲེས་ཀྱི་ལས་གཞིའི་རྣམས་གྲངས་མཚོ་ནུབ་ཏུ་རྐང་ཚུགས་སུ་བཅུག་སྟེ། ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་དང་ལྗང་མདོག་འཕེལ་རྒྱས་ལ་རོགས་འདེགས་བྱས་ནས། དམག་དམངས་མཉམ་འདྲེས་དང་མཉམ་ལས་གསར་གཏོད་འཕེལ་རྒྱས་ཐད་ཀྱི་ལམ་བུ་གསར་བ་ཞིག་འཚོལ་བསྙེག་བྱེད་རྒྱུ་ཡིན་པ་བསྟན།

དཔང་ཞཱའོ་ཧྭོང་གིས་བསྟན་དོན།   ཐེན་ཧྭོང་ཉི་འོད་ནུས་ཁུངས་གསར་བ་དངུལ་གཏོང་ཚད་ཡོད་ཀུང་ཟིས་མཚོ་ནུབ་ཁུལ་ཨུ་དང་ཁུལ་སྲིད་གཞུང་ལ་འབྲེལ་འདྲིས་གཏིང་ཟབ་བྱེད་པ་དང་། ནུས་ཤུགས་ཡོད་རྒུས་མཚོ་ནུབ་ཀྱི་དམག་དམངས་མཉམ་འདྲེས་ཀྱི་ཐོན་ལས་མཉམ་འབྲེལ་ལ་རྒྱབ་སྐྱོར་བྱས་ཏེ་དམག་དམངས་མཉམ་འདྲེས་ཀྱི་གཏིང་ཟབ་འཕེལ་རྒྱས་ལ་ཁེ་ལས་ཀྱི་ནུས་པ་གང་ལེགས་འདོན་རྒྱུ་ཡིན་པ་བསྟན།

                                                 རྣལ་འབྱོར་རྒྱལ་གྱིས་བསྒྱུར།

གོང་མ།:དངུལ་གཏོང་གི་ཁོར་ཡུག་ལེགས་པོར་བསྐྲུན་ནས་ལས་གཞི་གསར་བ་ནང་འདྲེན་བྱས།

ཞོལ་མ།:༢༠༡༨ལོའི་ཀྲུང་གོའི་མཚོ་སྔོན་ཕིན་ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་ལག་རྩལ་བགྲོ་གླེང་ཚོགས་འདུ་ཟི་ལིང་དུ་བསྡུས།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235